མེ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 10:11ལ་འགྲུབ།

མེ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།

མེ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།
མེ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་གྱིས་གཙོ་གཉེར་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
眉山职业技术学院
ཕྱི་ཡིག་གི་མིང་།
Meishan vocational and technical college
བཙུགས་ལོ།
སྤྱི་ལོ1927ལོར།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
ཕྱོགས་བསྡུས།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན།
མཐོ་རིམ་ལས་རིགས་ཆེད་ལས།
23ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
དགེ་འོས་སློབ་གསོ་སྡེ་ཁག་དང་། ཞིང་ལས་ལག་རྩལ་སྡེ་ཁག་སོགས།
སློབ་གྲྭའི་ཚབ་ཨང་།
12968
གཞུང་ཕྱོགས་དྲ་གནས།
http://www.msvtc.net
1 ​ངོ་སྤྲོད།

མེ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་གྱིས་གཙོ་གཉེར་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སློབ་གླིང་ནི་རིམ་པ་གསུམ་པའི་རྒྱལ་ཁབ་རིམ་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ་དང་། སི་ཁྲོན་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་གི་གསོ་སྐྱོང་སློབ་གླིང་འཛུགས་སྐྲུན་ཚན་པ། སི་ཁྲོན་ཞིང་ཆེན་གྱི་རིམ་པ་དང་པོའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་སློབ་གྲྭ། སི་ཁྲོན་ཞིང་ཆེན་གྱི་དེང་རབས་ཞིང་ལས་ལག་རྩལ་གསོ་སྦྱོང་རྟེན་གཞི་བཅས་ཡིན།

སྤྱི་ལོ2018ལོའི་ཟླ3པའི་བར་སློབ་གླིང་གི་རྒྱ་ཁྱོན་ལ་མུའུ500ལྷག་ཙམ་ཡོད་པ་དང་། སློབ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་2ལྷག་ཙམ་ཡོད། སློབ་ཁྲིད་དང་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རྒྱུ་ནོར་རིན་ཐང་བསྡོམས་འབོར་སྒོར་ཁྲི4043ལྷག་ཙམ་ཟིན། ཉར་བའི་དཔེ་དེབ་ཁྲི44ལྷག་ཙམ་ཡོད། སློབ་གླིང་དུ་དགེ་རྒན་དང་ལས་བཟོ་པ460ཡོད། དེའི་ནང་ཆེད་བསྐོས་དགེ་རྒན311ཡོད་པ་དང་། འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་བསླབ་གནས་ཡོད་པའི་མི149ཡོད། མཐོ་རིམ་གོ་མིང་ཡོད་མཁན83དང་། འབྲིང་རིམ་གོ་མིང་ཡོད་མཁན125ཉིས་འཇོན་དགེ་རྒན་གྱི་བྱང་ཚད་དགེ་རྒན237ཡོད། ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ1དང་སློབ་གླིང་དུ་སློབ་ཁྲིད་ཚན་ཞིབ་ཚན་པ7ཆེད་སྦྱོང་ ཆེད་ལས23ཡོད། སློབ་གྲྭར་ཡོད་པའི་སློབ་མ7000ལྷག་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2002ལོར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་མེ་ཧྲན་དགེ་འོས་སློབ་གྲྭ་དང་མེ་ཧྲན་ཞིང་ལས་སློབ་གྲྭ་གཉིས་ཟླ་སྒྲིལ་བཏང་ནས་མེ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་བཙུགས།

སྤྱི་ལོ2013ལོར་སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་ཆེན་སློབ་གསོ་ཐིང་གིས་སི་ཁྲོན་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་སྐྱེད་སྲིང་སློབ་གླིང་འཛུགས་སྐྲུན་ཚན་པར་གཏན་འཁེལ་བྱས།

སྤྱི་ལོ2018ལོའི་ཟླ8པའི་ཚེས1ཉིན་སློབ་གླིང་ནི་རིམ་པ་གསུམ་པའི་རྒྱལ་ཁབ་རིམ་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས།

སྤྱི་ལོ2020ལོའི་ཟླ7པའི་ཚེས2ཉིན་ཁྲིན་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་མཐོ་སློབ་སྒྱུ་རྩལ་མནའ་འབྲེལ་ནང་ཞུགས།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་གི་སྡེ་ཁག་དང་ཆེད་ལས།

