ཀྲའོ་ཏུང་ཧའེ།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2020-12-28 14:56ལ་འགྲུབ།

ཀྲའོ་ཏུང་ཧའེ།

ཀྲའོ་ཏུང་ཧའེ།
ཀྲའོ་ཏུང་ཧའེ། སྐྱེས་པ། རྒྱ་རིགས། སྤྱི་ལོ1968ལོའི་ཟླ7པར་སྐྱེས། ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་གྱི་མི་ཡིན། སྤྱི་ལོ1991ལོའི་ཟླ1པོར་ཀྲུང་གོའི་གུང་ཁྲན་ཏང་ནང་དུ་ཞུགས། སྤྱི་ལོ1991ལོའི་ཟླ7པར་ལས་ཀར་ཞུགས། པེ་ཅིན་དགེ་འོས་སློབ་གྲྭ་ཆེན་མོའི་ཁྲིམས་རིག་པའི་འབུམ་རམས་པ་ཡིན། དགེ་རྒན་ཆེན་མོ་དང་། འབུམ་རམས་པའི་སློབ་དཔོན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赵东海
སྐྱེས་ཡུལ།
ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར།
རྒྱལ་ཁོངས།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1968ལོའི་ཟླ7པར་སྐྱེས།
ལས་འགན།
ནང་སོག་མི་རིགས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ།
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ5པར།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
པེ་ཅིང་དགེ་འོས་སློབ་ཆེན།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1987ལོའི་ཟླ9པ་ནས་སྤྱི་ལོ1991ལོའི་ཟླ7པའི་བར། ནང་སོག་སློབ་ཆེན་གྱི་མཚན་ཉིད་རིག་པའི་སྡེ་ཁག་ཏུ་སློབ་སྦྱོང་བྱས།

སྤྱི་ལོ1991ལོའི་ཟླ7པ་ནས་སྤྱི་ལོ1998ལོའི་ཟླ3པའི་བར། སོག་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཁག་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར།(དེའི་རིང་སྤྱི་ལོ1996ལོའི་ཟླ9པ་ནས་སྤྱི་ལོ1999ལོའི་ཟླ7པའི་བར་ནང་སོག་སློབ་གྲྭ་ཆེན་མོའི་མར་ཁེ་སིའི་རིང་ལུགས་སློབ་གླིང་དུ་རབ་འབྱམས་པའི་བསླབ་གནས་བླངས)

སྤྱི་ལོ1998ལོའི་ཟླ3པ་ནས་སྤྱི་ལོ2001ལོའི་ཟླ3པའི་བར། ནང་སོག་སློབ་གྲྭ་ཆེན་མོའི་མི་ཆོས་སློབ་གླིང་གི་གུང་གཞོན་ཚོགས་པའི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར།

སྤྱི་ལོ2001ལོའི་ཟླ3པ་ནས་སྤྱི་ལོ2007ལོའི་ཟླ5པའི་བར། ནང་སོག་སློབ་གྲྭ་ཆེན་མོའི་ལས་རིགས་ལག་རྩལ་སློབ་གླིང་གི་འགོ་འཛིན་གཞོན་པའི་འགན་ཁུར། (དེའི་རིང་སྤྱི་ལོ2001ལོར་དགེ་རྒན་ཆེན་མོ་གཞོན་པར་སྤར། སྤྱི་ལོ2002ལོའི་ཟླ9པ་ནས་སྤྱི་ལོ2005ལོའི་ཟླ6པའི་བར། པེ་ཅིང་དགེ་འོས་སློབ་ཆེན་གྱི་མཚན་ཉིད་རིག་པའི་སློབ་གླིང་དུ་འབུམ་རམས་པའི་བསླབ་གནས་སྦྱངས)

སྤྱི་ལོ2007ལོའི་ཟླ5པ་ནས་སྤྱི་ལོ2008ལོའི་ཟླ2པའི་བར། ནང་སོག་སློབ་ཆེན་གྱི་མི་ཆོས་སློབ་གླིང་གི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར།(དེའི་རིང་སྤྱི་ལོ2007ལོར་དགེ་རྒན་ཆེན་མོར་འཕར)

སྤྱི་ལོ2008ལོའི་ཟླ2པ་ནས་སྤྱི་ལོ2013ལོའི་ཟླ8པའི་བར། ནང་སོག་སློབ་ཆེན་མཚན་ཉིད་རིག་པའི་སློབ་གླིང་གི་ཡོན་ཀྲང་གི་འགན་ཁུར།

སྤྱི་ལོ2013ལོའི་ཟླ8པ་ནས་སྤྱི་ལོ2013ལོའི་ཟླ12པའི་བར། ནང་སོག་སློབ་ཆེན་ཏང་སྲིད་གཞུང་ལས་ཁང་གི་ཀྲུའུ་རེན་དང་། ལས་ཁུངས་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི། མཚན་ཉིད་རིག་པའི་སློབ་གླིང་གི་ཡོན་ཀྲང་བཅས་ཀྱི་འགན་ཁུར།

