སི་ཁྲོན་རིག་གནས་སྨྱན་སྦྱོར་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 10:15ལ་འགྲུབ།

སི་ཁྲོན་རིག་གནས་སྨྱན་སྦྱོར་ལས་རིགས་སློབ་གླིང་།

སི་ཁྲོན་རིག་གནས་སྨྱན་སྦྱོར་ལས་རིགས་སློབ་གླིང་།
སི་ཁྲོན་རིག་གནས་སྨྱན་སྦྱོར་ལས་རིགས་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དམངས་སྒྲུབ་ཕྱོགས་བསྡུས་རང་བཞིན་གྱི་ཆེད་སྦྱོང་རིམ་པའི་མཐོ་སློབ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四川文化传媒职业学院
ཕྱི་ཡིག་གི་མིང་།
Sichuan Vocational College of Culture & Communication
བཙུགས་ལོ།
སྤྱི་ལོ2005ལོར།
སློབ་སྒྲུབ་ངོ་བོ།
དམངས་སྒྲུབ་སློབ་ཆེན།
སློབ་གྲྭའི་ཁྱད་ཆོས།
ཞེང་ཆེན་ཁོངས་གཏོགས་ཀྱི་ཆེད་སྦྱོང་སློབ་གྲྭ།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན།
རྣམ་པ།
ཕྱོགས་བསྡུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཁྲིན་ཏུའུ།
ལས་ཐོག་འགོ་ཁྲིད།
ཧོང་ཝན་ཕིན།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སློབ་སྔོན་སློབ་གསོ་སྡེ་ཁག་དང་། སྒྱུ་རྩལ་ཇུས་འགོད་སྡེ་ཁག་སོགས།
1 ངོ་སྤྲོད།

སི་ཁྲོན་རིག་གནས་སྨྱན་སྦྱོར་ལས་རིགས་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དམངས་སྒྲུབ་ཕྱོགས་བསྡུས་རང་བཞིན་གྱི་ཆེད་སྦྱོང་རིམ་པའི་མཐོ་སློབ་དཀྱུས་མ་ཞིག་ཡིན། སྤྱི་ལོ2019ལོའི་བར་སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་མུའུ800ཡོད་པ་དང་། སློབ་གྲྭའི་མལ་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ90510ཡོད། སློབ་གྲྭར་ཡོད་པའི་སློབ་མ3434དང་དགེ་རྒན་དང་ལས་བཟོ་པ267ཡོད། དེའི་ནང་མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་མི49དང་འབྲིང་རིམ་གོ་མིང་མི94བཅས་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སློབ་གླིང་ད་སྔོན་ནི་སྤྱི་ལོ1998ལོར་བཙུགས་པའི་ཁྲིན་ཏུའུ་གློག་བརྙན་བརྙན་འཕྲིན་སློབ་གྲྭ་ཡིན། སྤྱི་ལོ2005ལོར་རྨང་གཞི་དེའི་ཐོག་སི་ཁྲོན་རིག་གནས་སྨྱན་སྦྱོར་ལས་རིགས་སློབ་གླིང་བཙུགས་ནས་སི་ཁྲོན་ཡུང་ཧོ་སློབ་གསོའི་མ་འཇོག་ཚད་ཡོད་ཀུང་སིས་གཉེར། 

