ཀོང་ཞི་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ ཀླུ་བྷklumtso  ནས 2020-12-08 13:28ལ་འགྲུབ།

ཀོང་ཞི་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།

ཀོང་ཞི་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་།
ཀོང་ཞི་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་དུ་ཡོད་ལ། དེ་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གཉེར་བའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན་ཞིང་། སློབ་གླིང་དེའི་རྨང་གཞི་ནི་སྤྱི་ལོ1958ལོར་བཙུགས་པའི་རྒྱལ་ཁབ་ཀྱི་གཙོ་གནད་འབྲིང་རིམ་ཆེད་སྦྱོང་ཀོང་ཞི་འགྲིམ་འགྲུལ་སློབ་གྲྭ་ཡིན་པ་དང་། སྤྱི་ལོ2002ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་རིམ་སྤོར་བྱས་ཏེ་ཀོང་ཞི་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དུ་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广西交通职业技术学院
ཕྱི་ཡིག་གི་མིང་།
Guangxi Vocational And Technical College Of Communications
བཙུགས་ལོ།
སྤྱི་ལོ1958ལོ།
སློབ་སྒྲུབ་ངོ་བོ།
གཞུང་སྒྲུབ་མཐོ་སློབ།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
གཙོ་གཉེར་སྡེ་ཁག
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི་ཝུན་ཙུང་ཡུང་། སློབ་གཙོ་ལི་ཝུན་ཡུང་།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ལམ་ཟམ་ལས་གྲྭའི་སྡེ་ཁག་དང་། རླངས་འཁོར་ལས་གྲྭའི་སྡེ་ཁག དོ་དམ་སྡེ་ཁག འགྲིམ་འགྲུལ་ཆ་འཕྲིན་ལས་གྲྭའི་སྡེ་ཁག ཨར་སྐྲུན་ལས་གྲྭའི་སྡེ་ཁག མཚོ་འགྲུལ་ལས་གྲྭའི་སྡེ་ཁག་སོགས།
སློབ་གྲྭའི་དམ་ཚིག
བརྩོན་འགྲུས། མཐུན་སྒྲིལ། བདེན་འཚོལ། གསར་སྐྲུན།
གནས་ཡུལ།
ཁུན་ལུན་སློབ་ཁུལ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་ཞིང་ཉིང་ཁུལ་ཁུན་ལུན་ལམ་ཆེན་གྱི་ཨང་རྟགས1258པ། ཡོན་ཧུའུ་སློབ་ཁུལ།  ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་ཆིང་ཞིའུ་ཁུལ་ཡོན་ཧུའུ་བྱང་ལམ་གྱི་ཨང་རྟགས12པ། ཞང་སི་ཧུའུ་སློབ་ཁུལ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་ཞི་ཞང་ཐང་ཁུལ་སློབ་ཆེན་ཤར་ལམ་གྱི་ཨང་རྟགས109པ།
སློབ་གྲྭའི་ཚབ་ཨང་།
12356
གཟི་བརྗིད་མཚན་སྙན།
རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཤེས་དཔལ་ཚན་པ། རྒྱལ་ཡོངས་འགྲིམ་འགྲུལ་ལས་རིགས་སློབ་གསོའི་ལས་དོན་གྱི་སྔོན་ཐོན་ཐུན་མོང་། སྤྱི་ལོ2014ལོའི་ལྗོངས་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་དོན་གྱི་ལག་དངུལ་ཚན་པ།
གཞུང་ཕྱོགས་དྲ་གནས།
http://www.gxjzy.com
1 ​སློབ་སྒྲུབ་ཆ་རྐྱེན།
1_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2019ལོའི་ཟླ10པའི་བར། སློབ་གྲྭར་ལམ་ཟམ་ལས་གྲྭའི་སྡེ་ཁག་དང་། རླངས་འཁོར་ལས་གྲྭའི་སྡེ་ཁག དོ་དམ་སྡེ་ཁག འགྲིམ་འགྲུལ་ཆ་འཕྲིན་ལས་གྲྭའི་སྡེ་ཁག ཨར་སྐྲུན་ལས་གྲྭའི་སྡེ་ཁག མཚོ་འགྲུལ་ལས་གྲྭའི་སྡེ་ཁག་སོགས་སློབ་ཁྲིད་སྡེ་ཚན་8དང་ལས་གྲྭའི་མ་གནས(གཞུང་ལམ་ལས་གྲྭའི་བཟོ་སྐྲུན་མ་གནས) ལྕགས་ལམ་ལས་གྲྭའི་ལག་རྩལ། གཞུང་ལམ་ཟམ་པའི་ལས་གྲྭའི་ལག་རྩལ། གྲུ་ཁ་དང་གྲུ་ལམ་ལས་གྲྭའི་ལག་རྩལ། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ལས་གྲྭའི་ལག་རྩལ། འཕྲིན་གཏོང་ལག་རྩལ། གཞི་གྲངས་ཆེན་པོའི་ལག་རྩལ་དང་བེད་སྤྱོད། ཁྲོམ་རའི་གཉེར་ཚོང་། ཟོག་འགྲེམས་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ། ཚོང་དོན་དོ་དམ་སོགས་མཐོ་རིམ་ཆེད་ལས43ཡོད་པ་རེད།

