ལུ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 09:23ལ་འགྲུབ།

ལུ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།

ལུ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།
ལུ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་ནི་སྨན་བཅོས་འཕྲོད་བསྟེན་དང་། ནོར་སྲིད་དཔལ་འབྱོར། འཕྲུལ་ཆས་དང་གློག་རྡུལ་རིགས་ཀྱི་རིག་གཞུང་ཚན་ཁག་ཚུད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乐山职业技术学院
ཕྱི་ཡིག་གི་མིང་།
Leshan Vocational and Technical College
བཙུགས་ལོ།
སྤྱི་ལོ2002ལོར།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ནུས་ཁུངས་གསར་པའི་ལས་གྲྭ་སྡེ་ཁག་དང་། གློག་རྡུལ་ཆ་འཕྲིན་ལས་གྲྭ་སྡེ་ཁག་སོགས།
གཞུང་ཕྱོགས་དྲ་གནས།
http://www.lszyxy.com
1 ངོ་སྤྲོད།

ལུ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་ནི་སྨན་བཅོས་འཕྲོད་བསྟེན་དང་། ནོར་སྲིད་དཔལ་འབྱོར། འཕྲུལ་ཆས་དང་གློག་རྡུལ་རིགས་ཀྱི་རིག་གཞུང་ཚན་ཁག་ཚུད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སི་ཁྲོན་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དང་། སི་ཁྲོན་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་འཆར་གཞི། རྒྱལ་ཁབ་ཀྱི་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི། སི་ཁྲོན་ཞིང་ཆེན་གྱི་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི། འབུམ་རམས་ཕྱི་ཚར་གྱི་གསར་གཏོད་ལག་ལེན་རྟེན་གཞི་བཅས་ཡིན། 

སྤྱི་ལོ2018ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ800ཡོད་པ་དང་ཆེད་བསྐོས་དགེ་རྒན506ཡོད། དགེ་རྒན་ཆེན་མོ35དང་དགེ་རྒན་ཆེན་མོ་གཞོན་པ151ཡོད། སློབ་གྲྭར་ཡོད་པའི་སློབ་མ་ཁྲི1.8ལྷག་ཙམ་ཡོད། སློབ་གླིང་དུ་ནུས་རྒྱུ་གསར་པའི་ལས་གྲྭའི་སྡེ་ཁག་དང་། ནོར་སྲིད་དཔལ་འབྱོར་དོ་དམ་སྡེ་ཁག ཡུལ་སྐོར་སྡེ་ཁག སྒྱུ་རྩལ་ཇུས་འགོད་སྡེ་ཁག འཕྲུལ་གློག་ལས་གྲྭའི་སྡེ་ཁག གློག་རྡུལ་ཆ་འཕྲིན་ལས་གྲྭའི་སྡེ་ཁག ནད་སྐྱོང་སྡེ་ཁག གསོ་རིག་སྡེ་ཁག སྨན་རྫས་རིག་པའི་སྡེ་ཁག ལུས་རྩལ་སྡེ་ཁག་བཅས་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2002ལོའི་ཟླ4པར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་ཧྲན་ནོར་སྲིད་ཉོ་ཚོང་སློབ་གྲྭ་དང་། ལུ་ཧྲན་བཟོ་ལས་སློབ་གྲྭ ལུ་ཧྲན་འཕྲོད་བསྟེན་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་ནས་ལུ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱས།

སྤྱི་ལོ2007ལོར་སློབ་གསོ་པུའུ་ཡིས་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ཚན་སློབ་གླིང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་གྱི་ཆུ་ཚད་དཔྱད་དཔོག་བྱས།             

སྤྱི་ལོ2013ལོར་སློབ་གྲྭ་ནི་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་དང་སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་གིས་སི་ཁྲོན་ཞིང་ཆེན་གྱི་རིམ་པ་བཞི་པའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་གི་འཛུགས་སྐྲུན་ཚན་པར་ཆོག་མཆན་སྤྲད།

