གཡག་རྔ་ལས་རིགས་ལག་རྩལ་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་ནས་བཙུགས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མ་ཞིག་ཡིན། སྤྱི་ལོ2020ལོའི་ཟླ10པར་སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་མུའུ837ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ16000ལྷག་ཙམ་ཡོད། སློབ་གླིང9དང་མཐོ་རིམ་ལས་རིགས་ཀྱི་ཆེད་ལས51བཙུགས་ཡོད།
སྤྱི་ལོ1951ལོའི་ཟླ3པར། ཞི་ཁང་ཞིང་ཆེན་འཕྲོད་བསྟེན་ལག་རྩལ་སློབ་གྲྭ་བཙུགས།
སྤྱི་ལོ1962ལོར་སི་ཁྲོན་ཞིང་ཆེན་གཡག་རྔ་འཕྲོད་བསྟེན་སློབ་གྲྭར་མིང་བསྒྱུར།
སྤྱི་ལོ1977ལོར་གཡག་རྔ་ཞིང་ལས་འཕྲུལ་ཆས་སློབ་གྲྭ་བཙུགས།
སྤྱི་ལོ1978ལོར་གཡག་རྔ་ནོར་སྲིད་ཉོ་ཚོང་སློབ་གྲྭ་བཙུགས།
སྤྱི་ལོ1984ལོར་གཡག་རྔ་དགེ་རྒན་ཟབ་སྦྱོང་སློབ་གླིང་ནི་གཡག་རྔ་སློབ་གསོའི་སློབ་གླིང་དུ་མིང་བསྒྱུར།
སྤྱི་ལོ2002ལོའི་ཟླ4པར་གཡག་རྔ་སློབ་གསོ་སློབ་གླིང་དང་སི་ཁྲོན་ཞིང་ཆེན་གཡག་རྔ་འཕྲོད་བསྟེན་སློབ་གྲྭ་གཉིས་ཟླ་སྒྲིལ་བཏང་ནས་གཡག་རྔ་ལས་རིགས་ལག་རྩལ་སློབ་གླིང་བཙུགས།
སྤྱི་ལོ2020ལོའི་ཟླ10པར། སློབ་གླིང་དུ་ནད་ཐོག་སྨན་བཅོས་གསོ་རིག་སློབ་གླིང་དང་། རྨང་གཞི་གསོ་རིག་སློབ་གླིང་། ནད་གཡོག་སློབ་གླིང་། སྨན་རྫས་རིག་པ་དང་ཞིབ་དཔྱད་སློབ་གླིང་། དགེ་འོས་སློབ་གླིང་། ཤེས་ནུས་བཟོ་སྐྲུན་དང་ཆ་འཕྲིན་ལས་གྲྭའི་སློབ་གླིང་། དཔལ་འབྱོར་དང་དོ་དམ་སློབ་གླིང་། བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་ སློབ་ཁྲིད་པུའུ་བཅས་ཀྱི་སློབ་གསོ་སློབ་གླིང8དང་ཆེད་སྦྱོང་ཆེད་ལས51བཙུགས་ཡོད།
གསོ་རིག ཀྲུང་ལུགས་གསོ་རིག ཁབ་བཙའི་འཕུར་འདེད། གསོ་རིག་བརྙན་པར་ལག་རྩལ། ནད་གསོའི་སྨན་བཅོས་ལག་རྩལ། ཁ་སྦུག་གསོ་རིག་ལག་རྩལ། སྤྱི་པའི་འཕྲོད་བསྟེན་དོ་དམ།
ནད་གཡོག སྐྱེས་རོགས། གསོ་རིག་མཛེས་བཟོའི་ལག་རྩལ། བདེ་ཐང་དོ་དམ།
སྨན་རྫས། ཀྲུང་ལུགས་སྨན་རྫས་རིག་པ། གསོ་རིག་ཞིབ་དཔྱད་ལག་རྩལ། འཕྲོད་བསྟེན་ཞིབ་དཔྱད་དང་རིམས་ནད་ཞིབ་དཔྱད་ལག་རྩལ། ཟས་རིགས་འཚོ་བཅུད་དང་ཞིབ་དཔྱད་ཚད་ལེན། ཟས་རིགས་ལས་སྣོན་ལག་རྩལ།
སློབ་སྔོན་སློབ་གསོ། ཐོག་མའི་སློབ་གསོ། དམིགས་བསལ་སློབ་གསོ། དབྱིན་ཡིག་སློབ་གསོ། སྐད་ཡིག་སློབ་གསོ། རྩིས་རིག་སློབ་གསོ།
གློག་གཞི་གཅིག་ཅན་གྱི་ལག་རྩལ། རྩིས་འཁོར་ཉེར་སྤྱོད་ལག་རྩལ། བཟོ་ལས་འཕྲུལ་ཆས་མིའི་ལག་རྩལ། འཕྲོད་བསྟེན་ཆ་འཕྲིན་དོ་དམ། རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཉམས་གསོ། སྨན་བཅོས་སྒྲིག་ཆས་ཉེར་སྤྱོད་ལག་རྩལ། གཞི་གྲངས་ཆེན་པོའི་ལག་རྩལ་དང་བཀོལ་སྤྱོད། ཟོག་སྦྲེལ་དྲ་བའི་ཉེར་སྤྱོད་ལག་རྩལ། མཉེན་ཆས་ལག་རྩལ།
རྩིས་གཉེར་དང་། ནོར་དོན་དོ་དམ། ཟོག་འགྲུལ་དོ་དམ། ཡུལ་སྐོར་དོ་དམ། ཨར་ཁང་དོ་དམ།
ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱས་པའི་ཁྱད་ལྡན་སྣེ་ཁྲིད་རང་བཞིན་གྱི་ཆེད་ལས། གསོ་རིག་བརྙན་པར་ལག་རྩལ། སློབ་སྔོན་སློབ་གསོ།
རྒྱལ་ཁབ་ཀྱི་དཀོན་པའི་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྣམ་གྲངས། ནད་སྐྱོང་ཆེད་ལས།
ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན། ནད་གཡོག གསོ་རིག་བརྙན་པར་ལག་རྩལ། ནད་ཐོག་གསོ་རིག
ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་རིམ་པའི་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི། ནད་སྐྱོང་དངོས་སྦྱོང་རྟེན་གཞི། སྨན་རྫས་དངོས་སྦྱོང་རྟེན་གཞི།
རྒྱལ་ཡོངས་ལས་རིགས་སློབ་གླིང་གི་ལས་ཞུགས་འགྲན་རྩོད་ནུས་པའི་དཔེ་སྟོན་སློབ་གླིང་།
སི་ཁྲོན་ཞིང་ཆེན་གྱི་དཔལ་ཡོན་ཚན་པ།
སི་ཁྲོན་ཞིང་ཆེན་གྱི་དཔལ་ཡོན་སློབ་ར།
སི་ཁྲོན་ཞིང་ཆེན་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་།
སི་ཁྲོན་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གྲྭའི་འཛུགས་སྐྲུན་འཆར་གཞི་སྐྱེད་སྲིང་སློབ་གླིང་།