ཀོང་ཨན་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 11:41ལ་འགྲུབ།

ཀོང་ཨན་ལས་རིགས་ལག་རྩལ་སློབ་གླིང་།

ཀོང་ཨན་ལས་རིགས་ལག་རྩལ་སློབ་གླིང་།
ཀོང་ཨན་ལས་རིགས་ལག་རྩལ་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་དང་ཀོང་ཨན་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུའུ་ཡིས་མཉམ་དུ་བསྐྲུན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广安职业技术学院
ཕྱི་ཡིག་གི་མིང་།
Guang'an Vocational Technical College
བཙུགས་ལོ།
སྤྱི་ལོ1906ལོར།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན།
སློབ་གླུ།
《ཀོང་ཨན་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་གླུ》
སློབ་གྲྭའི་ཚབ་ཨང་།
13814
རྣམ་པ།
ཕྱོགས་བསྡུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཀོང་ཨན།
ལས་ཐོག་སློབ་གཙོ།
ཝང་དབྱི་ཆོན།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སློབ་སྔོན་སློབ་གསོའི་སློབ་གླིང་དང་། ཨར་ལས་བཟོ་སྐྲུན་སློབ་གླིང་སོགས།
གཞུང་ཕྱོགས་དྲ་གནས།
http://www.gavtc.cn
1 ​ངོ་སྤྲོད།

ཀོང་ཨན་ལས་རིགས་ལག་རྩལ་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་དང་ཀོང་ཨན་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུའུ་ཡིས་མཉམ་དུ་བསྐྲུན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སི་ཁྲོན་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དང་། སི་ཁྲོན་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་འཆར་གཞིའི་རྣམ་གྲངས་འཛུགས་པའི་སློབ་གླིང་བཅས་ཡིན།

སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ2010ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི25ལྷག་ཙམ་ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི8000ལྷག་ཙམ་ཟིན། ཤེས་ལྡན་བཟོ་སྐྲུན་དང་ནུས་ཁུངས་བཟོ་སྐྲུན་སློབ་གླིང་། སློབ་སྔོན་སློབ་གསོའི་སློབ་གླིང་། ཨར་ལས་བཟོ་སྐྲུན་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། གློག་རྡུལ་དང་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། སྨན་བཅོས་འཕྲོད་བསྟེན་སློབ་གླིང་། དགེ་འོས་སློབ་གླིང་། སྒྱུ་རྩལ་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང8ཡོད། མཐོ་རིམ་ལས་རིགས་ཆེད་ལས47དང་འབྲིང་རིམ་ལས་རིགས་ཆེད་ལས8བཙུགས་ཡོད། སློབ་གྲྭར་ཡོད་པའི་སློབ་མ་ཁྲི1.2ལྷག་ཙམ་ཡོད། དགེ་རྒན་600ལྷག་ཙམ་ཡོད་པ་དང་། དེའི་ནང་མཐོ་རིམ་གཞོན་པ་དང་དེ་ཡན་གྱི་གོ་མིང་ཡོད་མཁན146དང་། འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ67བཅས་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2016ལོའི་ཟླ1པོར་སློབ་གླིང་ལ་སི་ཁྲོན་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་གྱི་ཞིབ་བཤེར་རྩིས་བྱས།

སྤྱི་ལོ2017ལོའི་ཟླ8པའི་ཚེས23ཉིན་སློབ་གླིང་ནི་སློབ་གསོ་པུའུ་ཡིས་རིམ་པ་གཉིས་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས།

སྤྱི་ལོ2017ལོའི་ཟླ11པའི་ཚེས20ཉིན་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་འཆར་གཞིའི་རྣམ་གྲངས་འཛུགས་པའི་སློབ་གླིང་ནང་ཚུད།

སྤྱི་ལོ2019ལོའི་ཟླ10པར་སློབ་གསོ་པུའུ་ཡིས་རིམ་པ་གཉིས་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་ཞིབ་བཤེར་རྩིས་ལེན་བྱས།

