སི་ཁྲོན་ལྕགས་ལམ་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 10:52ལ་འགྲུབ།

སི་ཁྲོན་ལྕགས་ལམ་ལས་རིགས་སློབ་གླིང་།

སི་ཁྲོན་ལྕགས་ལམ་ལས་རིགས་སློབ་གླིང་།
སི་ཁྲོན་ལྕགས་ལམ་ལས་རིགས་སློབ་གླིང་ནི་སྤྱི་ལོ1952ལོར་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གིས་བཙུགས་པའི་གཞུང་བཙུགས་སློབ་ཆེན་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四川铁道职业学院
ཕྱི་ཡིག་གི་མིང་།
Sichuan Railway College
བཙུགས་ལོ།
སྤྱི་ལོ1952ལོར།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
བཟོ་ལས་ཚན་ཁག
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་གཏོགས་ཀྱི་ཆེད་སྦྱོང་སློབ་གྲྭ།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
འགྲིམ་འགྲུལ་ལས་གྲྭ་སྡེ་ཁག་དང་། དོ་དམ་སྡེ་ཁག་སོགས།
སློབ་གྲྭའི་ཚབ་ཨང་།
4151014006
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1952ལོར་ཁྲུང་ཆིང་ལྕགས་ལམ་དོ་དམ་ཅུའུ་ཡིས་རུང་ཁྲང་ལྕགས་ལམ་ལག་རྩལ་སྦྱོང་བརྡར་འཛིན་གྲྭ་བཙུགས།

སྤྱི་ལོ1954ལོའི་ཟླ1པོར། རུང་ཁྲང་ལྕགས་ལམ་ལག་རྩལ་སྦྱོང་བརྡར་འཛིན་གྲྭ་ཕྱིར་འཐེན་བྱས་ཏེ། ཁྲུང་ཆིང་ལྕགས་ལམ་དོ་དམ་ཅུའུ་ཙི་དབྱང་ལས་བཟོ་བའི་སློབ་གྲྭ་བཙུགས། དེར་ཙི་དབྱང་ལྕགས་ལམ་ལས་བཟོ་པའི་སློབ་གྲྭ་ཡང་ཟེར།

སྤྱི་ལོ1958ལོར་སློབ་གྲྭ་ནི་ཁྲིན་ཏུའུ་ལྕགས་ལམ་ཅུའུ་ཙི་དབྱང་དམའ་རིམ་ལག་རྩལ་སློབ་གྲྭ་ཞེས་མིང་བསྒྱུར།

སྤྱི་ལོ1961ལོའི་ཟླ9པར། ཅང་ཁོའུ་ལྕགས་ལམ་ལག་རྩལ་བཟོ་པའི་སློབ་གྲྭ་ཕྱིར་འཐེན་བྱས།

སྤྱི་ལོ1972ལོའི་ཟླ4པར། འགྲིམ་འགྲུལ་པུའུ་ཡིས་ཆོག་མཆན་གནང་སྟེ། སློབ་གྲྭ་ནི་ནེ་ཅང་ལྕགས་ལམ་ལག་རྩལ་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1983ལོའི་ཟླ11པར་ལྕགས་ལམ་པུའུ་ཡིས་སློབ་གྲྭའི་མིང་དེ་ནེ་ཅང་ལྕགས་ལམ་འཕྲུལ་ཆས་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1986ལོའི་ཟླ1པོར། སློབ་གླིང་ནི་སི་ཁྲོན་སྲིད་འཛིན་ནོར་ཚོང་དོ་དམ་ལས་བྱེད་པའི་སློབ་གླིང་དུ་ལེགས་སྒྲིག་བྱས།

སྤྱི་ལོ1997ལོའི་ཟླ5པར། ཞིང་ཆེན་སྲིད་གཞུང་གིས་སི་ཁྲོན་སྲིད་འཛིན་ནོར་ཚོང་དོ་དམ་ལས་བྱེད་པའི་སློབ་གླིང་གི་རྨང་གཞིའི་ཐོག་སི་ཁྲོན་སྲིད་འཛིན་སློབ་གླིང་བཙུགས་ནས་ཞིང་ཆེན་སྲིད་གཞུང་གི་ཐད་གཏོགས་སུ་གྱུར། དུས་མཚུངས་སུ་སི་ཁྲོན་སྲིད་འཛིན་ནོར་སྲིད་དང་ཉོ་ཚོང་དོ་དམ་ལས་བྱེད་པའི་སློབ་གླིང་གི་སྒོ་བྱང་སོར་འཇོག་བྱས་ཡོད།

