སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 09:02ལ་འགྲུབ།

སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་།

སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་།
སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་ནི་སྤྱི་ལོ2005ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་སྒྱུ་རྩལ་རིགས་ཀྱི་གཞུང་བཙུགས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四川艺术职业学院
ཕྱི་ཡིག་གི་མིང་།
Sichuan Vocational college of Art
བཙུགས་ལོ།
སྤྱི་ལོ1953ལོར།
སློབ་སྒྲུབ་ངོ་བོ།
གཞུང་སྒྲུབ་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
སྒྱུ་རྩལ་རིགས།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
ཁྲེན་ཀྲི་ལིན།
སློབ་གླུ།
《སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་གི་སློབ་གླུ》
སློབ་བཙུགས་ཉིན་མོ།
ཟླ5པའི་ཚེས8ཉིན།
སློབ་གྲྭའི་ཚབ་ཨང་།
14007
1 ངོ་སྤྲོད།

སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་ནི་སྤྱི་ལོ2005ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་སྒྱུ་རྩལ་རིགས་ཀྱི་གཞུང་བཙུགས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། སློབ་གླིང་དུ་ད་ལྟ་དགེ་རྒན400ལྷག་ཙམ་ཡོད་པ་དང་། སྒྱུ་རྩལ་རིགས་ཀྱི་ཆེད་ལས20ལྷག་ཙམ་དང་སློབ་ཁྲིད་སྡེ་ཁག8བཙུགས་ཡོད་པ་སྟེ། སྒྱུ་རྩལ་ཇུས་འགོད་སྡེ་ཁག་དང་། འགུལ་རིས་སྡེ་ཁག ཟློས་གར་སྡེ་ཁག ཞབས་བྲོ་སྡེ་ཁག རོལ་དབྱངས་སྡེ་ཁག རིག་གནས་དོ་དམ་སྡེ་ཁག ཞོར་གཏོགས་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་རྨང་གཞིའི་སློབ་ཁྲིད་པུའུ་བཅས་ཡིན། ཆེད་ལས28བཙུགས་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2020ལོའི་ཟླ7པའི་ཚེས2ཉིན་ཁྲིན་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་ཧྲོང་ཁྲེང་དཔལ་འབྱོར་ཁུལ་གྱི་མཐོ་སློབ་སྒྱུ་རྩལ་མནའ་འབྲེལ་ནང་ཞུགས།

3 སློབ་གླིང་གི་གནས་ཡུལ།

སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་དང་ཧྲེང་ཀྲེན་ཞིང་དབྱི་ལམ་ཆེན་ཨང366པ།

4 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
4_1 ཞབས་བྲོ་སྡེ་ཁག

ཞབས་བྲོ་སྡེ་ཁག་ནི་སྤྱི་ལོ1961ལོར་བཙུགས་པ་དང་། དེ་སྔོན་སི་ཁྲོན་ཞིང་ཆེན་ཞབས་བྲོའི་སློབ་གྲྭ་དང་། རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ། རྒྱལ་ཡོངས་རིག་གནས་ལས་དོན་གྱི་སྔོན་ཐོན་ཚོགས་པ། སི་ཁྲོན་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་དཔེ་སྟོན་ཚན་པ་བཅས་ཡིན། རྒྱལ་ཡོངས་ཀྱི་སློབ་ཁྲིད་སྒྲིག་ཆས་དང་སྒྲིག་བཀོད་གང་ལེགས་འཛོམས་པ་དང་། ཀྲུང་གོའི་ཞབས་བྲོའི་འཁྲབ་སྟོན་དང་། ཞབས་བྲོའ་འཁྲབ་ཁྲིད་པ། ཞབས་བྲོ་རེའུ་མིག་སློབ་གསོ་བཅས་ཡོད།

4_2 ཟློས་གར་སྡེ་ཁག

སློབ་གླིང་གི་འབྲིང་རིམ་ཆེད་ལས་ཞབས་བྲོ་སློབ་གྲྭའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་སྟོན་ཆེད་ལས་ནི་ལྷོ་ནུབ་ས་ཁུལ་དང་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་གི་ཆེད་ལས་འཁྲབ་སྟོན་གྱི་སློབ་གསོ་གསོ་སྐྱོང་རྟེན་གཞི་ཞིག་ཡིན། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་སྲོལ་རྒྱུན་གྱི་འཁྲབ་སྟོན་སློབ་ཁྲིད་བྱེད་སྟངས་ལ་འགྱུར་ལྡོག་བཏང་ཡོད། 