སྤྱི་ལོ2017ལོའི་ཟླ11པའི་ཚེས20ཉིན་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་འཆར་གཞིའི་རྣམ་གྲངས་འཛུགས་པའི་སློབ་གླིང་དུ་བདམས།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་གི་སྡེ་ཁག་དང་ཆེད་ལས།

སྤྱི་ལོ2015ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭར་ནུས་རྒྱུ་གསར་པའི་ལས་གྲྭའི་སྡེ་ཁག་དང་། ནོར་སྲིད་དཔལ་འབྱོར་དོ་དམ་སྡེ་ཁག ཡུལ་སྐོར་སྡེ་ཁག སྒྱུ་རྩལ་ཇུས་འགོད་སྡེ་ཁག འཕྲུལ་གློག་ལས་གྲྭའི་སྡེ་ཁག གློག་རྡུལ་ཆ་འཕྲིན་ལས་གྲྭའི་སྡེ་ཁག ནད་སྐྱོང་སྡེ་ཁག གསོ་རིག་སྡེ་ཁག སྨན་རྫས་རིག་པའི་སྡེ་ཁག ལུས་རྩལ་སྡེ་ཁག་དང་ཆེད་སྦྱོང་ཆེད་ལས39བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2015ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭར་ཆེད་ལས་དགེ་རྒན་དང་གཅིག་ལྕོགས་དགེ་རྒན606ཡོད་པ་དང་། དགེ་རྒན་ཆེན་མོ29ཡོད། དགེ་རྒན་ཆེན་མོ་གཞོན་པ127 འབུམ་རམས་པའི་ཞིབ་འཇུག་སློབ་མ20དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ169ཉིས་འཇོན་དགེ་རྒན་གྱི་བྱང་ཚད་དགེ་རྒན་གྱིས74%ཟིན། དེའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་མཁན1དང་། སི་ཁྲོན་ཞིང་ཆེན་གྱི་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པ1སི་ཁྲོན་ཞིང་ཆེན་གྱི་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པའི་རྗེས་གྲབས་འོས་མི2ལུ་ཧྲན་གྲོང་ཁྱེར་གྱི་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པ7ལུ་ཧྲན་གྲོང་ཁྱེར་གྱི་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པའི་རྗེས་གྲབས་འོས་མི15བཅས་ཡོད། 

3_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2015ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭར་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས3ཡོད་པ་དང་། ཞིང་ཆེན་རིམ་པའི་སྤུས་ལེགས་བསླབ་ཚན5དང་སློབ་གླིང་རིམ་པའི་སྤུས་ལེགས་བསླབ་ཚན9ཡོད། སློབ་གླིང་དུ་བཙུགས་པའི་དངོས་སྦྱོང་ཁང་། གསོ་སྦྱོང་རྟེན་གཞི་བཅས་ཡོད། 

4 རིག་གཞུང་ཞིབ་འཇུག
4_1 ཚན་ཞིབ་སྒྲིག་གཞི།

སྤྱི་ལོ2015ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭར་ཚན་རིག་ཞིབ་འཇུག་གི་ཚན་པ3ཡོད་པ་དེའི་ནང་གྲོང་ཁྱེར་རིམ་པའི་ཚན་རིག་ཞིབ་འཇུག་ཚན་པ2ཡོད།

4_2 རིག་གཞུང་ཐོན་ཁུངས།

སྤྱི་ལོ2015ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭའི་དཔེ་མཛོད་ཁང་དུ་ཉར་བའི་དཔེ་དེབ་ཁྲི23ལྷག་ཙམ་དང་། གློག་རྡུལ་དཔེ་དེབ་ཁྲི12ལྷག་ཙམ། དུས་དེབ་ཚགས་པར1000ལྷག་ཙམ་བཅས་ཡོད།

དཔྱད་གཞིའི་ཡིག་ཆ།