སྤྱི་ལོ2001ལོའི་ཟླ6པར། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་སི་ཁྲོན་སྲིད་འཛིན་སློབ་གླིང་དང་ཟླ་སྒྲིལ་བྱས།

སྤྱི་ལོ2005ལོའི་ཟླ5པར། ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་། སི་ཁྲོན་སྲིད་འཛིན་ནོར་ཚོང་དོ་དམ་ལས་བྱེད་པའི་སློབ་གླིང་གི་ལམ་ལུགས་བསྒྱུར་ཏེ་སི་ཁྲོན་དོ་དམ་ལས་རིགས་སློབ་གླིང་དུ་མིང་བསྒྱུར།

སྤྱི་ལོ2019ལོའི་ཟླ3པར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་སི་ཁྲོན་དོ་དམ་ལས་རིགས་སློབ་གླིང་ནི་སི་ཁྲོན་ལྕགས་ལམ་ལས་རིགས་སློབ་གླིང་དུ་བསྒྱུར་རྒྱུའི་མོས་མཐུན་བྱུང་།

2 སློབ་གླིང་ངོ་སྤྲོད།

སི་ཁྲོན་ལྕགས་ལམ་ལས་རིགས་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སྤྱི་ལོ2019ལོར་ནེ་ཅང་ལྕགས་ལམ་འཕྲུལ་ཆས་སློབ་གྲྭ་དང་ཟླ་སྒྲིལ་བྱས་རྗེས་སི་ཁྲོན་དོ་དམ་ལས་རིགས་སློབ་གླིང་དུ་མིང་བསྒྱུར།

སློབ་གླིང་དུ་ལྕགས་ལམ་འཁོར་ལོ་དང་། མེ་འཁོར་ཞིབ་བཤེར་བཟོ་བཅོས་ལག་རྩལ། གྲོང་ཁྱེར་ལྕགས་ལམ་འགྲིམ་འགྲུལ་འཁོར་རིགས་ཀྱི་ལག་རྩལ། ལྕགས་ལམ་གློག་མཁོ་འདོན་ལག་རྩལ། ལྕགས་ལམ་བརྡ་རྟགས་རང་འགུལ་ཚོད་འཛིན། ལྕགས་ལམ་འཕྲིན་གཏོང་དང་ཆ་འཕྲིན་ཅན་གྱི་ལག་རྩལ། ལྕགས་ལམ་འགྲིམ་འགྲུལ་གཉེར་སྐྱོང་དོ་དམ། ལྕགས་ལམ་ལས་གྲྭའི་ལག་རྩལ། རྩིས་གཉེར། འགན་བཅོལ། ཡུལ་སྐོར་དོ་དམ། ཁྲོམ་རའི་གཉེར་ཚོང་། མྱུར་བགྲོད་ལྕགས་ལམ་ཕྱོགས་བསྡུས་ཉམས་གསོའི་ལག་རྩལ། ཤེས་ནུས་མཐའ་སྣེའི་ལག་རྩལ་དང་བེད་སྤྱོད་སོགས་ཆེད་སྦྱོང་མཐོ་རིམ་ཆེད་ལས20བཙུགས་ཡོད། ལྕགས་ལམ་གྱི་བརྡ་རྟགས། ལྕགས་ལམ་སྐྱེལ་འདྲེན་དོ་དམ། ལྕགས་ལམ་ཨར་ལས་དང་བདག་སྐྱོང་། གློག་རླངས་ལག་རྩལ་བེད་སྤྱོད། གྲངས་འཛིན་ལག་རྩལ་བཀོལ་སྤྱོད་སོགས་འབྲིང་རིམ་ལས་རིགས་ཆེད་ལས་སོགས་བཙུགས་ཡོད། སློབ་གླིང་གི་ལོ་རྒྱུས་ཅུང་རིང་ལ། ཆེད་ལས་ཀྱི་གྲུབ་ཆ་ལེགས་ལ། ལག་ལེན་གྱི་ནུས་པ་ཆེ་བ་བཅས་ཀྱི་དགེ་རྒན་དཔུང་ཁག་ཅིག་ཡོད། རྒྱལ་ཡོངས་ཀྱི་ལྕགས་ལམ་ལས་རིགས་ཀྱི་དགེ་རྒན3ཡོད་པ་དང་། རྒྱལ་ཡོངས་ཀྱི་ལྕགས་ལམ་དང་ལྕགས་ལམ་འགྲིམ་འགྲུལ་ལས་རིགས་ཀྱི་སློབ་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པ9ཡོད། ཆེད་བསྐོས་དགེ་རྒན230ཡོད། མཐོ་རིམ་གཞོན་པ་དང་དེ་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་མིང་ཡོད་མཁན96ཡོད།

