རྩོད་པ་ཞི་བ་ལེགས་པར་ཞི་བ་བཅུ་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2020-11-25 10:08ལ་འགྲུབ།

རྩོད་པ་ཞི་བ་ལེགས་པར་ཞི་བ་བཅུ་དྲུག

འདུལ་བ་གཞུང་དམ་པ་ལས་བྱུང་བའི་རྩོད་པ་ཞི་བ་ལེགས་པར་ཞི་བ་བཅུ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《འདུལ་བ་པ་པ》ཤ101བ3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། 

1.དེས་དགེ་འདུན་རྣམས་ལ་གསོལ་བ་བྱས་པར་གྱུར་པ།

2.རྒྱལ་བའི་བཀའ་དང་མཐུན་པར་གྱུར་པ།

3.ཕྱོགས་དང་ཕྱོགས་མ་ཡིན་པའི་དགེ་སློང་རྣམས་ལ་བསྒོ་བར་གྱུར་པ།

4.རྒོལ་བའི་དགེ་སློང་གིས་འདུལ་བ་མ་ཉམས་པར་གྱུར་པ།

5.མ་དག་པའི་དགེ་སློང་གི་ཉེས་པ་མ་བཅབས་པར་གྱུར་པ།

6.བྱུང་བ་མ་རུང་བར་མ་གྱུར་པ།

7.བཅས་པ་མ་རུང་བར་མ་གྱུར་པ།

8.རྗེས་སུ་བཅས་པ་མ་རུང་བར་མ་གྱུར་པ།

9.མི་གནང་བ་མ་རུང་བར་མ་གྱུར་པ།

10.རྗེས་སུ་གནང་བ་མ་རུང་བར་མ་གྱུར་པ།

11.རྒོལ་བའི་དགེ་སློང་ལ་ཤིན་ཏུ་ཡི་དམ་འཆར་བཅུག་པ།

12.ལན་གློན་པའི་དགེ་སློང་ལ་ཤིན་ཏུ་ཡི་དམ་འཆར་བཅུག་པ།

13.མདོ་སྡེའི་ཚིག་རུང་བར་གྱུར་པ།

14.འདུལ་བ་དང་མཐུན་པར་གྱུར་པ།

15.ཆོས་ཀྱི་མིག་རྒྱས་པར་གྱུར་པ།

16.ཇི་ལྟར་ཆོས་བཞིན། ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པས་བསྟན་པ་དེ་ལྟ་བུར་རྩོད་པ་ཞི་བར་གྱུར་པ་བཅས་སོ། །