འཇིག་རྟེན་རྣམ་པ་གཉིས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད། ནས 2020-11-27 10:54ལ་འགྲུབ།
འཕགས་པ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།
1.སྣོད་ཀྱི་འཇིག་རྟེན་ནི། ཕྱི་ནང་གི་འབྱུང་བ་ཆེན་པོ་བཞི་པོ་འདི་ནི་སྣོད་ཀྱི་འཇིག་རྟེན་ཞེས་བྱའོ༎ འདི་གང་གི་སྣོད་ཅེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའི་སྣོད་དོ༎
2.འདུ་བྱེད་ཀྱི་འཇིག་རྟེན་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། འདུ་བྱེད་ཅེས་བྱའོ༎ ལྔ་གང་ཞེ་ན། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་སྟེ། འདི་ནི་འདུ་བྱེད་ཀྱི་འཇིག་རྟེན་ནོ༎