ཁྲིན་ཏུའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 09:18ལ་འགྲུབ།

ཁྲིན་ཏུའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།

ཁྲིན་ཏུའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།
ཁྲིན་ཏུའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་དུ་གནས་ཤིང་། སློབ་གྲྭ་ནི་ཁྲིན་ཏུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
成都工业职业技术学院
ཕྱི་ཡིག་གི་མིང་།
Chengdu Vocational& Technical College of Industry
བཙུགས་ལོ།
སྤྱི་ལོ2014ལོར།
སློབ་སྒྲུབ་ངོ་བོ།
གཞུང་སྒྲུབ་སློབ་ཆེན།
སློབ་གྲྭའི་ཁྱད་ཆོས།
ཁྲིན་ཏུའུ་གྲོང་ཁྱེར་ཁོངས་གཏོ་གས་ཀྱི་མཐོ་སློབ།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཡའོ་ཁའེ། སློབ་གཙོ། ཞུང་ཙུང་ཧུའེ།
མཐོ་རིམ་ལས་རིགས་ཆེད་ལས།
31ཡོད།
སློབ་གྲྭའི་ཚབ་ཨང་།
5657
1 ​ངོ་སྤྲོད།

ཁྲིན་ཏུའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་དུ་གནས་ཤིང་། སློབ་གྲྭ་ནི་ཁྲིན་ཏུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་ཞིག་ཡིན། སློབ་གསོ་པུའུ་ཡི“1+X”ལག་ཁྱེར་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ། སི་ཁྲོན་ཞིང་ཆེན་སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཚན་པ། རྒྱལ་ཁབ་ལས་རིགས་སློབ་གསོའི་རྐང་འཛིན་དགེ་རྒན་གསོ་སྦྱོང་རྟེན་གཞི། སི་ཁྲོན་ཞིང་ཆེན་བཟོ་ལས་རིག་གནས་ཁྱབ་གདལ་རྟེན་གཞི་བཅས་ཡིན།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་ལྟར་ན། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ730ཡོད་པ་དང་། སློབ་གྲྭའི་མལ་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི38.05ཡོད། རིམ་པ་གཉིས་པའི་སློབ་གླིང7དང་མཐོ་རིམ་ལས་རིགས་ཆེད་ལས31ཡོད། སློབ་གྲྭར་ཡོད་པའི་སློབ་མ11377དང་ཆེད་བསྐོས་དགེ་རྒན418ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2010ལོར་དེ་སྔོན་ཁྲིན་ཏུའུ་ལྕགས་ལམ་སྐྱེལ་འདྲེན་སློབ་གྲྭ་དང་། ཁྲིན་ཏུའུ་གྲོང་ཁྱེར་བཟོ་ལས་སློབ་གྲྭ། ཁྲིན་ཏུའུ་གྲོང་ཁྱེར་ནོར་སྲིད་ཚོང་དོན་སློབ་གྲྭ། ཁྲིན་ཏུའུ་གྲོང་ཁྱེར་འཛུགས་སྐྲུན་སློབ་གྲྭ། ཁྲིན་ཏུའུ་གྲོང་ཁྱེར་སྤྱི་པའི་འགྲིམ་འགྲུལ་ལས་རིགས་སློབ་འབྲིང་། ཁྲིན་ཏུའུ་གྲོང་ཁྱེར་འཛུགས་སྐྲུན་འབྲིང་རིམ་ཆེད་ལས་སློབ་གྲྭ་སོགས་སློབ་གྲྭ་དྲུག་བསྡུ་སྒྲིལ་བྱས་ནས་ཁྲིན་ཏུའུ་གྲོང་ཁྱེར་བཟོ་ལས་ལས་རིགས་ལག་རྩལ་སློབ་གྲྭ་བཙུགས།    

སྤྱི་ལོ2014ལོར་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གསར་སྐྲུན་བྱས།

སྤྱི་ལོ2017ལོའི་ཟླ8པར་སློབ་གྲྭ་ནི་རིམ་པ་གཉིས་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟ་ཚན་པར་བདམས།

སྤྱི་ལོ2019ལོའི་ཟླ10པར་སློབ་གྲྭ་ནི་སློབ་གསོ་པུའུ་ཡིས་རིམ་པ་གཉིས་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་ཞིབ་བཤེར་རྩིས་ལེན་བྱས།

སྤྱི་ལོ2020ལོའི་ཟླ7པར་སློབ་གྲྭ་ནི་ཁྲིན་ཏུའུ་དང་ཁྲུང་ཆིང་གཉིས་ཀྱི་ཧྲོང་ཁྲེང་དཔལ་འབྱོར་ཁུལ་གྱི་མཐོ་སློབ་སྒྱུ་རྩལ་མནའ་འབྲེལ་ནང་ཞུགས། 

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང7དང་མཐོ་རིམ་ལས་རིགས་ཆེད་ལས31བཙུགས་ཡོད།