1_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ10པའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ773དང་ཁེ་ལས་ཀྱི་དགེ་རྒན་གཅིག་ལྕོགས368ཡོད་པ་དང་། མཐོ་རིམ་གོ་མིང་ཐོབ་མཁན257དང་འབྲིང་རིམ་གོ་མིང་ཐོབ་མཁན308 ཞིབ་འཇུག་སློབ་མ་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡོད་མཁན266 རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་སློབ་གསོའི་སློབ་ཁྲིད་དགེ་རྒན1འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འགྲིམ་འགྲུལ་སྐྱེལ་འདྲེན་ན་གཞོན་ཚན་རྩལ་ཤེས་ལྡན་པ2 འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཝུའུ་ཧྥུའུ—ཀྲེན་ཧྭ་ཡི་ཕུལ་བྱུང་དགེ་རྒན3 འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ནུས་བསྲི་སྙིགས་འཕྲིའི་ཆེད་མཁས་པ1 རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ1 རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་ཚོགས་པ4 རང་སྐྱོང་ལྗོངས་རིམ་པའི་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་སློབ་ཁྲིད་ཚོགས་པ2 རང་སྐྱོང་ལྗོངས་རིམ་པའི་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་དགེ་རྒན་གྲགས་ཅན4བཅས་ཡོད་པ་རེད།

2 རིག་གཞུང་ཞིབ་འཇུག
2_1 ཚན་རིག་ཞིབ་འཇུག་ལས་ཁུངས།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར“བྱུག་རྫས་དང་རྫ་ཕག་ཚོད་ལྟ་ཁང”དང་ཆུའི་ཁོར་ཡུག་ཚོད་ལྟ་ཁང་། རྫས་འགྱུར་ཚོད་ལྟ་ཁང་། སློབ་གྲྭ་དང་ཁེ་ལས་ཀྱིས་མཉམ་དུ་བསྐྲུན་པའི་སྣུམ་ནག་ལམ་ངོས་ཀྱི་ལག་རྩལ་ཞིབ་འཇུག་ལྟེ་གནས། ནན་ཉིང་གྲོང་ཁྱེར་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས། རླངས་འཁོར་རིག་ནུས་ལག་རྩལ་མཐུན་སྦྱོར་གསར་གཏོད་ལྟེ་གནས་སོགས་ཚན་ཞིབ་སྒྲིག་གཞི་ཡོད་པ་རེད།

2_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2017ལོར། སློབ་གྲྭར་གྲོང་ཁྱེར་དང་ཐིང་རིམ་པ་ཡན་གྱི་རྣམ་གྲངས་འཛུགས་རྒྱུར་ཆོག་མཆན་ཐོབ་པའི་གཞུང་ཕྱོགས་ཚན་ཞིབ་རྣམ་གྲངས12ཡོད་པ་དང་། སློབ་གླིང་རིམ་པའི་ཚན་ཞིབ་རྣམ་གྲངས་རེ་ཞུ་དང་རྣམ་གྲངས13སྒྲིག་འཛུགས་བྱས་པ་རེད། ཁ་བྱང་ལ་ཆོག་མཆན་ཐོབ་པའི་གཞུང་ཕྱོགས་ཀྱི་ཚན་རིག་ཞིབ་འཇུག་རྣམ་གྲངས19ཐོབ་ལ། དེའི་ནང་ཀོང་ཞིའི་སློབ་གསོ་ཐིང་གི་ཚན་ཞིབ་རྣམ་གྲངས9དང་ཀོང་ཞི་སློབ་གསོ་ཚན་རིག་གི“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”འཆར་འགོད་ཀྱི་རྣམ་གྲངས2 འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་སློབ་གསོའི་ཚན་ཞིབ་རྣམ་གྲངས1 ཀོང་ཞིའི་མཐོ་སློབ་ཀྱི“ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཞིབ་འཇུག”གི་ཆེད་དོན་ཞིབ་འཇུག་བྱ་གཞི1བཅས་ཡོད་པ་རེད།    

