དབྱི་པིན་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 10:12ལ་འགྲུབ།

དབྱི་པིན་ལས་རིགས་ལག་རྩལ་སློབ་གླིང་།

དབྱི་པིན་ལས་རིགས་ལག་རྩལ་སློབ་གླིང་།
དབྱི་པིན་ལས་རིགས་ལག་རྩལ་སློབ་གླིང་ནི་དབྱི་པིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宜宾职业技术学院
ཕྱི་ཡིག་གི་མིང་།
YiBin Vocational And Technical College
བཙུགས་ལོ།
སྤྱི་ལོ2002ལོར།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན།
མཐོ་རིམ་ལས་རིགས་ཆེད་ལས།
48ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རིམ་པ་གཉིས་པའི་སློབ་གླིང12ཡོད།
སློབ་གླུ།
《དབྱི་པིན་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་གླུ》
སློབ་གྲྭའི་ཚབ་ཨང་།
12966
གཞུང་ཕྱོགས་དྲ་གནས།
http://www.ybzy.cn
1 ངོ་སྤྲོད།

དབྱི་པིན་ལས་རིགས་ལག་རྩལ་སློབ་གླིང་ནི་དབྱི་པིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན། རྒྱལ་ཁབ་ཀྱི་རྐང་འཛིན་མཐོ་རིམ་ལས་རིགས་སློབ་གླིང་། སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་མཐོ་རིམ་ལས་རིགས་སློབ་གླིང་། སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་སློབ་གསོ་གསར་གཏོད་འཕེལ་རྒྱས་ཀྱི་བྱ་སྤྱོད་འཆར་གཞིའི་སློབ་གླིང་། སི་ཁྲོན་ཞིང་ཆེན་གྱི་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་སློབ་ཚོགས་ཀྱི་ཚོགས་མིའི་ཚན་པ། དབྱི་པིན་གྲོང་ཁྱེར་ལས་རིགས་སློབ་གསོ་ཚོགས་པའི་ཁོངས་མིའི་ཚན་པ་བཅས་ཡིན།

སྤྱི་ལོ2020ལོའི་ཟླ3པའི་བར་སློབ་གྲྭའི་དྲ་བའི་ཆ་འཕྲིན་ལས་མངོན་པ་ལྟར་ན། སློབ་གླིང་གི་རྒྱ་ཁྱོན་ལ་མུའུ829ཡོད་པ་དང་། དགེ་རྒན་དང་ལས་བཟོ་པ700ལྷག་ཙམ་ཡོད། སློབ་གྲྭར་ཡོད་པའི་སློབ་མ13000ལྷག་ཙམ་ཡོད། དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.1 ཟིན་པ་དང་རིམ་པ་གཉིས་པའི་སློབ་གླིང12བཙུགས་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2002ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་སི་ཁྲོན་ཞིང་ཆེན་དབྱི་པིན་ཞིང་ལས་སློབ་གྲྭ་དང་། དབྱི་པིན་བཟོ་ལས་སློབ་གྲྭ དབྱི་པིན་དར་མའི་འབྲིང་རིམ་ཆེད་ལས་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་ནས་དབྱི་པིན་ལས་རིགས་ལག་རྩལ་སློབ་གླིང་བཙུགས།

སྤྱི་ལོ2010ལོར་སློབ་གྲྭ་ནི་རྒྱལ་ཁབ་ཀྱི་རྐང་འཛིན་མཐོ་རིམ་ལས་རིགས་སློབ་གླིང་གི་རྣམ་གྲངས་འཛུགས་པའི་འཛུགས་སྐྲུན་ཚན་པར་གྱུར།

སྤྱི་ལོ2016ལོའི་ཟླ8པར་རིམ་པ་གཉིས་པའི་རྒྱལ་ཁབ་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས།

སྤྱི་ལོ2017ལོའི་ཟླ11པའི་ཚེས20ཉིན་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་འཆར་གཞིའི་རྣམ་གྲངས་འཛུགས་པའི་སློབ་གླིང་དུ་བདམས།

སྤྱི་ལོ2019ལོའི་ཟླ7པའི་ཚེས12ཉིན་སི་ཁྲོན་ལྷོ་རྒྱུད་ཀྱི་མཐོ་སློབ་མནའ་འབྲེལ་ལས་འཛིན་ཚན་པར་གྱུར།

སྤྱི་ལོ2019ལོའི་ཟླ10པར་སློབ་གསོ་པུའུ་ཡི་རིམ་པ་གཉིས་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་ཞིབ་བཤེར་རྩིས་ལེན་བྱས།

