འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཁང་ཚན་བཅུ་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2020-11-25 10:06ལ་འགྲུབ།

འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཁང་ཚན་བཅུ་དྲུག

《དུང་དཀར་ཚིག་མཛོད་ཆེན་མོ》ལས་བྱུང་བའི་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཁང་ཚན་བཅུ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《དུང་དཀར་ཚིག་མཛོད་ཆེན་མོ》ཤ190.6ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

1.ཧར་གདོང་ཁང་ཚན་ནི། སྟོད་སོག ཨ་ལག ཤ་ཤིན་ཅིང་བཅས་ཀྱི་སོག་རིགས་དང་། ནང་སོག་ཁག་གཅིག་འདམ་དང་། ནག་ཆུའི་འབྲོག་པ། སྟོད་ལུང་དང་། ཡངས་པ་ཅན། འཕན་པོ་བཅས་ཀྱི་དབུས་པ་ཁག་གཅིག་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས་ཡིན།

2.བསམ་བློ་ཁང་ཚན་ནི། ཨ་མདོ་ཁུལ་ཁག་གཅིག་དང་། མཚོ་སྔོན་གྱི་སོག་རིགས། བོད་བྱང་ཁུལ་གྱི་འབྲོག་པ་ཀྱི་གྲྭ་རྒྱུན་ཐོབ་ཁུངས།

3.གུང་རུ་ཁང་ཚན་ནི། བར་ཁམས་ཚ་བ་དམའ་ཤོད། ཤོ་པ་མདོ། སྟར་རྫོང་། ལྷོ་རྫོང་བཅས་དང་། དབུས་ནས་འབྲི་གུང་པ་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས།

4.བྲ་ཏི་ཁང་ཚན་ནི། ཅོ་ནེ། ཆས་པ་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས།

5.ཀླུ་འབུམ་ཁང་ཚན་ནི། མཚོ་སྔོན་གྱི་རེབ་གོང་། རྡོ་སྦིས། ཨ་རིག་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས།

6.ཏཱ་དབེན་ཁང་ཚན་ནི། ཀན་སུའུ་ཁོངས་ཟམ་ཚ། མཛོད་དགེ་སྨད། ཧོར་ཚང་ཡོངས་རྫོགས། ཀླུ་ཆུ་ཤིས་ཚང་རྫོང་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས།

7.ཐེ་པོ་ཁང་ཚན་ནི། ཟི་ཁྲོན་མཛོད་དགེ་ཤོག་བཅུ་གཉིས། འཕན་གྱི་ཤོག་བདུན། དི་ཉག་ཤོག་ལྔ། ཐེ་པོ་ཁུལ་མང་ཆེ་བ། འབྲུག་ཆུ་རྫོང་གི་ཕྱེད་ཀ་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས།

8.གཞུང་པ་ཁང་ཚན་ནི། ཨ་མདོ་ཟམ་ཚ་རོང་པ་ཡོངས་རྫོགས། ཀན་སུའུ་བསང་ཆུ་སྟོད་སྨད། འབོ་ར། ཨ་མཆོག་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས།

9.འགག་ཤིང་ཁང་ཚན་ནི། མཚོ་སྔོན་གྱི་ཏན་ཏིག་ཡང་ཏིག མཛོ་མོ་མཁར་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས།

10.གྲ་ཉེ་ཁང་ཚན་ནི། ཀན་སུའུ་ཁུངས་གཙོས་ལྷ་ཁང་། རྫ་ཡིས། རྒན་གྱ། བཀྲ་ཤིས་འཁྱིལ་གྱི་ཐ་བ། བསང་ཆུ་ཁོངས་ཀྱི་རོང་པ་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས།

11.ཟུང་ཆུ་ཁང་ཚན་ནི། ཨ་མདོ་ཁོངས་ཟུང་འཕན་ཡོངས་རྫོགས། རྔ་བ་ཁུལ་མང་ཆེ་བ། མགོ་ལོག་གི་ཁང་གསར། ཁང་རྒན་བཅས་ཡོང་བའི་གྲྭ་རྒྱུན་ཐོབ་ཁུངས།

12.ཆུ་བཟང་ཁང་ཚན་ནི། མཚོ་སྔོན་གྱི་ཆུ་བཟང་དང་དབུས་ཁུལ་སྟོད་ལུང་པ་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས།

13.བྱ་བྲལ་ཁང་ཚན་ནི། ཀན་སུའུ་བསང་ཆུ་རྫོང་ཁོངས་ཀྱི་དངུལ་ར། མཛོད་དགེ་ཉི་མ་ཆོས་འཁོར་ཁག་གསུམ། མཚོ་སྔོན་མགོ་ལོག་རྫ་ཆུ་ཁ། ཨ་རིག་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས།

14.རེབ་རྩ་ཁང་ཚན་ནི། ཀན་སུའུ་ཁོངས་རེབ་ཙ་ཁག་བཞི་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས།

15.ཆས་པ་ཁང་ཚན་ནི། ཅོ་ནེ་ཆས་བུ་ཤིས་པ། བདེ་ཐང་ཡ་རུ་མ་རུ། ས་དམར། ཨ་འཁོར། ཕྱར་རོ་ཁོག་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས།

16.མངའ་རིས་ཁང་ཚན་ནི། སྟོད་མངའ་རིས་ཀྱི་གྲྭ་རྒྱུན་ཐོབ་ཁུངས་བཅས་ཡིན།