ཝང་ཡུའུ་ཡན།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-12-16 09:33ལ་འགྲུབ།

ཝང་ཡུའུ་ཡན།

ཝང་ཡུའུ་ཡན།
ཝང་ཡུའུ་ཡན། མོ། རྒྱ་རིགས། སྤྱི་ལོ1966ལོའི་ཟླ5པར་སྐྱེས། ཧུ་ནན་ཞང་ཁྲེང་གི་མི་ཡིན། སྤྱི་ལོ1986ལོའི་ཟླ7པར་བྱ་བར་ཞུགས་པ་དང་། སྤྱི་ལོ1986ལོའི་ཟླ7པར་གུང་ཁྲན་ཏང་ནང་ཞུགས། ཧུ་ནན་སློབ་ཆེན་ཁོངས་ཀྱི་དཔལ་འབྱོར་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པ། དཔལ་འབྱོར་རིག་པའི་འབུམ་རམས་པ་བཅས་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་ཞིང་ཨུའི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ། མཚོ་སྔོན་ཞིང་ཆེན་སྲིད་འཛིན་རིག་པའི་སློབ་གླིང་གི་གླིང་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王宇燕
སྐྱེས་ཡུལ།
ཧུ་ནན་ཞང་ཁྲེང།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1966ལོའི་ཟླ5པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཧུ་ནན་སློབ་ཆེན།
1 བྱ་བའི་བརྒྱུད་རིམ། 

ཧོ་ནན་ཞིང་ཆེན་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་གི་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་། ཕྱོགས་བསྡུས་དང་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ། ཐོན་ལས་སྲིད་ཇུས་ཁྲུའུ་ཡི་ཁྲུའུ་ཀྲང་བཅས་ཀྱི་འགན་བཞེས་མྱོང་། སྤྱི་ལོ2002ལོའི་ཟླ11པ་ནས་སྤྱི་ལོ2003ལོའི་ཟླ10བའི་བར་ཧུ་ནན་ཞིང་ཆེན་ཞིའུ་ཝུའུ་རྫོང་གི་རྫོང་དཔོན་གཞོན་པ་དང་རྫོང་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2003ལོའི་ཟླ10བར་ཧུ་ནན་ཞིང་ཆེན་རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།    

སྤྱི་ལོ2006ལོའི་ཟླ12པར་ཧུ་ནན་ཞིང་ཆེན་ཀྲོའུ་ཁོའུ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས།    

སྤྱི་ལོ2008ལོའི་ཟླ9བར་ཧུ་ནན་ཞིང་ཆེན་ཀྲོའུ་ཁོའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2008ལོའི་ཟླ10བར་ཧུ་ནན་ཞིང་ཆེན་ཀྲོའུ་ཁོའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཞང་ཁྲེང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།    

སྤྱི་ལོ2011ལོའི་ཟླ12པར་ཧུ་ནན་ཞིང་ཆེན་ཅི་ཡོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཧྲི་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2012ལོའི་ཟླ5བར་ཧུ་ནན་ཞིང་ཆེན་ཅི་ཡོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2015ལོའི་ཟླ2པར་ཧུ་ནན་ཞིང་ཆེན་ཅི་ཡོན་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2015ལོའི་ཟླ7པར་ཧྲན་ཞི་ཞིང་ཆེན་ཡུན་ཁྲེང་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ4བར་མཚོ་སྔོན་ཞིང་ཨུའི་རྒྱུན་ཨུའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ7པར་མཚོ་སྔོན་ཞིང་ཨུའི་རྒྱུན་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།    

སྤྱི་ལོ2018ལོའི་ཟླ8པར་མཚོ་སྔོན་ཞིང་ཨུའི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཨུ་ལྷན་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།

སྤྱི་ལོ2019ལོའི་ཟླ12པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་། མཚོ་སྔོན་ཞིང་ཆེན་སྲིད་འཛིན་སློབ་གླིང་གི་གླིང་གཙོ་བཅས་ཀྱི་འགན་བཞེས།

2 བྱ་བའི་ལས་བགོས།

རྩ་འཛུགས་པུའུ་ཡི་ལས་ཀའི་ཕྱོགས་ཡོངས་ལ་འགོ་ཁྲིད་དང་། ལས་བྱེད་པ་རྒན་པའི་བྱ་བར་འགན་ཁུར་ཡོད།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2019ལོའི་ཟླ12པའི་ཚེས7ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལས་ཀའི་དགོས་མཁོ་གཞིར་བཟུང་བློ་མཐུན་ཝང་ཡུའུ་ཡན་མཚོ་སྔོན་ཞིང་ཆེན་སྲིད་འཛིན་སློབ་གླིང་གི་གླིང་གཙོར་བསྐོས།

དཔྱད་གཞིའི་ཡིག་ཆ།