སློབ་གླིང་གི་སློབ་ཁུལ་གཉིས་ཀྱི་རྒྱ་ཁྱོན་མུའུ་ལ585ཡོད། སི་ཁྲོན་དང་། ཁྲུང་ཆིང་། ཀུའེ་ཀྲོའུ། ཡུན་ནན། ཀན་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར5ལ་ཕྱོགས་ནས་སློབ་མ་བསྡུས་བ་དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ6000ལྷག་ཙམ་ཡོད། སློབ་གླིང་དུ་ལག་ལེན་རང་བཞིན་གྱི་སློབ་ཁྲིད་ལ་མཁོ་བའི་སྒྲིག་བཀོད་སྒྲིག་ཆས་ཡོད་པ་དང་། སློབ་ཁྲིད་ཐོག་ཁང་། ཚོད་ལྟའི་དངོས་སྦྱོང་ཐོག་ཁང་། གཞུང་ལས་ཐོག་ཁང་། སློབ་མའི་སྡོད་ཁང་། སློབ་མའི་ཟ་ཁང་། སློབ་མའི་ཕྱོགས་བསྡུས་ཞབས་ཞུ་ཁུལ། ནུས་པ་མང་བའི་ཚོགས་ཁང་སོགས་ཡོད ། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི16.82ཡོད། ཉར་བའི་དཔེ་དེབ་ཁྲི31ལྷག་ཙམ་ཡོད། དེང་རབས་ཅན་གྱི་དཔེ་མཛོད་ཁང་དུ་ལྕགས་ལམ་སྐྱེལ་འདྲེན་རིགས་ཀྱི་ཆེད་ལས་མང་པོའི་ཕྱོགས་བསྡུས་དངོས་སྦྱོང་བྱེད་ས་ཆེ་གྲས་དང་མ་འཇོག་སྒོར་ཁྲི2100ལྷག་ཙམ་བཏང་བའི་གྲོང་ཁྱེར་ལྕགས་ལམ་འགྲིམ་འགྲུལ་ཕྱོགས་བསྡུས་དངོས་སྦྱོང་ལྟེ་གནས་བཙུགས་ཡོད། ཆེད་ལས་ཚོད་ལྟའི་དངོས་སྦྱོང་ཁང་ཁག102ཡོད་པ་དང་སློབ་ཁྲིད་ཡོ་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི6800ལྷག་ཙམ་ཟིན། དེ་མིན། སློབ་གླིང་གིས་ད་དུང་ཀྲུང་གོ་ལྕགས་ལམ་ཁྲིན་ཏུའུ་ཅུའུ་ཚོགས་པ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་ས་ཚིགས་དང་། ཁྲིན་ཏུའུ་ས་འོག་ལྕགས་ལམ་གཉེར་སྐྱོང་ཚད་ཡོད་ཀུང་སི་སོགས་ལ་མཉམ་འབྲེལ་བྱས་ནས་སློབ་ཕྱིའི་དངོས་སྦྱོང་དངོས་སྦྱོང་རྟེན་གཞི35བསྐྲུན་པས་སློབ་མའི་ལས་རིགས་རྩལ་ནུས་གསོ་སྐྱོང་ལ་མཐུན་རྐྱེན་ལེགས་པོ་སྒྲུབ་ཡོད། སྤྱོད་བཟང་ལ་བརྟེན་ནས་མི་གཞི་རྩར་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས། འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་ཕྱོགས་སྟོན་དུ་འཛིན་པ། ཐོན་སློབ་མཉམ་འདྲེས་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས། བཟོ་སློབ་བརྗེ་རེས་བཅས་ཀྱི་སློབ་ཁྲིད་བསྒྱུར་བཅོས་སྤེལ་ནས། སློབ་མ་ རྣམས་འཇོན་ཐང་ཅན་དུ་འགྱུར་བ་དང་ལས་ཞུགས་ལ་ཕན་པའི་སློབ་གཉེར་བྱེད་སྟངས་འཚོལ་ཞིབ་བྱས་ཡོད། ས་ཁོངས་དཔལ་འབྱོར་འཛུགས་སྐྲུན་བཅས་ལ་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད།

དཔྱད་གཞིའི་ཡིག་ཆ།