སི་ཁྲོན་ཧྭ་ཞིན་དེང་རབས་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 09:21ལ་འགྲུབ།

སི་ཁྲོན་ཧྭ་ཞིན་དེང་རབས་ལས་རིགས་སློབ་གླིང་།

སི་ཁྲོན་ཧྭ་ཞིན་དེང་རབས་ལས་རིགས་སློབ་གླིང་།
སི་ཁྲོན་ཧྭ་ཞིན་དེང་རབས་ལས་རིགས་སློབ་གླིང་ནི་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་གནས་ཤིང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四川华新现代职业学院
ཕྱི་ཡིག་གི་མིང་།
Sichuan Huaxin Modern Vocational College
བཙུགས་ལོ།
སྤྱི་ལོ2005ལོར།
སློབ་སྒྲུབ་ངོ་བོ།
དམངས་སྒྲུབ།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་།
ཁོངས་གཏོགས་ཁེ་ལས།
སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན།
མཐོ་རིམ་ལས་རིགས་ཆེད་ལས།
50ཡོད།
སློབ་གྲྭའི་ཚབ་ཨང་།
5189
1 ངོ་སྤྲོད།

སི་ཁྲོན་ཧྭ་ཞིན་དེང་རབས་ལས་རིགས་སློབ་གླིང་ནི་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་གནས་ཤིང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ མཐོ་རིམ་སློབ་གླིང་ཞིག་ཡིན། སྤྱི་ལོ2020ལོའི་ཟླ6པར། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ1200ཡོད་པ་དང་། དཔེ་དེབ་ཁྲི98དང་གློག་རྡུལ་དཔེ་དེབ་ཁྲི17ཉར་ཡོད། སློབ་གྲྭར་སྡེ་ཁག8དང་ ཆེད་ལས50ལྷག་ཙམ་བཙུགས་ཡོད། 

2 སློབ་སྒྲུབ་ཆ་རྐྱེན།

སློབ་གླིང་གི་མ་དངུལ་འབོར་ཆེན་བཏང་ནས་འཛུགས་སྐྲུན་གྱི་རྒྱ་ཁྱོན་ཆེན་པོ་ཡིན་ལ། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ1200ཡོད་པ་དང་། སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་དང་། དངོས་སྦྱོང་ཐོག་བརྩེགས་ཁང་ཆེན་། དཔེ་མཛོད་ཁང་། སློབ་མའི་བྱེད་སྒོའི་ལྟེ་གནས་སོགས་མཉེན་ཆས་སོགས་ཀྱི་སྒྲིག་བཀོད་ཆ་ཚང་ཡིན། སློབ་གླིང་དུ་གཅིག་ལྕོགས་དགེ་རྒན 307ཡོད་པའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ80ལྷག་ཙམ་ཡོད། རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ལྡན་པའི་མི130ལྷག་ཡོད། དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི52དང་གློག་རྡུལ་དཔེ་དེབ་ཁྲི17ཉར་ཡོད། 

3 སྡེ་ཁག་འཛུགས་སྐྲུན།

སློབ་གླིང་དུ་སྡེ་ཁག6ཡོད་པ་སྟེ། ཉེར་སྤྱོད་ལག་རྩལ་སྡེ་ཁག་དང་། ཆ་འཕྲིན་ལས་གྲྭའི་སྡེ་ཁག ལས་གྲྭ་དོ་དམ་སྡེ་ཁག དཔལ་འབྱོར་དོ་དམ་སྡེ་ཁག ཡུལ་སྐོར་སྡེ་ཁག སྒྱུ་རྩལ་སྡེ་ཁག་བཅས་ཡིན། ཆེད་ལས་དང་ཁ་ཕྱོགས35བཙུགས་ཡོད། 

3_1 ཉེར་སྤྱོད་ལག་རྩལ་སྡེ་ཁག

ཞིབ་དཔྱད་ཚད་ལེན་དང་ཉམས་གསོ། གློག་རྡུལ་ལག་རྩལ། སི་ཁྲོན་གྱི་འཚེམ་དྲུབ། གྱོན་ཆས་ཇུས་འགོད། རླངས་འཁོར་གྱི་ལག་རྩལ་ཞབས་ཞུ་དང་ཚོང་གཉེར།

3_2 དཔལ་འབྱོར་དོ་དམ་སྡེ་ཁག

གློག་རྡུལ་ཚོང་དོན། ནོར་དོན་དོ་དམ། ཚོང་དོན་དོ་དམ། རྩིས་གཉེར། ཚོང་རའི་ཚོང་གཉེར།

3_3 ཆ་འཕྲིན་ལས་གྲྭ་སྡེ་ཁག

རྒྱུ་ནོར་བདག་གཉེར་དང་དངུལ་རྩ། རྩིས་འཁོར་ཉེར་སྤྱོད་ལག་རྩལ། མཉེན་ཆས་ལག་རྩལ། རྩིས་འཁོར་སྨྱན་མང་གཟུགས་ལག་རྩལ། 

3_4 སྒྱུ་རྩལ་སྡེ་ཁག

སྒྱུ་རྩལ་ཇུས་འགོད་འགུལ་རིས་ཇུས་འགོད་དང་བཟོ་སྐྲུན། རྒྱན་སྤྲས་སྒྱུ་རྩལ་ཇུས་འགོད། ཡུལ་སྐོར་བཟོ་རྩལ་ཐོན་རྫས་ཇུས་འགོད་དང་བཟོ་སྐྲུན། བརྡ་ཁྱབ་ཇུས་འགོད་དང་བཟོ་སྐྲུན།

3_5 ཡུལ་སྐོར་སྡེ་ཁག

ཡུལ་སྐོར་དོ་དམ་དང་། ཨར་ཁང་དོ་དམ། ཕྱི་ཕྱོགས་དང་འབྲེལ་བའི་ཡུལ་སྐོར།

3_6 ལས་གྲྭ་དོ་དམ་སྡེ་ཁག

ས་ཁང་བདག་ཁོངས་གཉེར་སྐྱོང་དང་རིན་གོང་ཚོད་རྩིས། སྡེ་ལས་དོ་དམ། བཟོ་སྐྲུན་ཨར་ལས་དོ་དམ། ཟོག་འགྲུལ་དོ་དམ།

དཔྱད་གཞིའི་ཡིག་ཆ།