ཀའོ་ཅུས་ལིན།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2020-12-28 14:58ལ་འགྲུབ།

ཀའོ་ཅུས་ལིན།

ཀའོ་ཅུས་ལིན།
ཀའོ་ཅུས་ལིན། ཕོ། སྤྱི་ལོ1964ལོའི་ཟླ11པར་སྐྱེས། ནང་སོག་ཨེར་ཏུའོ་སི་གྲོང་ཁྱེར་གྱི་མི་ཡིན། རྒྱ་རིགས། ཀྲུང་གུང་ཏང་ཡོན། ཧྲན་ཏུང་ཞིང་ལས་སློབ་ཆེན་གྱི་ཞིང་ལས་རིག་པའི་འབུམ་རམས་པའི་བསླབ་གནས་ལྡན། ད་ལྟ་ནང་སོག་ཞིང་ལས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ནང་སོག་ཞིང་ལས་སློབ་ཆེན་གྱི་སློབ་གཙོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高聚林
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ11པར་སྐྱེས།
རྒྱལ་ཁོངས།
ཀྲུང་གོ།
​ལས་རིགས། 
ནང་སོག་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ནང་སོག་ཨེར་ཏུའོ་སི་གྲོང་ཁྱེར།
ཚབ་མཚོན་བརྩམས་ཆོས།
《ལོ་ཏོག་འདེབས་གསོ་རིག་པ》དང《དཔྱིད་ཀའི་མ་རྨོས་ལོ་ཏོག་འདེབས་གསོའི་ལག་རྩལ》སོགས་ཡོད།
1 སློབ་སྦྱོང་གི་བརྒྱུད་རིམ།

སྤྱི་ལོ1988ལོར་ནང་སོག་ཞིང་འབྲོག་སློབ་གླིང་གི་ཞིང་ལས་རིག་པའི་དངོས་གཞིའི་ཚན་ཁག་ནས་སློབ་མཐར་ཕྱིན་པ་དང་ཤེས་རམས་པའི་བསླབ་གནས་ཐོབ།

སྤྱི་ལོ1991ལོར་སློབ་གླིང་དེའི་ལོ་ཏོག་འདེབས་གསོ་རིག་པ་དང་རྨོ་ལས་རིག་པའི་ཞིབ་འཇུག་སློབ་མ་སློབ་མཐར་ཕྱིན། རབ་འབྱམས་པའི་སློབ་གནས་ཐོབ། ལོ་དེར་སློབ་གྲྭ་དེ་ནས་དགེ་རྒན་བྱས།

སྤྱི་ལོ1998ལོ་ནས་སྤྱི་ལོ2001ལོའི་བར། ཧྲན་ཏུང་ཞིང་ལས་སློབ་གྲྭ་ཆེན་མོའི་ལོ་ཏོག་འདེབས་གསོ་རིག་པ་དང་རྨོ་ལས་རིག་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མཐར་ཕྱིན། ཞིང་ལས་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ།

སྤྱི་ལོ2007ལོའི་ཟླ1པོ་ནས་སྤྱི་ལོ2007ལོའི་ཟླ3པའི་བར། འཇར་པན་ཅིང་ཏུའུ་སློབ་ཆེན་ཞིང་ལས་རིག་པའི་པུའུ་ཡི་མཐོ་རིམ་འཚམས་འདྲི་མཁས་དབང་བྱས།

