ལུའུ་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 09:22ལ་འགྲུབ།

ལུའུ་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་།

ལུའུ་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་།
ལུའུ་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
泸州职业技术学院
ཕྱི་ཡིག་གི་མིང་།
Luzhou vocational and technical college
བཙུགས་ལོ།
སྤྱི་ལོ1901ལོར།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
ཕྱོགས་བསྡུས་རིགས།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན།
མཐོ་རིམ་ལས་རིགས་ཆེད་ལས།
39ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
འཕྲུལ་ཆས་བཟོ་སྐྲུན་སློབ་གླིང་དང་། གློག་རྡུལ་བཟོ་སྐྲུན་སློབ་གླིང་སོགས།
སློབ་བཙུགས་ཉིན་མོ།
ཟླ10པའི་21ཉིན།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ལུའུ་ཀྲོའུ།
སྦྲག་སྲིད་ཨང་རྟགས།
646000
གཞུང་ཕྱོགས་དྲ་གནས།
http://www.lzy.edu.cn
1 ངོ་སྤྲོད།

ལུའུ་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སི་ཁྲོན་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དང་། སི་ཁྲོན་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭའི་འཛུགས་སྐྲུན་འཆར་གཞི། རྒྱལ་ཁབ་རིམ་པའི་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི། རྒྱལ་ཡོངས་ལས་རིགས་སློབ་གླིང་དང་སློབ་གྲྭའི་གྲངས་འཛིན་སློབ་གྲྭ་འཛུགས་སྐྲུན་ཚོད་ལྟའི་སློབ་གྲྭ། རིམ་པ་གསུམ་པའི་རྒྱལ་ཁབ་རིམ་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ། སི་ཁྲོན་ཞིང་ཆེན་གྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་སྔོན་ཐོན་ཚན་པ་བཅས་ཡིན།  

སྤྱི་ལོ2018ལོའི་ཟླ9པའི་བར་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ1271ཡོད་པ་དང་། སློབ་ཁྲིད་སྡེ་ཚན12ཡོད། ཆེད་སྦྱོང་ཆེད་ལས39བཙུགས་ཡོད། སློབ་གྲྭར་ཡོད་པའི་སློབ་ཁྲི1ལྷག་ཡོད། དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི88ལྷག་ཙམ་ཉར་ཡོད། དགེ་རྒན་དང་ལས་བཟོ་པ535ཡོད་པའི་ནང་ཆེད་བསྐོས་དགེ་རྒན430ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2002ལོའི་ཟླ4པར་ལུའུ་ཀྲོའུ་སློབ་གསོ་སློབ་གླིང་དང་། ལུའུ་ཀྲོའུ་དགེ་འོས་སློབ་གྲྭ། སི་ཁྲོན་ཞིང་ཆེན་ཆུ་བེད་འཕྲུལ་གློག་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་ནས་ལུའུ་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་བཙུགས།    

སྤྱི་ལོ2006ལོར་ལུའུ་ཀྲོའུ་གྲོང་ཁྱེར་གྱི་འབྲུ་རིགས་ལས་བཟོའི་སློབ་གྲྭ་དང་ཟླ་སྒྲིལ་བཏང་།

སྤྱི་ལོ2011ལོར་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་དང་སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་གི་ཆོག་མཆན་སྤྲད།

སྤྱི་ལོ2016ལོའི་ཟླ6པར་སློབ་གསོ་པུའུ་ཡི་གཞུང་དོན་ཐིང་དང་། རིག་གནས་པུའུ་ཡི་གཞུང་དོན་ཐིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་བཅས་ཀྱིས་སློབ་གླིང་རིམ་པ་གཉིས་པའི་རྒྱལ་ཡོངས་ལས་རིགས་སློབ་གླིང་གི་མི་རིགས་རིག་གནས་རྒྱུན་འཛིན་དང་གསར་གཏོད་དཔེ་སྟོན་ཆེད་ལས་ས་ཚིགས་སུ་བདམས།

སྤྱི་ལོ2017ལོའི་ཟླ11ཚེས20ཉིན་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་འཆར་གཞིའི་རྣམ་གྲངས་འཛུགས་པའི་སློབ་གླིང་དུ་བདམས།

སྤྱི་ལོ2018ལོའི་ཟླ8པའི་ཚེས1ཉིན་སློབ་གླིང་ནི་རིམ་པ་གསུམ་པའི་རྒྱལ་ཁབ་རིམ་པའི་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས།

སྤྱི་ལོ2019ལོའི་ཟླ7པའི་ཚེས12ཉིན་ཁྲོན་ནན་མཐོ་སློབ་མནའ་འབྲེལ་ལས་འཛིན་ཚན་པར་གྱུར།

སྤྱི་ལོ2020ལོའི་ཟླ7པའི་ཚེས2ཉིན་ཁྲིན་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་མཐོ་སློབ་སྒྱུ་རྩལ་མནའ་འབྲེལ་ནང་ཞུགས།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་གི་སྡེ་ཁག་དང་ཆེད་ལས།

