རྩོད་པ་ཞི་བར་འགྱུར་བ་རྣམ་པ་བཅུ་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2020-11-25 10:08ལ་འགྲུབ།

རྩོད་པ་ཞི་བར་འགྱུར་བ་རྣམ་པ་བཅུ་དྲུག

འདུལ་བ་བསྡུས་པ་ལས་བྱུང་བའི་རྩོད་པ་ཞི་བར་འགྱུར་བ་རྣམ་པ་བཅུ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་ནུ་པ》ཤ264ན4ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།

1 རྣམ་གྲངས་འདྲེན་པ།

འདུལ་བ་བསྡུས་པ་ལས་བྱུང་བ་སྟེ།

1.ཆོས་བཞིན་གྱིས་རྩོད་པ་ཞི་བར་འགྱུར་བ།

2.དགེ་འདུན་གྱིས་བསྒོ་བས་རྩོད་པ་ཞི་བར་འགྱུར་བ།

3.རྒྱལ་བའི་གསུང་བཞིན་རྗེས་སུ་མཐུན་པས་རྩོད་པ་ཞི་བར་འགྱུར་བ།

4.ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་བསྒོ་བས་རྩོད་པ་ཞི་བར་འགྱུར་བ།

5.དོན་སྦྱིན་པར་བྱེད་པ་འདུལ་བ་ལ་མི་འགལ་བས་རྩོད་པ་ཞི་བར་འགྱུར་བ།

6.མ་དག་པའི་ལྟུང་བ་མི་འཆབ་པས་རྩོད་པ་ཞི་བར་འགྱུར་བ།

7.བྱུང་བས་རྩོད་པ་ཞི་བར་འགྱུར་བ།

8.བཅས་པས་རྩོད་པ་ཞི་བར་འགྱུར་བ།

9.རྗེས་སུ་བཅས་པས་རྩོད་པ་ཞི་བར་འགྱུར་བ།

10.རྗེས་སུ་གནང་བས་རྩོད་པ་ཞི་བར་འགྱུར་བ།

11.རྗེས་སུ་མི་གནང་བས་རྩོད་པ་ཞི་བར་འགྱུར་བ།

12.རྗེས་སུ་མི་གནང་བའི་སྦྱོར་བས་རྩོད་པ་ཞི་བར་འགྱུར་བ།

13.དོན་སྦྱིན་པར་བྱེད་པས་རྩོད་པ་ཞི་བར་འགྱུར་བ།

14.དོན་སླར་སྦྱིན་པར་བྱེད་པ་དག་གིས་དམ་འཆའ་བ་འཛིན་པར་བྱེད་པས་རྩོད་པ་ཞི་བར་འགྱུར་བ།

15.མདོ་སྡེ་སྟོན་པའམ། འདུལ་བ་དང་མཐུན་པ་དང་། ཆོས་ཀྱི་མིག་རྒྱས་པར་འགྱུར་བས་རྩོད་པ་ཞི་བར་འགྱུར་བ།

16.ཆོས་དང་འདུལ་བ་བཞིན་བྱེད་པས་རྩོད་པ་ཞི་བར་འགྱུར་བ་བཅས་སོ། །