2 བྱ་བའི་བརྒྱུད་རིམ།

དེ་སྔ་ནང་སོག་ཞིང་ལས་སློབ་གྲྭ་ཆེན་མོའི་ལོ་ཏོག་རིག་པའི་རིམ་པ་དང་པོའི་རིག་ཚན་གྱི་ཀྲུའུ་རེན་དང་། འབུམ་རམས་པའི་སློབ་དཔོན། སློབ་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས་མྱོང་། ནང་སོག་ཞིང་ལས་སློབ་ཚོགས་དང་ལོ་ཏོག་སློབ་ཚོགས་ཀྱི་ལས་འཛིན་གཅིག་ལྕོགས་དང་། ནང་སོག་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱི་ཨུ་ཡོན།(ཞིང་ལས་རིག་པ་ཚོགས་ཆུང་གི་ཙུའུ་ཀྲང) ནང་སོག་རང་སྐྱོང་ལྗོངས་སྐབས་ལྔ་པའི་ས་བོན་ཞིབ་བཤེར་གཏན་འབེབས་ཨུ་ལྷན་གྱི་རྒྱུན་ཨུ། ཞིང་ལས་པུའུ་ཡི་ཚན་རྩལ་དུད་ཚང་དུ་བསྐྱོད་པའི་ལས་གཞིའི་ནང་སོག་གི་མ་རྨོས་ལོ་ཏོག་གི་ཆེད་མཁས་པ། ཞིང་ལས་པུའུ་ཡི་མ་རྨོས་ལོ་ཏོག་གི་ཆེད་མཁས་མཛུབ་ཁྲིད་ཨུ་ལྷན་གྱི་ཨུ་ཡོན། ནང་སོག་རང་སྐྱོང་ལྗོངས་ཚན་རྩལ་ཆེད་དོན་ཆེད་མཁས་ཅན་ཨུ་ལྷན་གྱི་ཨུ་ཡོན། ནང་སོག་རང་སྐྱོང་ལྗོངས་ཚན་རྩལ་རྣམ་གྲངས་དཔྱད་ཞིབ་ཆེད་མཁས་པ་བཅས་ཡིན་པ་རེད།

སྤྱི་ལོ2015ལོའི་ཟླ12པ་ནས་སྤྱི་ལོ2018ལོའི་ཟླ7པའི་བར། ནང་སོག་ཞིང་ལས་སློབ་ཆེན་ལས་རིགས་ལག་རྩལ་སློབ་གླིང་གི་ཡོན་ཀྲང་གི་འགན་བཞེས།

སྤྱི་ལོ2018ལོའི་ཟླ7པ་ནས། ནང་སོག་ཞིང་ལས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ནང་སོག་ཞིང་ལས་སློབ་ཆེན་གྱི་སློབ་གཙོའི་འགན་བཞེས་པ་རེད།

3 ལས་གནས་བསྐོ་འཐེན།

སྤྱི་ལོ2017ལོའི་ཟླ2པར། བློ་མཐུན་ཀའོ་ཅུས་ལིན་ནང་སོག་ཞིང་ལས་སློབ་ཆེན་ལས་རིགས་ལག་རྩལ་སློབ་གླིང་གི་ཡོན་ཀྲང་ལ་བསྐོ་གཞག་བྱས་པ་དང་། ལས་འགན་འཁུར་བའི་དུས་ཚོད་ནི་སྤྱི་ལོ2015ལོའི་ཟླ10པ་ནས་བརྩི་རྒྱུ་བྱས་པ་རེད།

སྤྱི་ལོ2018ལོའི་ཟླ7པར་ནང་སོག་ཞིང་ལས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པར་བསྐོ་གཞག་བྱེད་རྩིས་ཡོད་པ་དང་། ནང་སོག་ཞིང་ལས་སློབ་ཆེན་གྱི་སློབ་གཙོར་མིང་འདོན་བྱེད་རྩིས་ཡོད།

སྤྱི་ལོ2018ལོའི་ཟླ7པའི་ཚེས20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་སུན་ཧུང་མེ་ཡིས་རང་རེའི་སློབ་གྲྭའི་སྲིད་འཛིན་ཐོག་ཁང་གི་ཚོགས་ཁང་བདུན་པར་སློབ་གྲྭའི་འགོ་ཁྲིད་ཚན་ཁག་གི་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། རང་རེའི་སློབ་གྲྭའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པ་བསྐོ་འཐེན་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུའི་གཏན་འབེབས་ཁྱབ་བསྒྲགས་གནང་བ་རེད། བློ་མཐུན་ཀའོ་ཅུས་ལིན་ལགས་ནང་སོག་ཞིང་ལས་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པར་བདམས་པ་རེད། ནང་སོག་ཞིང་ལས་སློབ་ཆེན་གྱི་སློབ་གཙོར་མིང་འདོན་བྱས་པ་དང་། ནང་སོག་ཞིང་ལས་སློབ་ཆེན་ལས་རིགས་ལག་རྩལ་སློབ་གླིང་གི་ཡོན་ཀྲང་གི་གོ་གནས་ཕྱིར་འཐེན་བྱས།

