སི་ཁྲོན་ཚན་རྩལ་ལས་རིགས་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་གནས་ཤིང་། ཕྱོགས་བསྡུས་རང་བཞིན་དང་ཉེར་སྤྱོད་ལག་རྩལ་ཅན་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས(UNESCO)ཐོན་སྐྱེད་རིག་པའི་མཉམ་ལས་སློབ་ཁྲིད་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་ཚན་པ་ཡིན། རྒྱལ་ཡོངས་ལ་ཕྱོགས་ནས་གཅིག་གྱུར་གྱིས་སློབ་མ་བསྡུས་ཤིང་། སློབ་གྲྭར་ཡོད་པའི་སློབ་མ17000ལྷག་ཡོད།
སི་ཁྲོན་ཚན་རྩལ་ལས་རིགས་སློབ་གླིང་ལ་ཐེན་ཧྥུའུ་སློབ་ཁུལ་དང་ཐོན་ཅེ་ སློབ་ཁུལ་གཉིས་ཡོད། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ3000ལྷག་ཙམ་ཡོད་པ་དང་། སློབ་གྲྭའི་མལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི79.98ཡོད། སློབ་ཁྲིད་ཡོ་བྱད་ཀྱི་སྒྲིག་ཆས་ལ་སྒོར་ཁྲི13718ཟིན། དཔེ་དེབ་དང་ཚད་ལྡན་ཡིག་ཆ་ཁྲི136ཉར་ཡོད། དགེ་རྒན792དང་སློབ་ཕྱིའི་དགེ་རྒན198གདན་འདྲེན་ཞུས་ཡོད།
སྤྱི་ལོ2006ལོའི་ཟླ3པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་སི་ཁྲོན་ཚན་རྩལ་ལས་རིགས་སློབ་གླིང་འཛུགས་པར་ཆོག་མཆན་བཀོད།
སྤྱི་ལོ2007ལོའི་ཟླ1པོར་འཕྲུལ་གློག་བཟོ་སྐྲུན་སྡེ་ཁག་དང་། གློག་རྡུལ་ཆ་འཕྲིན་སྡེ་ཁག དཔལ་འབྱོར་དོ་དམ་སྡེ་ཁག ཚོང་དོན་དབྱིན་ཡིག་སྡེ་ཁག སྒྱུ་རྩལ་ཇུས་འགོད་སྡེ་ཁག་བཅས་བཙུགས།
སྤྱི་ལོ2008ལོའི་ཟླ3པར། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་བཙུགས།
སྤྱི་ལོ2009ལོའི་ཟླ9པར་སློབ་གླིང་གིས་སློབ་ཁྲིད་ཐོག་ཁང་ཨང5པ་བསྐྲུན་འགོ་ཚུགས།
སྤྱི་ལོ2010ལོའི་ཟླ8པར་ནུས་རྒྱུ་གསར་པའི་སློབ་གླིང་དང་ཨར་སྐྲུན་སློབ་གླིང་བཙུགས།
སྤྱི་ལོ2013ལོའི་ཟླ10པར། དོ་དམ་པུའུ་དང་། འཕྲུལ་གློག་རིག་པ། ཨར་ལས། སྒྱུ་རྩལ་རིག་པ་བཅས་བཙུགས་ནས་སློབ་གླིང་གི་སློབ་ཁྲིད་སྒྲིག་གཞིའི་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་བཏང་།
སྤྱི་ལོ2014ལོའི་ཟླ4པར་སློབ་གླིང་ནི་ཞིང་ཆེན་ཡོངས་ཀྱི་དེང་རབས་ཟོག་འགྲུལ་ལས་རིགས་སློབ་གསོའི་མནའ་འབྲེལ་ལས་འཛིན་ཚན་པར་བདམས།
སྤྱི་ལོ2016ལོའི་ཟླ6པར། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཧོང་ཡན་རུང་། མེ་ཧྲན་གྲོང་ཨུའི་ཧྲུའུ་ཅི་ལི་ཅིང་དང་བཅས་སི་ཁྲོན་ཚན་རྩལ་ལས་རིགས་སློབ་གླིང་ཐན་ཧྥུའུ་ཞིན་ཆུས་སློབ་ཁུལ་དུ་མཛུབ་ཁྲིད་ལས་དོན་ལ་ཕེབས།
སྤྱི་ལོ2016ལོའི་ཟླ11པར་ཐའེ་དབན་ཧུང་ཀོང་ཚན་རྩལ་སློབ་ཆེན་དང་། དབྱིན་ཇིའི་ཧ་ཏེ་སི་ཧྥེར་ཏེ་སློབ་ཆེན། ཐེ་ལན་ཞིས་ན་ཝ་སློབ་ཆེན་སོགས་མཐོ་སློབ་ཀྱི་འགོ་ཁྲིད་སྔ་རྗེས་སུ་སློབ་གྲྭར་འཚམས་འདྲིར་ཕེབས།