སྤྱི་ལོ2020ལོའི་ཟླ7ཚེས2ཉིན་ཁྲིན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་ཧྲོང་ཁྲེང་དཔལ་འབྱོར་ཁུལ་གྱི་མཐོ་སློབ་སྒྱུ་རྩལ་མནའ་འབྲེལ་ནང་ཞུགས།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་གི་སྡེ་ཁག་དང་ཆེད་ལས།

སློབ་གླིང་དུ་མར་ཁེ་སིའི་རིང་ལུགས་ཀྱི་སློབ་གསོའི་སློབ་གླིང་དང་། གློག་རྡུལ་ཆ་འཕྲིན་དང་མིས་བཟོས་ཤིས་ནུས་སློབ་གླིང་། ཤེས་ནུས་བཟོ་སྐྲུན་སློབ་གླིང་། དེང་རབས་ཞིང་ལས་སློབ་གླིང་། ཚོང་ལས་སློབ་གླིང་།རྒྱུ་ཆ་གསར་པ་དང་རྫས་འགྱུར་བཟོ་ལས་ནུས་ཁུངས་སློབ་གླིང་། རླངས་འཁོར་དང་ལྕགས་ལམ་འགྲིམ་འགྲུལ་སློབ་གླིང་། རིག་གནས་གསར་གཏོད་དང་ཡུལ་སྐོར་སློབ་གླིང་། འཛུགས་སྐྲུན་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤྱི་ཚོགས་སློབ་གླིང་བཅས་ཡོད་པ་དང་། ཆེད་ལས50བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་རིམ་པ་གཉིས་པའི་སློབ་གླིང12དང་། ཆེད་ལས50བཙུགས་ཡོད། སློབ་གྲྭར་ཡོད་པའི་སློབ་མ13000ལྷག་ཙམ་ཡོད། ཆེད་ལས་ཀྱི་གཅིག་ལྕོགས་དགེ་རྒན་ 590ཡོད་པའི་ནང་། མཐོ་རིམ་གོ་མིང་གི་བསྡུར་ཚད་ཀྱིས་ཆེད་བསྐོས་དགེ་རྒན་གྱི་བརྒྱ་ཆའི37བཟུང་ཡོད། རབ་འབྱམས་པ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་གྱི་བསྡུར་ཚད་ཀྱིས་ཆེད་བསྐོས་དགེ་རྒན་གྱི53.6%བཟུང་ཡོད། 

3_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། དབྱི་པིན་ལས་རིགས་ལག་རྩལ་སློབ་གླིང་ལ་རྒྱལ་ཁབ་ཀྱི་རྐང་འཛིན་ཆེད་ལས3ཡོད་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་གཙོ་གནད་ཆེད་ལས2ཞིང་ཆེན་རིམ་པའི་གཙོ་གནད་འཛུགས་སྐྲུན་གྱི་ཆེད་ལས4ཞིང་ཆེན་རིམ་པའི་སྤུས་ལེགས་ཆེད་ལས1བཅས་བཙུགས་ཡོད།

4 རིག་གཞུང་ཞིབ་འཇུག
4_1 ཚན་ཞིབ་གྲུབ་འབྲས།

སྤྱི་ལོ2013ལོར། དབྱི་པིན་ལས་རིགས་ལག་རྩལ་སློབ་གླིང་གིས་ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས1འགན་འཁུར་ཡོད། སློབ་གསོ་ཐིང་གི་ཚན་ཞིབ་རྣམ་གྲངས་ཁག5འཛུགས་རྒྱུ་དང་། སློབ་གསོ་ཐིང་གི་སློབ་དཔྱོད་རྣམ་གྲངས་ཁག3བཙུགས་ཡོད། དབྱི་པིན་གྲོང་ཁྱེར་གྱི་ཚན་ཞིབ་རྣམ་གྲངས་ཁག7བཙུགས་པ་དང་། སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་རྣམ་གྲངས་ཁག3དང་སློབ་གླིང་རིམ་པའི་ཚན་རིག་ཞིབ་འཇུག་རྣམ་གྲངས29བཅས་བཙུགས་ཡོད།

4_2 རིག་གཞུང་ཐོན་ཁུངས།

སྤྱི་ལོ2016ལོའི་ཟླ་8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། དབྱི་པིན་ལས་རིགས་ལག་རྩལ་སློབ་གླིང་གི་དཔེ་མཛོད་ཁང་དུ་དཔེ་དེབ་དང་དཔྱད་གཞིའི་ཡིག་རིགས་ཁྲི60ལྷག་ཙམ་ཉར་ཡོད།

དཔྱད་གཞིའི་ཡིག་ཆ།