4 མཛད་རྗེས་གཙོ་བོ།

དུས་ཡུན་རིང་པོར་ལོ་ཏོག་འདེབས་གསོ་དང་ལོ་ཏོག་འདེབས་ལུགས། ཞིང་ལས་སྐྱེ་ཁམས་ལ་སོགས་པའི་རིག་གཞུང་ཚན་ཁག་གི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ལས་ཀ་བསྒྲུབ། མཉམ་ལས་མཛུབ་ཁྲིད་ཀྱིས་རབ་འབྱམས་པའི་ཞིབ་འཇུག་སློབ་མ32དང་འབུམ་རམས་པ2གསོ་སྐྱོང་བྱས་ཡོད། 《ལོ་ཏོག་འདེབས་གསོའི་རིག་པ》དང་། 《དཔྱིད་ཀའི་མ་རྨོས་ལོ་ཏོག་འདེབས་གསོའི་ལག་རྩལ》《ཞིང་ལས་རིག་པའི་རྨང་གཞིའི་ཤེས་བྱ་དང་ལག་ལེན》སོགས་སློབ་དེབ་དང་ཚན་རྩལ་ཁྱབ་གདལ་ཀློག་དེབ་རྩོམ་སྒྲིག་གི་ལས་ཀའི་ནང་ཞུགས་ཡོད། སྔ་རྗེས་སུ་ནང་སོག་གི་ལོ་ཏོག་ཆེ་གྲས་བཞི་སྟེ་གྲོ་དང་། མ་རྨོས་ལོ་ཏོག ཞོག་ཁོག སྲན་ཆེན་བཅས་ཐོན་འབབ་མཐོ་བའི་འདེབས་གསོ་སྐྱེ་ལུགས་དང་། འདེབས་འཛུགས་ལེགས་འགྱུར། ཐབས་ཇུས་རྒྱབ་སྐྱོར་མ་ལག་གི་བྱ་བ་ལེགས་འགྲུབ་བྱས། རྒྱལ་ནང་གི་རིག་གཞུང་དུས་དེབ་དང་རིག་གཞུང་གྲོས་ཚོགས་ཐོག་རིག་གཞུང་དཔྱད་རྩོམ112ཡོངས་བསྒྲགས་སུ་སྤེལ། ནང་སོག་ལོ་ཏོག་གི་ས་བོན་ཞིབ་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་གཟན་སྤྱོད་མ་རྨོས་ལོ་ཏོག་གི་སྣ་ཁ2ངོས་འཛིན་བྱུང་བ་དེས། རང་སྐྱོང་ལྗོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར12.4ཡིས་འཕར་སྣོན་བྱུང་དུ་བཅུག་ཡོད། 

5 བྱ་དགའ་ཐོབ་པའི་གནས་ཚུལ།

རང་སྐྱོང་ལྗོངས་ཀྱི“321”ཤེས་ལྡན་མི་སྣའི་ལས་གཞི་དང་། སློབ་གསོའི་ཁོངས་གཏོགས་ཀྱི“111”ཤེས་ལྡན་མི་སྣའི་ལས་གཞིའི་རིམ་པ་གཉིས་པའི་འོས་མི། “སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་འཆར་གཞིར”བདམས་ཐོན་བྱུང་།

ནང་སོག་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ་ཐོབ། རྒྱལ་ཁབ་ཞིང་འབྲོག་ཉ་ལས་ཀྱི་ལོ་ལེགས་བྱུང་བའི་འཆར་གཞིའི་བྱ་དགའ་ཨང་གཉིས་པ1དང་། ཨང་དང་པོ1 ཨང་གཉིས་པ1ཐོབ་ཡོད། ཨང་གཉིས་པའི་བྱ་དགའ་ཁག3དང་། ཨང་གསུམ་པའི་བྱ་དགའ་ཁག1བཅས་ཐོབ་ཡོད་པ་རེད།

དཔྱད་གཞིའི་ཡིག་ཆ།