སྤྱི་ལོ2018ལོར། སློབ་གྲྭས་ཀོང་ཞིའི་མཐོ་སློབ་ཀྱི་དགེ་རྒན་དར་གཞོན་གྱི་རྨང་གཞིའི་ནུས་པ་མཐོར་གཏོང་རྣམ་གྲངས་ཁྲོད 15འཛུགས་རྒྱུའི་ཆོག་མཆན་ཐོབ་པ་དེའི་ནང་མི་ཚུལ་དང་སྤྱི་ཚོགས་ཚན་རིག་རིགས་ཀྱི་རྣམ་གྲངས3དང་རང་བྱུང་ཚན་རིག་རིགས་ཀྱི་རྣམ་གྲངས12ཡོད་པ་རེད། ཚན་རིག་ཞིབ་འཇུག་གི་གྲོན་དངུལ་ཁྱོན་བསྡོམས་སྒོར་ཁྲི42ཐོབ་པ་དང་། དེ་མིན་འཕྲེད་ཕྱོགས་ཀྱི་རྣམ་གྲངས1དང་སློབ་གླིང་རིམ་པའི་རང་བྱུང་ཚན་རིག་དང་མཚན་ཉིད་རིག་པ། མི་ཚུལ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྣམ་གྲངས་བཅས་གཙོ་གནད་རྣམ་གྲངས14བཙུགས། སྤྱི་ལོ2019ལོའི་ཀོང་ཞིའི་མཐོ་སློབ་ཀྱི་གཞོན་ནུ་དང་དར་མའི་དགེ་རྒན་གྱི་རྨང་གཞིའི་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས་ལས་འོས་སྦྱོར་རྣམ་གྲངས་ཀྱི་འོས་སྦྱོར་ལས་དོན་ལེགས་སྒྲུབ་བྱས་པ་དང་ཁྱོན་རྣམ་གྲངས21ཡོད་པ་རེད།

3 རིག་གཞུང་ཐོན་ཁུངས།
3_1 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2019ལོའི་ཟླ8པའི་བར། སློབ་གྲྭའི་དཔེ་མཛོད་ཁང་གི་ཤོག་རིགས་དཔེ་མཛོད་ཁང་དུ་ཁྱོན་དེབ་ཁྲི84ལྷག་ཙམ་ཉར་ཚགས་བྱས་ཡོད་པ་དང་། གློག་རྡུལ་དཔེ་དེབ་ཁྲི12(ས་གནས་དེ་གའི་གློག་རྡུལ་དཔེ་དེབ་ཁྲི27དང་མཛོད་ཁང་གི་གློག་རྡུལ་དཔེ་དེབ་ཁྲི100)དང་གློག་རྡུལ་དུས་དེབ་རིགས42530ཡོད། དེ་མིན་དུས་དེབ་སྣ་ཁ321མངགས་ཉོ་བྱས་ཡོད། གཞི་གྲངས་མཛོད19ཡོད་པའི་ནང་སྤྱི་ལོ2019ལོར་རྒྱུན་མཐུད་མངགས་ཉོ་བྱས་པའི་གཞི་གྲངས་མཛོད9དང་གསར་དུ་བསྣན་པའི་གཞི་གྲངས་མཛོད2ཡོད།  

4 མཉམ་ལས་སྤེལ་རེས།

སྤྱི་ལོ2019ལོའི་ཟླ10པ་བར་སློབ་གྲྭས་འཇར་མན་དང་དབྱིན་ཇི། ཁ་ན་ཏ། ཅེ་ཁེ། ཧིན་རྡུ་ཉི་ཞི་ཡ། ཐེ་ལན། རྒྱ་གར་སོགས་རྒྱལ་ཁབ15དང་ཐའེ་ཝན་ས་ཁུལ་གྱི་མཐོ་སློབ་དང་ཁེ་ལས18དང་མཉམ་འབྲེལ་ཐོག་ཤེས་ལྡན་པ་གསོ་སྐྱོང་དང་རྣམ་གྲངས་མཉམ་སྐྲུན་བྱས་པ་རེད། ཀྲུང་གོ་དང་འཇར་མན་གྱིས་རླངས་འཁོར་འཕྲུལ་གློག་ལས་རིགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་བཙུགས་ལ། ཧིན་རྡུ་ཉི་ཞི་ཡར“རྒྱུད་གཅིག་ལམ་གཅིག”གི་གསར་གཏོད་ལས་གཏོད་གསོ་སྐྱོང་རྟེན་གཞི་བསྐྲུན། དེ་མིན་ཀྲུང་གོ་དང་ཁ་ན་ཏ་དང་ཀྲུང་གོ་དང་དབྱིན་ཇི་འི་དབར་མཐར་ཕྱིན་ལག་ཁྱེར་ཟུང་ལྡན་གྱི་མཉམ་ལས་སློབ་གསོ་གཉེར་བ་དང་། ཀྲུང་གོ་དང་རྒྱ་གར་གྱི“2+1+1”རྒྱལ་སྤྱི་ཅན་གྱི་ལས་རིགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་སྤེལ་བ་མ་ཟད། ཐའེ་ཝན་མཐོ་སློབ་དང་མཉམ་དུ“ཆེད་ལས་གནས་གཏན་འཁེལ་འཛིན་གྲྭ”2གཉེར་བ་རེད།


དཔྱད་གཞིའི་ཡིག་ཆ།