སློབ་གླིང་དུ་ལྕགས་ལམ་འགྲིམ་འགྲུལ་སློབ་གླིང་དང་། སྒྲིག་ཆས་བཟོ་སྐྲུན་སློབ་གླིང་། རླངས་འཁོར་བཟོ་སྐྲུན་སློབ་གླིང་། ཨར་ལས་བཟོ་སྐྲུན་སློབ་གླིང་། ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། ཟོག་འགྲུལ་བཟོ་སྐྲུན་སློབ་གླིང་། ནོར་སྲིད་དོ་དམ་སློབ་གླིང་བཅས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2017ལོའི་ཟླ་དང་པོའི་བར་སློབ་གྲྭར་མཐོ་རིམ་ལག་རྩལ་པ1དང་། ལག་རྩལ་པ5ཡོད། གྲོང་ཁྱེར་རིམ་པའི་རིག་ཚན་རྩལ་ནུས་སྣེ་ཁྲིད་པ10དང་། གྲོང་ཁྱེར་གྱི་ཕུལ་བྱུང་གཞོན་ནུ་རྐང་འཛིན་དགེ་རྒན27གྲོང་ཁྱེར་གྱི་དམིགས་བསལ་རིམ་པའི་དགེ་རྒན4བཅས་ཡོད།

3_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭར་རྒྱལ་ཡོངས་ལས་རིགས་སློབ་གླིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་རིགས་ཆེ་གྲས་ཀྱི་དཔེ་སྟོན་ཆེད་ལས་ས་ཚིགས1དང་། རྒྱལ་ཁབ་རིམ་པའི་ཐོན་སྐྱེད་རང་བཞིན་གྱི་དངོས་སྦྱོང་རྟེན་གཞི1སློབ་གསོ་པུའུ་ཡི“1+Xལག་ཁྱེར་ལམ་ལུགས་ཀྱི་ཚོད་ལྟའི་རྣམ་གྲངས4དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཆེད་ལས4ཞིང་ཆེན་རིམ་པའི་རྐང་འཛིན་ལས་རིགས་སློབ་གསོའི་ཚོགས་པ1ཞིང་ཆེན་རིམ་པའི་དྲ་ཐོག་བསླབ་ཚན་རྩེ་གྲ2 སློབ་གྲྭའི་ནང་གི་ལག་ལེན་གྱི་སློབ་ཁྲིད་རྟེན་གཞི33སློབ་ཕྱིའི་དངོས་སྦྱོང་བྱེད་སའི་རྟེན་གཞི34བཅས་ཡོད།

4 རིག་གཞུང་ཞིབ་འཇུག
4_1 ཚན་ཞིབ་སྒྲིག་གཞི།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭར་ཁྲིན་ཏུའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གི་ཚན་རིག་ལག་རྩལ་མཐུན་ཚོགས་དང་། ཁྲིན་ཏུའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས། འབུམ་རམས་ཕྱི་ཚར་གྱི་གསར་གཏོད་ལག་ལེན་རྟེན་གཞི། སི་ཁྲོན་ཞིང་ཆེན་བཟོ་ལས་རིག་གནས་ཁྱབ་གདལ་རྟེན་གཞི་སོགས་ཞིང་ཆེན་རིམ་པའི་ཚན་རིག་ཞིབ་འཇུག་སྟེགས་བུ་བཙུགས་ཡོད།

4_2 ཚན་ཞིབ་གྲུབ་འབྲས།

སྤྱི་ལོ2016ལོར། སློབ་གྲྭའི་དགེ་རྒན་ལ་སི་ཁྲོན་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་ཕུལ་བྱུང་ཞིབ་འཇུག་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་དང་པོ1དང་བྱ་དགའ་རིམ་པ་གཉིས་པ1ཐོབ། ཁྲིན་ཏུའུ་གྲོང་ཁྱེར་གྱི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཐེངས་བཅུ་གཉིས་པའི་བྱ་དགའ་རིམ་པ་གསུམ་པ2ཐོབ། ཁེ་བེད་བདག་ཐོབ་ཁག7རེ་ཞུ་བྱས་ནས་ཁེ་བེད་བདག་ཐོབ་ཁག3ཐོབ། དཔྱད་རྩོམ69ནི་ལྟེ་བའི་དུས་དེབ་ཏུ12སྤེལ་བ་དང་། རིགས་ཁག་གི་ཚན་ཞིབ་ཞིབ་འཇུག་བྱ་གཞི་ཁག35དང་། རྒྱལ་ཡོངས་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་འཆར་འགོད་ཞིབ་འཇུག་བྱ་གཞིར་རྣམ་གྲངས་ཁག9བཙུགས་ཡོད། ཞིབ་འཇུག་བྱ་གཞི70ལྷག་ཙམ་ལ་ཞིབ་འཇུག་བྱས་ཡོད།

4_3 རིག་གཞུང་ཐོན་ཁུངས།

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གྲྭར་དཔེ་དེབ་ཁྲི66.42ཉར་ཡོད།

5 གཟི་བརྗིད་མཚན་སྙན།

སི་ཁྲོན་ཞིང་ཆེན་གྱི་དཔལ་ཡོན་སློབ་གྲྭ(སྤྱི་ལོ2017ལོར)

སི་ཁྲོན་ཞིང་ཆེན་གྱི་རྩིས་གཉེར་ལས་དོན་གྱི་སྔོན་ཐོན་ཚོགས་པ(སྤྱི་ལོ2017ལོར)

སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་སློབ་གླིང་གི་བདེ་འཇགས་སློབ་གྲྭའི་སྔོན་ཐོན་ཚན་པ(སྤྱི་ལོ2017ལོར)

དཔྱད་གཞིའི་ཡིག་ཆ།