རྗེས་སུ་གནང་བའི་བཀའ་གཉིས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-11-27 11:08ལ་འགྲུབ།

རྗེས་སུ་གནང་བའི་བཀའ་གཉིས།

《ཆོས་ཀྱི་དཀའ་གནད་བརྗེད་བྱང་རྒྱ་མཚོའི་གཏེར》ལས་བྱུང་བའི་རྗེས་སུ་གནང་བའི་བཀའ་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
随许说教二种
འབྱུང་ཁུངས།
《ཆོས་ཀྱི་དཀའ་གནད་བརྗེད་བྱང་རྒྱ་མཚོའི་གཏེར》ཤ6ན4ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

1.ཞལ་བཞུགས་པའི་བཀའ།

2.གཤེགས་པའི་རྗེས་ཉེ་བར་འཁོར་དང་ཀུན་དགའ་བོ་ལ་རྗེས་སུ་གནང་བའི་བཀའོ༎

དེ་ལྟར་དུ་ཡང་དགོངས་པ་ངེས་འགྲེལ་ལས། མགོན་པོ་གཅིག་ལ་གཅིག་ལུང་སྟོན༎ དེ་ཡང་བཀའ་ཞེས་བྱ་བར་རིགས༎ བྱེད་ལས་དགོངས་པ་ངེས་འགྲེལ་ལས༎ སེམས་ཅན་ཁམས་རྣམས་འཁོར་བ་ལས༎ ངེས་པར་འབྱིན་ཕྱིར་བཀའ་ལའོ༎ ས་མཚམས་སངས་རྒྱས་བཞུགས་རིང་ལ༎ བྱུང་བ་ཐམས་ཅད་བཀའ་ཡིན་ཏེ༎ འདས་ནས་བྱུང་བ་བསྟན་བཅོས་སོ༎ ཞེས་སོ༎