སྤྱི་ལོ2020ལོའི་ཟླ7པའི་ཚེས2ཉིན་ཁྲིན་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་མཐོ་སློབ་སྒྱུ་རྩལ་མནའ་འབྲེལ་ནང་ཞུགས།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་གི་སྡེ་ཁག་དང་ཆེད་ལས།

ཀོང་ཨན་ལས་རིགས་ལག་རྩལ་སློབ་གླིང་དུ། ཤེས་ནུས་བཟོ་སྐྲུན་དང་ནུས་རྒྱུ་ལས་གྲྭའི་སློབ་གླིང་དང་། སློབ་སྔོན་སློབ་གསོའི་སློབ་གླིང་། ཨར་ལས་བཟོ་སྐྲུན་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། གློག་རྡུལ་དང་ཆ་འཕྲིན་ལས་གྲྭའི་སློབ་གླིང་། སྨན་བཅོས་འཕྲོད་བསྟེན་སློབ་གླིང་། དགེ་འོས་སློབ་གླིང་། སྒྱུ་རྩལ་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང8དང་། མཐོ་རིམ་ལས་རིགས་ཆེད་ལས47འབྲིང་རིམ་ལས་རིགས་ཆེད་ལས8བཅས་བཙུགས་ཡོད།

3_2 གློག་འཕྲིན་སློབ་གླིང་།

རྩིས་འཁོར་དྲ་རྒྱའི་ལག་རྩལ། རྩིས་འཁོར་ཉེར་སྤྱོད་ལག་རྩལ། མཉེན་ཆས་ལག་རྩལ། སྤོ་འགུལ་མཉམ་སྦྲེལ་ཉེར་སྤྱོད་ལག་རྩལ། ཉེར་སྤྱོད་གློག་རྡུལ་ལག་རྩལ།

3_3 དཔལ་འབྱོར་དོ་དམ་སློབ་གླིང་།

གློག་རྡུལ་ཚོང་དོན།རྩིས་གཉེར། ཡུལ་སྐོར་དོ་དམ། ཁྲོམ་རའི་ཚོང་གཉེར། དངོས་ཟོག་སྐྱེལ་འདྲེན་དོ་དམ། མཁའ་འགྲུལ་ཞབས་ཞུ་བ།

3_4 དགེ་འོས་སློབ་གླིང་།

སྐད་ཡིག་སློབ་གསོ། གྲངས་རིག་སློབ་གསོ། དབྱིན་ཡིག་སློབ་གསོ། སློབ་ཆུང་སློབ་གསོ།

3_5 ཨར་ལས་བཟོ་སྐྲུན་སློབ་གླིང་།

བཟོ་སྐྲུན་ཚད་འཇལ་ལག་རྩལ། བཟོ་སྐྲུན་གྱི་མ་གནས། བཟོ་སྐྲུན་ལས་གྲྭའི་ལྟ་སྐུལ་དོ་དམ། བཟོ་སྐྲུན་ལག་རྩལ།བཟོ་སྐྲུན་རྒྱན་སྤྲས་ལག་རྩལ། བཟོ་སྐྲུན་རྒྱུ་ཆ་དཔེ་གསར་ལག་རྩལ། སྐྱེད་ཚལ་ལག་རྩལ།

3_5_1 སློབ་སྔོན་སློབ་གསོ་སློབ་གླིང་།

རོལ་མོའི་སློབ་གསོ། ཐོག་མའི་སློབ་གསོ། སློབ་སྔོན་སློབ་གསོ།

3_6 གསོ་རིག་འཕྲོད་བསྟེན་སློབ་གླིང་།

ནད་སྐྱོང་། ལུས་སོས་གསོ་བཅོས་ལག་རྩལ། རྒན་རྒོན་གྱི་ཞབས་ཞུ་དང་དོ་དམ། གསོ་རིག་བརྟག་བཤེར་ལག་རྩལ། སྨན་རྫས།

3_7 སྒྱུ་རྩལ་སློབ་གླིང་།

འགུལ་རིས་བཟོ་སྐྲུན་ལག་རྩལ། བརྡ་ཁྱབ་ཇུས་འགོད་དང་བཟོ་སྐྲུན། མཛེས་རྩལ་སློབ་གསོ། སྤྱི་ཚོགས་ཀྱི་ལུས་རྩལ།