སྤྱི་ལོ2016ལོའི་ཟླ12པར་སི་ཁྲོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དབྱང་ཞིང་ཕིང་སོགས་སློབ་གྲྭར་གཟིགས་ཞིབ་གནང་བར་ཕེབས།
སྤྱི་ལོ2020ལོའི་ཟླ7པའི་ཚེས2ཉིན་ཁྲིན་ཏུའུ་དང་ཁྲུང་ཆིང་གཉིས་ཀྱི་ཧྲོང་ཁྲེང་དཔལ་འབྱོར་ཁུལ་གྱི་མཐོ་སློབ་སྒྱུ་རྩལ་མནའ་འབྲེལ་ནང་ཞུགས།
སི་ཁྲོན་ཚན་རྩལ་ལས་རིགས་སློབ་གླིང་དུ་རིམ་པ་གཉིས་པའི་སློབ་གླིང་20དང་ཉེར་སྤྱོད་རྣམ་པའི་ཆེད་སྦྱོང་ཆེད་ལས50ལྷག་ཙམ་བཙུགས་ཡོད།
དྲ་རྒྱའི་ལག་རྩལ་དང་། མཉེན་ཆས་ལག་རྩལ། རྩིས་འཁོར་ཉེར་སྤྱོད་ལག་རྩལ། ཟོག་སྦྲེལ་དྲ་བའི་ཉེར་སྤྱོད་ལག་རྩལ། འཕྲིན་གཏོང་ལག་རྩལ། གློག་རྡུལ་ཆ་འཕྲིན་ལས་གྲྭའི་ལག་རྩལ།
རླངས་འཁོར་ལག་རྩལ། རླངས་འཁོར་བཀོལ་སྤྱོད་དང་ཞིག་གསོ་ལག་རྩལ། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་དོ་དམ་ལག་རྩལ། གྲངས་འཛིན་ལག་རྩལ། འཕྲུལ་ཆས་བཟོ་སྐྲུན་དང་རང་འགུལ་ཅན།
མི་མེད་གནམ་གྲུ་ཉེར་སྤྱོད་ལག་རྩལ་དང་། བཟོ་ལས་འཕྲུལ་ཆས་མིའི་ལག་རྩལ། རིག་ནུས་ཚོད་འཛིན་ལག་རྩལ། རྟོག་བཟོའི་དངོས་ཡོད་ཉེར་སྤྱོད་ལག་རྩལ།
དྲ་རྒྱའི་ལག་རྩལ། ཆ་འཕྲིན་བདེ་འཇགས་དང་དོ་དམ། གཞི་གྲངས་ཆེན་པོའི་ལག་རྩལ་བཀོལ་སྤྱོད།
སློབ་སྔོན་སློབ་གསོ། རྒྱང་བསྒྲགས་དང་གཙོ་སྐྱོང་།
གློག་རྡུལ་ཚོང་དོན། སློབ་སྔོན་སློབ་གསོ།
འཕྲུལ་མིའི་ལག་རྩལ། ནོར་དོན་དོ་དམ། མཐོང་ཚོར་ཁྱབ་སྤེལ་ཇུས་འགོད་དང་སྒྲིག་བཟོ།
བཟོ་སྐྲུན་ལག་རྩལ་དང་རོལ་རྩེད་ཇུས་འགོད། སྒྱུ་རྩལ་ཇུས་འགོད། མཐོང་ཚོར་ཁྱབ་སྤེལ་ཇུས་འགོད་དང་བཟོ་སྐྲུན།
ཁོར་ཡུག་སྒྱུ་རྩལ་ཇུས་འགོད། སྒྱུ་རྩལ་ཇུས་འགོད། སྐྱེད་ཚལ་ལས་གྲྭའི་ལག་རྩལ། འཛུགས་སྐྲུན་ཇུས་འགོད།
ནད་སྐྱོང་དང་སྐྱེ་གཡོག་སྨན་རིག་སྨན་རྫས་གཉེར་སྐྱོང་དོ་དམ།
མཁའ་བསྐྱོད་ལས་དོན། གནམ་གྲུའི་སྒྲིག་ཆས་ཉམས་གསོ། དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན། བཀོལ་སྤྱོད་དབྱིན་ཡིག
སློབ་སྔོན་སློབ་གསོ། ཐོག་མའི་སློབ་གསོ།
ནོར་དོན་དོ་དམ། བཟོ་ཚོང་ཁེ་ལས་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ།
ལུས་རྩལ་གཉེར་སྐྱོང་དང་དོ་དམ། ལུས་རྩལ་བདེ་སྲུང་དང་ལུས་གསོའི་སྐོར།
གློག་རྡུལ་རྩལ་འགྲན་ལུས་རྩལ་དང་དོ་དམ།
སློབ་གླིང་དུ་ད་ལྟ་ཆེད་བསྐོས་དགེ་རྒན792ཡོད་པ་དང་། སློབ་ཕྱིའི་དགེ་རྒན198གདན་འདྲེན་ཞུས་པའི་ནང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན8ཡོད། རབ་འབྱམས་པའི་མཛུབ་སྟོན་དགེ་རྒན11ཡོད། རིག་ཚན་གྱི་སྣེ་ཁྲིད་པ51དང་ཉིས་འཇོན་རྣམ་པའི་དགེ་རྒན60ཡོད།