སྤྱི་ལོ2018ལོའི་ཟླ3པའི་བར། སློབ་གླིང་དུ་དགེ་འོས་སློབ་གསོ་སྡེ་ཁག་དང་། ཞིང་ལས་ལག་རྩལ་སྡེ་ཁག ཚོང་དོན་ཡུལ་སྐོར་སྡེ་ཁག བཟོ་སྐྲུན་ལག་རྩལ་སྡེ་ཁག རིག་གནས་སྒྱུ་རྩལ་སྡེ་ཁག འབྲིང་རིམ་ལས་རིགས་སློབ་གསོ་པུའུ། རྒྱུན་མཐུད་སློབ་གསོ་པུའུ་སོགས་སློབ་ཁྲིད་སྡེ་ཚན7ཡོད་པ་དང་། ཆེད་ལས23བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2016ལོའི་ཟླ11པའི་བར། སློབ་གླིང་དུ་དགེ་རྒན་དང་ལས་བཟོ་པ414ཡོད་པའི་ནང་ཆེད་བསྐོས་དགེ་རྒན280ཡོད། འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་ལྡན་པའི་མི152ཡོད། མཐོ་རིམ་གོ་མིང་ཡོད་པའི་མི79དང་འབྲིང་རིམ་གོ་མིང་མི123ཡོད། ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ1ཡོད། ཆེད་བསྐོས་དགེ་རྒན་ཁྲོད་དགེ་རྒན་ཆེན་མོ8ཡོད། དགེ་རྒན་ཆེན་མོ་གཞོན་པ70དང་། འཆད་ཁྲིད་དགེ་རྒན49འབུམ་རམས་པ2 རབ་འབྱམས་པ42རྒྱལ་ཁབ་རིམ་པའི་ལུས་རྩལ་རྐང་འཛིན་དགེ་རྒན1བཅས་ཡོད།

3_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ3པའི་བར། སློབ་གྲྭའི་ནང་དུ་ཚོད་ལྟའི་དངོས་སྦྱོང་ཁང134དང་དངོས་སྦྱོང་རྟེན་གཞི6ཡོད། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་དངོས་སྦྱོང་རྟེན་གཞི2ཡོད། སློབ་ཕྱིའི་དངོས་སྦྱོང་རྟེན་གཞི200ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཆེད་ལས2དང་། ཞིང་ཆེན་རིམ་པའི་གཙོ་གནད་འཛུགས་སྐྲུན་ཆེད་ལས2སི་ཁྲོན་ཞིང་ཆེན་གྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཆེད་ལས2 ཞིང་ཆེན་རིམ་པའི་སྤུས་ལེགས་བསླབ་ཚན5ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་བསླབ་ཚན7དྲ་ཐོག་སྒོ་དབྱེའི་བསླབ་ཚན8བཅས་ཡོད།

4 གཟི་བརྗིད་མཚན་སྙན།

ཞིང་ཆེན་རིམ་པའི་དཔལ་ཡོན་ཚན་པ།

ཞིང་ཆེན་རིམ་པའི་འཕྲོད་བསྟེན་ཚན་པ།

ཞིང་ཆེན་རིམ་པའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས།

ཞིང་ཆེན་རིམ་པའི་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་སློབ་གསོའི་སྔོན་ཐོན་ཚོགས་པ།

སི་ཁྲོན་ཞིང་ཆེན་ཚན་རྩལ་གསར་གཏོད་སློབ་གྲྭ།

གྲོང་ཁྱེར་རིམ་པའི་སྐྱེད་ཚལ་རྣམ་པ།

5 རིག་གཞུང་ཞིབ་འཇུག
5_1 ཚན་ཞིབ་སྟེགས་བུ།

སྤྱི་ལོ2019ལོའི་ཟླ1པོར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། མེ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་དང་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་མཉམ་དུ་བསྐྲུན་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྟེན་གཞི། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་མེ་ཧྲན་ཡན་ལག་སློབ་གླིང་བཅས་ཡོད།

5_2 རིག་གཞུང་ཐོན་ཁུངས།

སྤྱི་ལོ2019ལོའི་ཟླ1པོར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གླིང་གི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི40ཙམ་ཉར་ཡོད་པ་དང་། དུས་དེབ92225ཡོད།

དཔྱད་གཞིའི་ཡིག་ཆ།