ལིའུ་ཆན་ཀུའེ།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2020-12-28 14:55ལ་འགྲུབ།

ལིའུ་ཆན་ཀུའེ།

ལིའུ་ཆན་ཀུའེ།
ལིའུ་ཆན་ཀུའེ། རྒྱ་རིགས། སྤྱི་ལོ1966ལོའི་ཟླ10པར་སྐྱེས། ནང་སོག་ཧུའུ་ཧོ་ཧའོ་ཐེ་ཧོ་ལིན་ཀེར་རྫོང་གི་མི་ཡིན། ད་ལྟ་ནང་སོག་སྒྱུ་རྩལ་སློབ་གླིང་གི་ཏང་ཨུའི་ཨུ་ཡོན་དང་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘前贵
སྐྱེས་ལོ།
སྤྱི་ལོ1966ལོའི་ཟླ10པར་སྐྱེས།
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧུའུ་ཧོ་ཧའོ་ཐེ་ཧོ་ལིན་ཀེར་རྫོང་།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1989ལོའི་ཟླ7པར་པེ་ཅིན་དགེ་ཐོན་སློབ་ཆེན་སྐུད་མེད་གློག་གི་གློག་རྡུལ་རིག་པའི་སྡེ་ཁག་ནས་སློབ་མཐར་ཕྱིན། ལོ་དེར་ནང་སོག་དགེ་ཐོན་སློབ་ཆེན་དུ་ལས་བགོས་བྱས།

སྤྱི་ལོ1989ལོའི་ཟླ9པ་ནས་སྤྱི་ལོ1992ལོའི་ཟླ4པའི་བར། ནང་སོག་དགེ་འོས་སློབ་ཆེན་གྱི་གློག་སྤྱད་སློབ་གསོའི་སྡེ་ཁག་ཏུ་སློབ་ཁྲིད་གནང་།

སྤྱི་ལོ1996ལོའི་ཟླ3པར་ནང་སོག་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་སློབ་མའི་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2005ལོའི་ཟླ11པ་ནས་སྤྱི་ལོ2010ལོའི་ཟླ9པའི་བར། ཞིན་ཨན་ལས་རིགས་ལག་རྩལ་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གི་འགན་ཁུར།

སྤྱི་ལོ2010ལོའི་ཟླ9པ་ནས་སྤྱི་ལོ2014ལོའི་ཟླ10པའི་བར། ནང་སོག་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཨུ་ཡོན་དང་སློབ་གཙོ་གཞོན་པའི་འགན་ཁུར།

སྤྱི་ལོ2014ལོའི་ཟླ10པ་ནས་སྤྱི་ལོ2016ལོའི་ཟླ5པའི་བར། ཅི་ཉིང་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གི་འགན་བཞེས།

སྤྱི་ལོ2016ལོའི་ཟླ5པར། ཅི་ཉིང་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

པེ་ཅིན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གསོ་དཔལ་འབྱོར་དང་དོ་དམ་ཆེད་ལས་ཀྱི་ཡོན་ཚད་མཚུངས་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་དང་། བསམ་བློ་ཆབ་སྲིད་ཞིབ་འཇུག་པ་ཡིན།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2016ལོའི་ཟླ5པར། བློ་མཐུན་ལིའུ་ཆན་ཀུའེ་དགེ་འོས་སློབ་གླིང་གི་ཡོན་ཀྲང་གི་གོ་གནས་མེད་པར་བཟོས།

སྤྱི་ལོ2016ལོའི་ཟླ5པར། ཅི་ཉིང་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2019ལོའི་ཟླ9པར། བློ་མཐུན་ལིའུ་ཆན་ཀུའེ་ཡིས་ནང་སོག་སྒྱུ་རྩལ་སློབ་གླིང་གི་ཏང་ཨུའི་ཨུ་ཡོན་དང་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

དཔྱད་གཞིའི་ཡིག་ཆ།