ཁྲེན་ཡུང་ཧྲེང་།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2020-12-28 14:56ལ་འགྲུབ།

ཁྲེན་ཡུང་ཧྲེང་།

ཁྲེན་ཡུང་ཧྲེང་།
ཁྲེན་ཡུང་ཧྲེང་། སྐྱེས་པ། སོག་རིགས། སྤྱི་ལོ1971ལོའི་ཟླ10པར་སྐྱེས། ནང་སོག་ཐུང་ལིའོ་གྲོང་ཁྱེར་ཁུའུ་ལུན་ཆི་ནས་ཡིན། སྤྱི་ལོ1991ལོའི་ཟླ1པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1993ལོའི་ཟླ7པར་བྱ་བར་ཞུགས། ཧྲེན་དབྱང་ཞིང་ལས་སློབ་ཆེན་གྱི་འབུམ་རམས་པ་ཡིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། རིམ་པ་གཉིས་པའི་དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་བཅས་ཡིན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲི་མཁས་དབང་དང་། ནང་སོག་གི“རྩྭ་ཐང་གི་ཕུལ་བྱུང་ཤེས་ལྡན་མི་སྣའི་ལས་གཞིའི”སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞི། ནང་སོག་རང་སྐྱོང་ལྗོངས་ཀྱི“དུས་རབས་གསར་པའི321གི་ཤེས་ལྡན་མི་སྣའི་ལས་གཞི”བཅས་ཀྱི་རིམ་པ་དང་པོའི་འོས་མིར་བདམས་པ་རེད། ད་ལྟ་ནང་སོག་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陈永胜
​སྐྱེས་ཡུལ།
ནང་སོག་ཐུང་ལེའོ་གྲོང་ཁྱེར་ཁུའུ་ལུན་ཆི།
རྒྱལ་ཁོངས།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1971ལོའི་ཟླ10པར་སྐྱེས།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1989ལོའི་ཟླ09པ་ནས་སྤྱི་ལོ1993ལོའི་ཟླ7པའི་བར། ཀྲེ་ལི་མུའུ་ཕྱུགས་ལས་སློབ་གླིང་གི་སྐྱེ་དངོས་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ1996ལོའི་ཟླ་9པ་ནས་སྤྱི་ལོ2000ལོའི་ཟླ་6པའི་བར་ཧྲེན་དབྱང་ཞིང་ལས་སློབ་གྲྭ་ཆེན་མོའི་ལོ་ཏོག་འདེབས་གསོ་དང་རྨོ་ལས་རིག་པའི་རབ་འབྱམས་པའི་སློབ་གནས་ལ་འབད།

སྤྱི་ལོ2000ལོའི་ཟླ7པ་ནས་སྤྱི་ལོ2005ལོའི་ཟླ4པའི་བར། ནང་སོག་མི་རིགས་སློབ་ཆེན་ཞིང་ལས་སློབ་གླིང་གི་སློབ་དཔྱོད་ཁང་གི་ཀྲུའུ་རེན་གྱི་འགན་ཁུར།

སྤྱི་ལོ2001ལོའི་ཟླ9པ་ནས་སྤྱི་ལོ2004ལོའི་ཟླ7པའི་བར། ཧྲེན་དབྱང་ཞིང་ལས་སློབ་ཆེན་གྱི་ཟས་རིགས་སྐྱེ་དངོས་ལག་རྩལ་ཆེད་ལས་ཀྱིས་འབུམ་རམས་པའི་བསླབ་གནས་ལ་འབད། སྤྱི་ལོ2004ལོར་དགེ་རྒན་ཆེན་མོ་གཞོན་པར་འཕར།

སྤྱི་ལོ2005ལོའི་ཟླ4པ་ནས་སྤྱི་ལོ2006ལོའི་ཟླ12པའི་བར། ནང་སོག་མི་རིགས་སློབ་ཆེན་ཞིང་ལས་སློབ་གླིང་གི་ཡོན་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2007ལོའི་ཟླ1པ་ནས་སྤྱི་ལོ2011ལོའི་ཟླ11པའི་བར།  ནང་སོག་མི་རིགས་སློབ་ཆེན་ཚན་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་ཁུར། (དེའི་རིང་ལ་སྤྱི་ལོ2007ལོར་དགེ་རྒན་ཆེན་མོའི་གོ་གནས་ཐོབ་པ་དང་། སྤྱི་ལོ2011ལོའི་ཟླ5པར་ཀྲུང་གོ་དམག་དོན་གསོ་རིག་ཚན་རིག་ཁང་གི་འབུམ་རམས་ཕྱི་ཚར་ས་ཚིགས་ནས་ཕྱིར་ཐོན)

སྤྱི་ལོ2011ལོའི་ཟླ11པ་ནས་སྤྱི་ལོ2014ལོའི་ཟླ7པའི་བར།ནང་སོག་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པའི་འགན་ཁུར།

སྤྱི་ལོ2014ལོའི་ཟླ7པ་ནས་སྤྱི་ལོ2020ལོའི་ཟླ4པའི་བར། ནང་སོག་མི་རིགས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོའི་འགན་ཁུར།

སྤྱི་ལོ2020ལོའི་ཟླ5པ་ནས་ད་ལྟའི་བར་ནང་སོག་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ5པའི་ཚེས7ཉིན། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ནང་སོག་མི་རིགས་སློབ་ཆེན་དུ་གྲོས་ཚོགས་བསྡུས་ཏེ། ཁྲེན་ཡུང་ཧྲེང་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅིར་བསྐོས་པ་ཁྱབ་བསྒྲགས་བྱས།

དཔྱད་གཞིའི་ཡིག་ཆ།