4_3 རིག་གནས་དོ་དམ་སྡེ་ཁག

རིག་གནས་དོ་དམ་སྡེ་ཁག་སྤྱི་ལོ2008ལོར་བཙུགས་པ་དང་། ད་ལྟ་རིག་གནས་ཁྲོམ་རའི་གཉེར་སྐྱོང་དོ་དམ་དང་། སྤྱི་པའི་རིག་གནས་ཞབས་ཞུ་དང་དོ་དམ། རིག་དངོས་ཉམས་གསོ་དང་སྲུང་སྐྱོབ། དཔེ་དེབ་ཡིག་ཚགས་དོ་དམ། དྲུང་ཡིག་བཅས་ཀྱི་ཆེད་ལས་ཡོད།

4_4 སྒྱུ་རྩལ་ཇུས་འགོད་སྡེ་ཁག

སྒྱུ་རྩལ་ཇུས་འགོད་སྡེ་ཁག་ནི་དེ་སྔོན་སི་ཁྲོན་ཞིང་ཆེན་སི་ཁྲོན་ཟློས་གར་སློབ་གྲྭའི་མཛེས་རྩལ་སྡེ་ཁག་ཡིན་པ་དང་། སྤྱི་ལོ2005ལོ་ནས་དངོས་སུ་སྡེ་ཁག་བཙུགས་རྗེས། ཆེད་ལས་ལ་སྒྱུ་རྩལ་ཇུས་འགོད་དང་། ཁོར་ཡུག་སྒྱུ་རྩལ་ཇུས་འགོད། སྒྱུ་རྩལ་ཇུས་འགོད། ཐོན་རྫས་སྒྱུ་རྩལ་ཇུས་འགོད་བཅས་ཆེད་ལས་བཞི་བཙུགས་ཡོད། 

4_5 རོལ་མོའི་སྡེ་ཁག

རོལ་དབྱངས་སྡེ་ཁག་ནི་ཅུང་འཛུགས་སྔ་བའི་སྡེ་ཁག་གི་གྲས་ཤིག་ཡིན་པ་དང་། དགེ་རྒན་གྱི་སྟོབས་ཤུགས་ཆེ་ཞིང་། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གཟེངས་སུ་ཐོན་ཡོད། རྒྱལ་ཁབ་ལ་རོལ་མོའི་སྒྱུ་རྩལ་གྱི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད། དཔེར་ན་ཀྲུའུ་ཀུའེ་ཆིང་། ལིན་ཀོར། ཀུའོ་ཧྥེང་། ཐང་ཆིན་ཧྲི། ལན་ཐེན། ཀྲང་ཉིང་ཅཱ། ཝང་ཁྲེང་ཧུའེ། ཁྲེན་ལིན། ལིའང་དབྱིན། ཀྲུའུ་ཧྲ་སོགས་ཡོད། 

4_6 འགུལ་བརྙན་སྡེ་ཁག

སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་གི་འགུལ་བརྙན་སྡེ་ཁག་ནི་སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་བཙུགས་རྗེས་བཙུགས་པ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་འགུལ་རིས་རོལ་རྩེད་ཐོན་ལས་དར་རྒྱས་རྟེན་གཞིར་བརྟེན་པའི་གསར་དར་སློབ་གླིང་དང་སྡེ་ཁག་ཅིག་ཡིན། དགེ་རྒན་དཔུང་སྡེ་སྟོབས་ཆེན་དང་སློབ་ཁྲིད་ཀྱི་སྒྲིག་ཆས་འཐུས་ཚང་ཡིན། 

5 སློབ་གྲྭའི་སྒྲིག་བཀོད།

སློབ་གྲྭར་དཔེ་མཛོད་ཁང་དང་། རིག་གཞུང་ཐིང་། ཟློས་གར་ཁང་། རོལ་དབྱངས་ཐིང་། མཛེས་རྩལ་ཐོག་ཁང་། རོལ་དབྱངས་ཐོག་ཁང་། ཟློས་གར་ཐོག་ཁང་། ཞབས་བྲོ་ཐོག་ཁང་། རིག་གནས་དོ་དམ་ཐོག་ཁང་བཅས་ལུས་རྩལ་ཐང་ཆ་ཚང་ཡོད་པ་དང་། ཚད་ལྡན་ཅན་གྱི་སློབ་མའི་ལས་ཤག་དང་གསར་དུ་བསྐྲུན་པའི་ཉོ་སྒྲུབ་ཁྲོམ་གཞུང་གིས་སློབ་མའི་འཚོ་བའི་དགོས་མཁོ་བསྐངས་ཡོད།

དཔྱད་གཞིའི་ཡིག་ཆ།