སྤྱི་ལོ2013ལོའི་ཟླ12པ་ནས་སྤྱི་ལོ2015ལོའི་ཟླ10པའི་བར། ནང་སོག་སློབ་ཆེན་ཏང་ཨུའི་ཨུ་ཡོན་དང་། ཏང་སྲིད་གཞུང་ལས་ཁང་གི་ཀྲུའུ་རེན། ལས་ཁུངས་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི། མཚན་ཉིད་རིག་པ་སློབ་གླིང་གི་ཡོན་ཀྲང་བཅས་ཀྱི་འགན་ཁུར།

སྤྱི་ལོ2015ལོའི་ཟླ10པ་ནས་སྤྱི་ལོ2020ལོའི་ཟླ5པའི་བར། ནང་སོག་དགེ་འོས་སློབ་ཆེན་ཏང་ཨུའི་ཨུ་ཡོན་དང་སློབ་གཙོ་གཞོན་པའི་འགན་ཁུར།

སྤྱི་ལོ2020ལོའི་ཟླ5པ་ནས་ད་ལྟའི་བར། ནང་སོག་མི་རིགས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོའི་འགན་ཁུར།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ5པའི་ཚེས7ཉིན། རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ནང་སོག་མི་རིགས་སློབ་ཆེན་དུ་ཚོགས་འདུ་འཚོགས་ནས་ཀྲའོ་ཏུང་ཧའེ་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ་ཡིན་པ་ཁྱབ་བསྒྲགས་གནང་བ་རེད།

3 སློབ་ཁྲིད་གནས་ཚུལ།

དངོས་གཞི་སློབ་མའི《མཚན་ཉིད་རིག་པའི་འགོ་བརྗོད》དང་། 《མར་ཁེ་སིའི་མ་རྩོམ་བདམས་སྦྱོང》《མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་རྩ་བའི་རིགས་པ》ཞིབ་འཇུག་སློབ་མའི་སློབ་གནས་སློབ་ཚན《ཤེས་རྟོགས་རྣམ་བཤད་ཀྱི་ཆེད་དོན་ཞིབ་འཇུག》《མ་ལག་མཚན་ཉིད་རིག་པ》བཅས་ཀྱི་སློབ་ཁྲིད་ཀྱི་འགན་འཁུར། རང་སྐྱོང་ལྗོངས་ཀྱི་སྤུས་ལེགས་སློབ་ཚན《མཚན་ཉིད་རིག་པའི་ཁྲིད་སྟོན》དང་རང་སྐྱོང་ལྗོངས་རིམ་པའི“མཚན་ཉིད་རིག་པའི་ཀུན་ཁྱབ་སློབ་ཚན་རབ་དང་རིམ་པའི”སློབ་ཁྲིད་ཚོགས་པ་གཙོ་སྐྱོང་གནང་ཡོད།

4 ཚན་རིག་ཞིབ་འཇུག་གི་གནས་ཚུལ།

《ཀྲུང་གོ་བའི་སྲོལ་རྒྱུན་ལ་འགྲན་སློང་བྱེད་པ》དང《འགོ་ཁྲིད་སྒྲིག་སྲོལ》སོགས་ཆེད་རྩོམ་ཁག5པར་སྐྲུན་བྱས་ཡོད། “ནང་སོག་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་དཔེ་ཚོགས”(ཁག་དྲུག) གི་གཙོ་སྒྲིག་པ་ཡིན།《མཚན་ཉིད་རིག་པའི་གཞི་རྩའི་རྩ་བའི་རིགས་པ》ཞེས་པའི་སློབ་དེབ1གི་རྩོམ་སྒྲིག་ནང་ཞུགས་པ་དང་། 《རང་བྱུང་རྩོད་སྒྲུབ་རིག་པའི་ཞིབ་འཇུག》སོགས་ལྟེ་བའི་དུས་དེབ་ཐོག་རིག་གཞུང་དཔྱད་རྩོམ50ལྷག་ཙམ་སྤེལ་ཡོད། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་ལས་གཞི10ལྷག་ཙམ་གཙོ་སྐྱོང་བྱས་ཡོད།

5 བྱ་དགའ་ཐོབ་པའི་གནས་ཚུལ།

པའོ་ཀང་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་དང་། པེ་ཅིང་དགེ་འོས་སློབ་ཆེན་གྱི“ཁྲུང་ཞིས་བྱ་དགའ”རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ་བཅས་ཐོབ་ཡོད། རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ་དང་། རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དགེ་རྒན་དང་། རང་སྐྱོང་ལྗོངས་ཀྱི་གཞོན་ནུའི་ཚན་རྩལ་དཔེ་སྟོན་བཅས་ཀྱི་བྱ་དགའ་ཐོབ།

དཔྱད་གཞིའི་ཡིག་ཆ།