3_8 ཤེས་ནུས་སློབ་གླིང་།

གྲོང་ཁྱེར་གྱི་འབར་རླངས་བཟོ་སྐྲུན་ལག་རྩལ། བཟོ་ལས་འཕྲུལ་ཆས་མིའི་ལག་རྩལ། འཕྲུལ་གློག་གཞི་གཅིག་ཅན་གྱི་ལག་རྩལ། རླངས་འཁོར་ཚོང་གཉེར་དང་ཞབས་ཞུ་། རླངས་འཁོར་བཀོལ་སྤྱོད་དང་ཉམས་གསོའི་ལག་རྩལ་། ཉེར་སྤྱོད་རྫས་བཟོ་ལག་རྩལ། ནུས་ཁུངས་གསར་པའི་རླངས་འཁོར་ལག་རྩལ།

3_9 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ6པར། སློབ་གྲྭར་དགེ་རྒན600ལྷག་ཡོད་པའི་ནང་མཐོ་རིམ་གཞོན་པ་དང་དེ་ཡན་གྱི་གོ་མིང་ཡོད་མཁན146ཡོད། འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ167ཡོད།

3_10 སློབ་ཁྲིད་འཛུགས་སྐྲུན།

སློབ་གྲྭར་རྒྱལ་ཁབ་ཀྱི་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་དང་། སི་ཁྲོན་ཞིང་ཆེན་གྱི་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི། སློབ་གསོ་པུའུ་ཡི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ་བཅས་ཡོད་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཚོད་ལྟའི་དངོས་སྦྱོང་རྟེན་གཞི4ཞིང་ཆེན་རིམ་པའི་ཐོན་སྐྱེད་རང་བཞིན་གྱི་དངོས་སྦྱོང་རྟེན་གཞི2རྒྱལ་ཁབ་རིམ་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཆེད་ལས1ཞིང་ཆེན་རིམ་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཆེད་ལས4ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་ལས3ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས2བཅས་ཡོད།

4 རིག་གཞུང་ཞིབ་འཇུག
4_1 ཚན་ཞིབ་སྒྲིག་གཞི།

སྤྱི་ལོ2015ལོའི་ཟླ5པའི་བར། སློབ་གླིང་དུ་སློབ་གྲྭ་རིམ་པའི་ཚན་རིག་ཞིབ་འཇུག་སྒྲིག་གཞི7ཡོད།

4_2 ཚན་ཞིབ་གྲུབ་འབྲས།

སྤྱི་ལོ2014ལོའི་ཟླ6པར། སློབ་གྲྭའི་དགེ་རྒན་གྱིས་དཔྱད་རྩོམ210ཡོངས་བསྒྲགས་སུ་སྤེལ་བ་དང་། རྒྱ་ཡིག་གི་ལྟེ་བའི་དུས་དེབ་ཏུ་དཔྱད་རྩོམ48སྤེལ་ཡོད། དབྱིན་ཡིག་གི་ལྟེ་བའི་དུས་དེབ་ཏུ་དཔྱད་རྩོམ3སྤེལ་ཡོད། རྒྱལ་ཁབ་རིམ་པའི་ཞིབ་འཇུག་བྱ་གཞིའི་རྣམ་གྲངས2བཙུགས་ཡོད། ཞིང་ཆེན་རིམ་པའི་ཞིབ་འཇུག་བྱ་གཞིའི་རྣམ་གྲངས24དང་གྲོང་ཁྱེར་རིམ་པའི་ཞིབ་འཇུག་བྱ་གཞིའི་རྣམ་གྲངས48བཅས་ཡོད།

4_3 རིག་གཞུང་ཐོན་ཁུངས།

སྤྱི་ལོ2015ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭའི་དཔེ་མཛོད་ཁང་དུ་ཉར་པའི་དཔེ་དེབ་ཁྲི36ལྷག་ཙམ་དང་གློག་རྡུལ་དཔེ་དེབ་ཁྲི50ཙམ་ཡོད།

དཔྱད་གཞིའི་ཡིག་ཆ།