འཇིག་རྟེན་ན་ཤིན་ཏུ་དཀོན་པའི་སྐྱེས་བུ་རྣམ་པ་གཉིས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-11-27 10:50ལ་འགྲུབ།

འཇིག་རྟེན་ན་ཤིན་ཏུ་དཀོན་པའི་སྐྱེས་བུ་རྣམ་པ་གཉིས།

《མྱང་འདས་ཁ་པ》ལས་བྱུང་བའི་འཇིག་རྟེན་ན་ཤིན་ཏུ་དཀོན་པའི་སྐྱེས་བུ་རྣམ་པ་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མྱང་འདས་ཁ་པ》ཤ110ན3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

མྱང་འདས་ལེའུ་བཅུ་པ་བྱང་ཆུབ་སེམས་དཔའ་མཐོ་བཙུན་དཔལ་གྱི་རྒྱལ་པོས་དྲིས་པའི་ལེའུ་ལས་བྱུང་བ་ལྟར་ན་ཁག་དྲུག་ཡོད།

1_1 ཁག་དང་པོ།

1.མི་དགེ་བའི་ཆོས་མི་བྱེད་པ།

2.ཁ་ན་མ་ཐོ་བའི་སྡིག་བྱས་པ་འགྱོད་པའོ༎

1_2 ཁག་གཉིས་པ།

1.དྲིན་མེད་པ།

2.དྲིན་དྲན་པའོ༎

1_3 ཁག་གསུམ་པ།

1.ཆོས་མ་ཐོས་པ་ཉན་པ།

2.ཐོས་པ་མི་བརྗེད་པར་བྱེད་པའོ༎

1_4 ཁག་བཞི་པ།

1.གསར་བྱེད་པ།

2.རྙིང་འཆོས་པའོ༎

1_5 ཁག་ལྔ་པ།

1.ཆོས་ཐོས་པར་དགའ་བ།

2.ཆོས་སྟོན་པར་དགའ་བའོ༎

1_6 ཁག་དྲུག་པ།

1.འདྲི་བ་ལ་མཁས་པ།

2.ལན་འདེབས་པ་ལ་མཁས་པའོ༎