ཀྲུའུ་ཡུས་ཏུང་།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2020-12-28 14:55ལ་འགྲུབ།

ཀྲུའུ་ཡུས་ཏུང་།

ཀྲུའུ་ཡུས་ཏུང་།
ཀྲུའུ་ཡུས་ཏུང་། རྒྱ་རིགས། སྤྱི་ལོ1964ལོའི་ཟླ11པར་སྐྱེས། ནང་སོག་ཁྲི་ཧྥེང་གྲོང་ཁྱེར་ཨའོ་ཧན་ཆི་ཡི་མི་ཡིན། སྤྱི་ལོ1993ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། སྤྱི་ལོ1985ལོའི་ཟླ7པར་བྱ་བར་ཞུགས། འབུམ་རམས་པ་དང་དགེ་རྒན་ཆེན་མོ་ཡིན། ཞིབ་འཇུག་སློབ་མའི་སློབ་དཔོན་དང་། རང་སྐྱོང་ལྗོངས་ལ་བྱས་རྗེས་བཞག་ཡོད་པའི་ན་གཞོན་ཆེད་མཁས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朱玉东
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ11པར་སྐྱེས།
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ནང་སོག་དགེ་འོས་སློབ་ཆེན།
སྐྱེས་ཡུལ།
ནང་སོག་ཁྲི་ཧྥེང་གྲོང་ཁྱེར་ཨའོ་ཧན་ཆི།
དད་མོས།
གུང་ཁྲན་རིང་ལུགས།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1981ལོའི་ཟླ9པ་ནས་སྤྱི་ལོ1985ལོའི་ཟླ7པའི་བར། ནང་སོག་དགེ་འོས་སློབ་ཆེན་སློབ་གསོ་སྡེ་ཁག་གི་སློབ་གསོའི་ཆེད་ལས་སྦྱངས།

སྤྱི་ལོ1985ལོའི་ཟླ7པ་ནས་སྤྱི་ལོ1989ལོའི་ཟླ1པའི་བར། ནང་སོག་དགེ་འོས་སློབ་ཆེན་གྱི་སློབ་གསོ་སྡེ་ཁག་ཏུ་དགེ་རྒན་གྱི་བྱ་བ་བསྒྲུབས།

སྤྱི་ལོ1989ལོའི་ཟླ1པོ་ནས་སྤྱི་ལོ1992ལོའི་ཟླ3པའི་བར། ཧའེ་ལར་དགེ་འོས་ཆེད་ལས་སློབ་གསོ་སློབ་དཔྱོད་ཁང་དུ་སློབ་ཁྲིད་ཀྱི་བྱ་བ་བསྒྲུབས།

སྤྱི་ལོ1992ལོའི་ཟླ3པ་ནས་སྤྱི་ལོ1993ལོའི་ཟླ5པའི་བར། ཧའེ་ལར་དགེ་འོས་ཆེད་སྦྱོང་སློབ་དོན་ཁྲུའུ་ཡི་འགན་འཁུར་བའི་བྱ་བ་བསྒྲུབས།

སྤྱི་ལོ1993ལོའི་ཟླ5པ་ནས་སྤྱི་ལོ1999ལོའི་ཟླ8པའི་བར། ཧུའུ་ལུན་པེར་སློབ་གླིང་སློབ་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར། (སྤྱི་ལོ1998ལོའི་ཟླ7པ་ནས་སྤྱི་ལོ2002ལོའི་ཟླ7པའི་བར་ནང་སོག་དགེ་འོས་སློབ་ཆེན་གྱི་སློབ་ཚན་དང་སློབ་ཁྲིད་གཞུང་ལུགས་ཆེད་ལས་ཀྱི་ལས་ཐོག་རབ་འབྱམས་པའི་སློབ་གནས་སྦྱངས་པ་དང་སློབ་གསོ་རིག་པའི་རབ་འབྱམས་པའི་བསླབ་གནས་ཐོབ)

སྤྱི་ལོ1999ལོའི་ཟླ8པ་ནས་སྤྱི་ལོ2001ལོའི་ཟླ8པའི་བར། ཧུའུ་ལུན་པེར་སློབ་གླིང་གི་ཡོན་ཀྲང་ལས་རོགས་དང་སློབ་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2001ལོའི་ཟླ8པ་ནས་སྤྱི་ལོ2003ལོའི་ཟླ7པའི་བར། ཧུའུ་ལུན་པེར་སློབ་གླིང་གི་ཏང་ཨུའི་ཨུ་ཡོན་དང་ཡོན་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2003ལོའི་ཟླ7པ་ནས་སྤྱི་ལོ2005ལོའི་ཟླ11པའི་བར། ཧུའུ་ལུན་པེར་སློབ་གླིང་ཏང་ཨུའི་ཨུ་ཡོན་དང་ཡོན་ཀྲང་གཞོན་པའི་འགན་ཁུར། (སྤྱི་ལོ2005ལོའི་ཟླ5པ་ནས་སྤྱི་ལོ2011ལོའི་ཟླ6པའི་བར། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་སློབ་གསོ་དཔལ་འབྱོར་དང་དོ་དམ་ཆེད་ལས་ཀྱི་འབུམ་རམས་པའི་སློབ་གནས་སློབ་སྦྱོང་བྱས་པ་དང་དོ་དམ་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ)

སྤྱི་ལོ2005ལོའི་ཟླ11པ་ནས་སྤྱི་ལོ2016ལོའི་ཟླ6པའི་བར། ཧུའུ་ལུན་པེར་སློབ་གླིང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གི་འགན་ཁུར།

སྤྱི་ལོ2016ལོའི་ཟླ7པ་ནས་སྤྱི་ལོ2020ལོའི་ཟླ7པའི་བར། ནང་སོག་ཅི་ཉིང་དགེ་འོས་སློབ་གླིང་གི་ཡོན་ཀྲང་གི་འགན་ཁུར།

སྤྱི་ལོ2020ལོའི་ཟླ7པ་ནས་ད་ལྟའི་བར། ནང་སོག་ཅི་ཉིང་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།

ནང་སོག་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི་ཡིན།

ནང་སོག་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་ཡིན།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ7ཚེས17ཉིན། ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལས་བྱེད་པ་བསྐོ་འཐེན་གྱི་བརྡ་ཐོ་བཏང་བ་སྟེ། ཀྲུའུ་ཡུས་ཏུང་གི་ཅི་ཉིང་དགེ་འོས་སློབ་གླིང་གི་ཡོན་ཀྲང་གོ་གནས་མེད་པར་བཟོས།

3 སྤྱི་ཚོགས་ཀྱི་ལས་འགན་གཅིག་ལྕོགས།

སྤྱི་ལོ2006ལོའི་ཟླ10པ་ནས་ད་ལྟའི་བར། ཀྲུང་གོའི་གུང་ཁྲན་ཏང་གི་ཧུའུ་ལུན་པེར་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཨུ་ཡོན་ཡིན།

སྤྱི་ལོ2006ལོའི་ཟླ11པ་ནས་ད་ལྟའི་བར། ནང་སོག་སློབ་གསོ་སློབ་ཚོགས་སློབ་གསོ་རིག་པའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ལས་འཛིན་འགོ་གཙོ་གཞོན་པ་ཡིན།

དཔྱད་གཞིའི་ཡིག་ཆ།