སྤྱི་ལོ2018ལོའི་ཟླ9པའི་བར་ཚོང་ལས་སློབ་གླིང་དང་། འཕྲུལ་ཆས་བཟོ་སྐྲུན་སློབ་གླིང་། གློག་རྡུལ་བཟོ་སྐྲུན་སློབ་གླིང་། བཟོ་སྐྲུན་ལས་གྲྭའི་སློབ་གླིང་། ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། མི་ཆོས་སློབ་གླིང་། རྒྱལ་སྤྱིའི་སློབ་གླིང་། སྒྱུ་རྩལ་སློབ་གླིང་། རྫས་འགྱུར་ལག་རྩལ་སློབ་གླིང་། རྨང་གཞིའི་པུའུ། བསམ་བློ་ཆབ་སྲིད་སློབ་ཁྲིད་པུའུ་བཅས་སློབ་ཁྲིད་ཚན་པ་12ཡོད། 

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ9པའི་བར། སློབ་གླིང་དུ་ད་ལྟ་དགེ་རྒན་དང་ལས་བཟོ་པ535ཡོད་པ་དང་། ཆེད་བསྐོས་དགེ་རྒན430ཡོད་པའི་ནང་དགེ་རྒན་ཆེན་མོ29ཡོད། དགེ་རྒན་ཆེན་མོ་གཞོན་པ་དང་། མཐོ་རིམ་ལག་རྩལ་པ། མཐོ་རིམ་ཚོད་ལྟའི་དགེ་རྒན་སོགས་མཐོ་རིམ་གོ་མིང་ཡོད་མཁན114ཡོད། འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་ཡོད་མཁན299ཡོད། ཕྱི་རྒྱལ་དུ་རྒྱུན་སྡོད་དགེ་རྒན2བཅས་ཡོད།

3_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ9པའི་བར། སློབ་གྲྭ་ནི་རྒྱལ་ཁབ་རིམ་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཆེད་ལས1དང་། རྒྱལ་ཡོངས་ཀྱི་ལས་རིགས་སློབ་གླིང་དང་སློབ་གྲྭའི་མི་རིགས་རིག་གནས་རྒྱུན་འཛིན་དང་གསར་གཏོད་དཔེ་སྟོན་ཆེད་ལས་ཀྱི་ས་ཚིགས་1ཡོད། ཞིང་ཆེན་རིམ་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཆེད་ལས3དང་ཞིང་ཆེན་རིམ་པའི་དཔེ་སྟོན་འཛུགས་སྐྲུན་ཆེད་ལས4ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས3བཅས་ཡོད།

4 རིག་གཞུང་ཞིབ་འཇུག
4_1 ཚན་ཞིབ་སྒྲིག་གཞི།

སྤྱི་ལོ2017ལོའི་ཟླ12པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭར་ལུའུ་ཀྲོའུ་གྲོང་ཁྱེར་གྱི་གཙོ་གནད་ཚོད་ལྟ་ཁང1ཡོད་པ་དང་། གྲོང་ཁྱེར་རིམ་པའི་ལས་གྲྭ་ཞིབ་འཇུག་ཁང1ཡོད། ཚན་རྩལ་ཞབས་ཞུའི་ལྟེ་གནས1གྲོང་ཁྱེར་རིམ་པའི་ཞིབ་འཇུག་ལྟེ་གནས3གྲོང་ཁྱེར་རིམ་པའི་རིག་གནས་ཁྱབ་གདལ་རྟེན་གཞི2བཅས་ཡོད།

4_2 ཚན་ཞིབ་གྲུབ་འབྲས།

སྤྱི་ལོ2018ལོའི་ཟླ4པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭར་རྒྱལ་ཁབ་ཚན་རྩལ་པུའུ་ཡི་རྣམ་གྲངས1དང་ཞིང་ཆེན་རིམ་པའི་ཚན་ཞིབ་རྣམ་གྲངས178ལེགས་འགྲུབ་བྱུང་ཡོད། གྲོང་ཁྱེར་རིམ་པའི་ཚན་ཞིབ་རྣམ་གྲངས373ཡོད། ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ7དང་། ཞིང་ཆེན་རིམ་པའི་སློབ་གསོའི་ཚན་ཞིབ་གྲུབ་འབྲས་བྱ་དགའ22གྲོང་ཁྱེར་རིམ་པའི་ཚན་རྩལ་ཡར་ཐོན་བྱ་དགའ10གྲོང་ཁྱེར་རིམ་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གྲུབ་འབྲས་བྱ་དགའ55སློབ་གླིང་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ61བཅས་ཐོབ་ཡོད།

4_3 རིག་གཞུང་ཐོན་ཁུངས།

སྤྱི་ལོ2018ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ནས་མངོན་པར་ལྟར་ན། དཔེ་དེབ་ཁྲི60ཉར་ཡོད་པ་དང་། ཚགས་པར་དང་དུས་དེབ་རིགས680ལྷག་ཙམ་ཡོད། གློག་རྡུལ་དཔེ་དེབ་ཁྲི24བཅས་ཡོད།

དཔྱད་གཞིའི་ཡིག་ཆ།