མ་དད་པའི་གང་ཟག་སྟོན་པའི་ཆོས་བཅུ་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2020-11-25 10:07ལ་འགྲུབ།

མ་དད་པའི་གང་ཟག་སྟོན་པའི་ཆོས་བཅུ་དྲུག

འཕགས་པ་ཚངས་པས་བྱིན་གྱིས་ཞུས་པའི་མདོ་ལས་བྱུང་བའི་མ་དད་པའི་གང་ཟག་སྟོན་པའི་ཆོས་བཅུ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་པ་པ》ཤ30ན5ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

འཕགས་པ་ཚངས་པས་བྱིན་གྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ།

1.མི་མཐུན་པར་འཛིན་དུ་འཇུག་པ།

2.སྡིག་པའི་བསྟན་པ་ལ་འཐད་པར་ལྟ་བ།

3.ཆོས་ཀྱི་གཏམ་ལ་མི་འཐད་པར་ལྟ་བ།

4.སྡིག་པའི་བསམ་པ་ཅན།

5.སེམས་ཁེངས་པ་ཅན།

6.གླགས་ལྟ་བ།

7.ཁོང་གཡོ་ཅན།

8.འཚོ་བ་ཡོངས་སུ་མ་དག་པ།

9.བཀུར་སྟི་འདོད་པ།

10.སེམས་ཀྱི་རྒྱུད་མི་དགེ་བ།

11.སྦྱོར་བ་མེད་པ།

12.གཞན་ལ་སྐུར་པ་འདེབས་པ།

13.གཅིག་ཏུ་ངེས་པར་སྐྱོན་འཛིན་པ།

14.བསྟན་པ་ལ་མ་ངེས་པ།

15.ལོག་པར་ལྟ་བ།

16.ལས་ཀྱི་རྣམ་པར་སྨིན་པ་ལ་ཐེ་ཚོམ་ཟ་བ་བཅས་སོ། །