འཇིག་རྟེན་གནས་པ་གཉིས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-11-27 10:51ལ་འགྲུབ།

འཇིག་རྟེན་གནས་པ་གཉིས།

《མདོ་ཅ་པ》ལས་བྱུང་བའི་འཇིག་རྟེན་གནས་པ་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ཅ་པ》ཤ392ན1ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་སྟེ། ཡོད་པ་ལ་གནས་པ། དངོས་པོ་རྣམས་དངོས་པོ་མེད་པ་ལ་མོས་པའི་ལྟ་བར་ལྟུང་བ་སྟེ། འབྱུང་བ་མ་ཡིན་པ་ལ་འབྱུང་བར་འདུ་ཤེས་པའོ༎

1.ཇི་ལྟར་ན་འཇིག་རྟེན་པ་དག་ཡོད་པ་ལ་གནས་པ་ཡིན་ཞེ་ན། འཇིག་རྟེན་ནི་རྒྱུ་དང་རྐྱེན་རྣམས་ཡོད་ན་སྐྱེའི་མེད་པ་ལས་མ་ཡིན་པས། ཡོད་པ་ལས་སྐྱེ་སྟེ། མེད་པ་ལས་སྐྱེ་བ་ནི་མ་ཡིན་ནོ་ཞེས་དེ་སྐད་དུ་སྨྲ་ན། འཇིག་རྟེན་རྒྱུ་མེད་པར་སྨྲ་བ་ཡིན་ནོ༎ ཇི་ལྟར་ན་འཇིག་རྟེན་མེད་པ་ལས་གནས་པ་ཡིན་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དངོས་པོར་ཁས་བླང་བ་བྱས་ལ། དེའི་འོག་ཏུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དངོས་པོ་མེད་པར་རྣམ་པར་རྟོག་ཅིང་མངོན་པར་ཞེན་པའོ༎

2.དངོས་པོ་ཡོད་པར་ཁས་མི་ལེན་པ་ནི་དངོས་པོའི་མཚན་ཉིད་རབ་ཏུ་དབེན་པའི་ཕྱིར་འདི་ལྟར་དེ་བཞིན་གཤེགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དངོས་པོ་ལ་ཡོད་ཅེས་བྱ་བ་དང་། མེད་ཅེས་བྱ་བར་ཁས་ལེན་པར་མི་བྱེད་དོ༎