སློབ་གླིང་དུ་སློབ་སྔོན་སློབ་གསོ་སྡེ་ཁག་དང་། མཁའ་འགྲུལ་སྡེ་ཁག སྒྱུ་རྩལ་ཇུས་འགོད་སྡེ་ཁག གློག་བརྙན་བརྙན་འཕྲིན་སྡེ་ཁག རོལ་དབྱངས་ཞབས་བྲོའི་སྡེ་ཁག རིག་གནས་དོ་དམ་སྡེ་ཁག གློག་རྡུལ་ཆ་འཕྲིན་སྡེ་ཁག་རྨང་གཞིའི་སློབ་གསོ་པུའུ། རྒྱལ་སྤྱིའི་པུའུ། ལྟ་སྐུལ་མཛུབ་ཁྲིད་ཁང་། དཔེ་མཛོད་ཁང་། གསར་གཏོད་ལྟེ་གནས། དངོས་སྦྱོང་ལྟེ་གནས་བཅས་བཙུགས་ཡོད། སློབ་སྔོན་སློབ་གསོ། མཁའ་འགྲུལ་ཞབས་ཞུ། མི་མེད་གནམ་གྲུའི་ཉེར་སྤྱོད་ལག་རྩལ། ཁོར་ཡུག་སྒྱུ་རྩལ་ཇུས་འགོད། གློག་རྡུལ་ཚོང་དོན། མགྲོན་ཁང་དོ་དམ། ཡུལ་སྐོར་དོ་དམ། རིག་གནས་ཁྲོམ་ར་དོ་དམ། གསར་འགྱུར་འཚོལ་སྒྲིག་དང་བཟོ་སྐྲུན། འགུལ་རིས་ཇུས་འགོད། གློག་བརྙན་དང་བརྙན་འཕྲིན་འགུལ་རིས། གློག་བརྙན་དང་བརྙན་འཕྲིན་སྨྱན་མང་གཟུགས་ལག་རྩལ། རོལ་དབྱངས་འཁྲབ་སྟོན། གཉེར་ཚོང་དང་ཇུས་འགོད། ནོར་དོན་ཆ་འཕྲིན་དོ་དམ་སོགས་ཆེད་ལས60བཙུགས་ཡོད།

3 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་ད་ལྟ་དགེ་རྒན་དང་ལས་བཟོ་པ267ལྷག་ཡོད་པ་དང་། དེའི་ནང་མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་མི49དང་འབྲིང་རིམ་གོ་མིང་མི94ཡོད།

4 སློབ་ཁྲིད་འཛུགས་སྐྲུན།

སློབ་གླིང་དུ་མཁའ་འགྲུལ་ཞབས་ཞུ་དང་། གློག་བརྙན་དང་བརྙན་འཕྲིན་འཁྲབ་སྟོན་སྒྱུ་རྩལ། རྒྱང་བསྒྲགས་གཙོ་སྐྱོང་། གླུ་གར། རོལ་དབྱངས་འཁྲབ་སྟོན། གློག་བརྙན་བརྙན་འཕྲིན་སྨྱན་མང་གཟུགས། གློག་བརྙན་བརྙན་འཕྲིན་འགུལ་རིས། གསར་འགྱུར་འཚོལ་སྒྲིག་དང་སྒྲིག་བཟོ། བརྡ་ཁྱབ་ཇུས་འགོད་དང་སྒྲིག་བཟོ། མི་སྣའི་གཟུགས་བརྙན་ཇུས་འགོད། འགུལ་རིས་ཇུས་འགོད་དང་སྒྲིག་བཟོ། རྩིས་འཁོར་ཉེར་སྤྱོད་ལག་རྩལ། གློག་རྡུལ་ཚོང་དོན། ཨར་ཁང་དོ་དམ། ཡུལ་སྐོར་དོ་དམ། རིག་གནས་ཁྲོམ་རའི་གཉེར་སྐྱོང་དང་དོ་དམ། རིག་གནས་བྱ་གཞག་དོ་དམ། གློག་རྡུལ་བཟོ་རྩལ་དང་དོ་དམ། མ་ལག་སྲུང་སྐྱོང་དང་སྒྲིག་སྦྱོར་བཅས་ཀྱི་ཆེད་ལས་ཡོད།

5 སློབ་གྲྭའི་གནས་ཡུལ།

ཁྲིན་ཏུའུ་གྲོང་ཁྱེར་ཞི་ཅའོ་ཁྲུང་ཀྲོའུ་སློབ་རའི་ཤར་ལམ་ཨང22པ།


དཔྱད་གཞིའི་ཡིག་ཆ།