ལེ་ཏེ་རུང་།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2020-12-28 14:55ལ་འགྲུབ།

ལེ་ཏེ་རུང་།

ལེ་ཏེ་རུང་།
ལེ་ཏེ་རུང་། སྤྱི་ལོ1962ལོའི་ཟླ10པར་སྐྱེས། སྐྱེས་པ། སོག་རིགས། ཀྲུང་གུང་ཏང་ཡོན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་། དཔལ་འབྱོར་རིག་པའི་རབ་འབྱམས་པ་དང་ཞིབ་འཇུག་པ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི། ཀྲུང་གོའི་སློབ་གསོ་ལག་རྩལ་མཐུན་ཚོགས་ཀྱི་མཐོ་རིམ་ལས་རིགས་སློབ་གསོའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། མཐོ་རིམ་ལས་རིགས་སློབ་གྲྭའི་རིགས་མཐུན་མཉམ་ལས་མནའ་འབྲེལ་གྱི་ལས་འཛིན་འགོ་གཙོ་གཞོན་པ་དང་ནང་སོག་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་ཞིབ་འཇུག་ཚོགས་པའི་ལས་འཛིན་བཅས་ཡིན་ལ། སྤྱི་ལོ2014ལོའི་ཟླ4པར་ཁྲི་ཧྥེང་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གི་འགན་བཞེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雷德荣
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ10པར་སྐྱེས།
ལས་འགན།
ཁྲི་ཧྥེང་སློབ་གླིང་གི་ཡོན་ཀྲང་།
མི་རིགས།
སོག་རིགས།
མཐར་ཕྱིན་སློབ་གྲྭ།
ནང་སོག་ནོར་དཔལ་སློབ་གླིང་།
1 སློབ་སྦྱོང་བརྒྱུད་རིམ། 

སྤྱི་ལོ1987ལོའི་ཟླ7པར་ནང་སོག་ནོར་དཔལ་སློབ་གླིང་ནས་སློབ་མཐར་ཕྱིན། ཤེས་རམས་པའི་བསླབ་གནས་ཐོབ།

སྤྱི་ལོ2006ལོའི་ཟླ9པ་ནས་སྤྱི་ལོ2009ལོའི་ཟླ9པའི་བར། བྱང་ཤར་ནོར་དཔལ་སློབ་ཆེན་བཟོ་ཚོང་དོ་དམ་སློབ་གླིང་གི་བཟོ་ཚོང་དོ་དམ་ཆེད་ལས་སུ་ལས་ཐོག་རབ་འབྱམས་པའི་སློབ་གཉེར་བྱས། དོ་དམ་རིག་པའི་རབ་འབྱམས་པའི་བསླབ་གནས་ཐོབ། 

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1987ལོའི་ཟླ7པ་ནས་སྤྱི་ལོ1994ལོའི་ཟླ4པའི་བར། ནང་སོག་ནོར་སྲིད་དཔལ་འབྱོར་སློབ་གྲྭ་ཆེན་མོའི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་དུ་ལས་ཀ་བསྒྲུབ། དྲིལ་བསྒྲགས་པུའུ་ཡི་འགོ་འཛིན་དང་། ཧྲུའུ་ཅི་གཞོན་པ། བསམ་བློ་དང་ཆབ་སྲིད་སློབ་གསོའི་ཞིབ་འཇུག་ལག་རོགས་པ་བཅས་ཀྱི་འགན་ཁུར།

སྤྱི་ལོ1991ལོའི་ཟླ1པོ་ནས་སྤྱི་ལོ1992ལོའི་ཟླ1པའི་བར། ནང་སོག་ཧུའུ་ཧྲི་གྲོང་ཁྱེར་ཉེ་འདབས་ཀྱི་ཐའེ་ཕིན་ཀྲོང་དུ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོའི་ཚན་ཆུང་གི་ཚན་གཙོའི་འགན་ཁུར།

སྤྱི་ལོ1994ལོའི་ཟླ4པ་ནས་སྤྱི་ལོ2000ལོའི་ཟླ10པའི་བར་ནང་སོག་ནོར་དཔལ་སློབ་གླིང་གི་དངུལ་རྩ་རིག་པའི་ཚན་ཁག་ཏུ་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པ་དང་། ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་ཁུར།

སྤྱི་ལོ2000ལོའི་ཟླ10པ་ནས་སྤྱི་ལོ2004ལོའི་ཟླ2པའི་བར། ནང་སོག་ནོར་དཔལ་སློབ་གླིང་གི་ཏང་ཨུའི་རྩ་འཛུགས་པུའུ་རུ་ལས་ཀ་བསྒྲུབ།  

སྤྱི་ལོ2004ལོའི་ཟླ2པ་ནས་སྤྱི་ལོ2009ལོའི་ཟླ1པོའི་བར། ནང་སོག་ཚོང་དོན་ལས་རིགས་སློབ་གླིང་དུ་ལས་ཀ་བསྒྲུབ། ཏང་ཨུའི་ཧྲུའུ་ཅི་དང་བསམ་བློའི་སློབ་གསོའི་ཞིབ་འཇུག་པ་གཞོན་པའི་འགན་ཁུར།

སྤྱི་ལོ2009ལོའི་ཟླ1པོ་ནས་སྤྱི་ལོ2014ལོའི་ཟླ4པའི་བར། ནང་སོག་གློག་རྡུལ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་དུ་ལས་ཀ་བསྒྲུབ། ཏང་ཨུའི་ཧྲུའུ་ཅི་དང་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོའི་ཞིབ་འཇུག་པའི་འགན་ཁུར།

སྤྱི་ལོ2014ལོའི་ཟླ4པར། ཁྲི་ཧྥེང་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གི་འགན་ཁུར།

དཔྱད་གཞིའི་ཡིག་ཆ།