སི་ཁྲོན་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 09:19ལ་འགྲུབ།

སི་ཁྲོན་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་།

སི་ཁྲོན་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་།
སི་ཁྲོན་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四川应用技术职业学院
ཕྱི་ཡིག་གི་མིང་།
Sichuan College of Applied Sciences
བཙུགས་ལོ།
སྤྱི་ལོ2015ལོར།
སློབ་སྒྲུབ་ངོ་བོ།
དམངས་སྒྲུབ་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས།
སློབ་གྲྭའི་ཁྱད་ཆོས།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་།
ཁོངས་གཏོགས་ཁེ་ལས།
སི་ཁྲོན་དེང་རབས་སློབ་གསོ་ཚོགས་པ།
ལས་ཐོག་སློབ་གཙོ།
ཅིན་ཡཱ་ཞིན།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག་དང་། གློག་རླངས་བཟོ་སྐྲུན་སྡེ་ཁག རླངས་འཁོར་བཟོ་སྐྲུན་སྡེ་ཁག་སོགས།
1 ངོ་སྤྲོད།

སི་ཁྲོན་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སྤྱི་ལོ2017ལོའི་ཟླ8པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གླིང་དུ་ད་ལྟ་ཆེད་བསྐོས་དགེ་རྒན280ཡོད་པའི་ནང་མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན75ཡོད། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ400ལྷག་ཙམ་ཡོད་པ་དང་། སློབ་གླིང་གི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི16དང་གློག་རྡུལ་དཔེ་དེབ་ཁྲི20ལྷག་ཙམ་ཉར་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2015ལོའི་ཟླ3པའི་ཚེས17ཉིན། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཡི་གེ[2015]ཡིག་ཨང49པའི་ཐོག་ནས་སི་ཁྲོན་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་འཛུགས་རྒྱུའི་མོས་མཐུན་བྱུང་བ་དང་། དེ་ནས་བཟུང་རང་རེའི་ཞིང་ཆེན་མི་རིགས་ས་ཁུལ་གྱི་མཐོ་རིམ་ལས་རིགས་སློབ་གླིང་དང་པོ་དངོས་སུ་དབུ་བརྙེས།

སྤྱི་ལོ2015ལོའི་ཟླ4པའི་ཚེས27ཉིན། ལིང་ཧྲན་ཁུལ་ཨུའི་ཧྲུའུ་ཅི་ལིན་ཧྲུའུ་ཁྲེང་དང་ལིང་ཧྲན་ཁུལ་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཨ་ཀཱ། ལིང་ཧྲན་ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལི་ལིང་པིན། ཞི་ཁྲང་གྲོང་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སུང་ལི་དང་ཞི་ཁྲང་གྲོང་ཁྱེར་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ལུའོ་རུང་བཅས་ཀྱིས་སི་ཁྲོན་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་དུ་གཟིགས་ཞིབ་དང་བརྟག་ཞིབ་གནང་སྟེ། སློབ་གླིང་གི་འཛུགས་སྐྲུན་གནས་ཚུལ་དང་སློབ་གཉེར་བསམ་བློར་གདེང་འཇོག་ཆེན་པོ་ཐོབ།

སྤྱི་ལོ2015ལོའི་ཟླ9པའི་ཚེས8ཉིན། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཁང་དང་བཅས་ཀྱིས་སི་ཁྲོན་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་དུ་ཕེབས་ནས་སློབ་གླིང་གི་སློབ་གཉེར་གནས་ཚུལ་དང་སློབ་འགོ་ཚུགས་པའི་ལས་དོན་ལ་བརྟག་ཞིབ་གནང་སྟེ། སློབ་གླིང་གི་འཁོར་སྐྱོད་རྣམ་པ་དང་ཚད་ལྡན་དོ་དམ་ལ་ཁས་ལེན་ཐོབ།

སྤྱི་ལོ2016ལོའི་ཟླ2པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཀྲི་ཝུན། སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་དབྱིན་ལི། ལྭིང་ཧྲན་ཁུལ་ཨུའི་ཧྲུའུ་ཅི་ལིན་ཧྲུའུ་ཁྲེང་བཅས་སི་ཁྲོན་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་དང་ཞི་ཁྲང་དེང་རབས་ལས་རིགས་སློབ་གྲྭར་ཕེབས་སྟེ་དགེ་སློབ་ཡོངས་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་སྐུལ་ལྕག་ཆེན་པོ་གནང་།

སྤྱི་ལོ2016ལོའི་ཟླ4པའི་ཚེས11ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཞིང་ཆེན་སློབ་གསོ་ཐིང་གི་སྐོར་གཟིགས་པ་གཞོན་པ་ལིན་ཆང་དང་བཅས་པ་སི་ཁྲོན་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་དུ་ཕེབས་ནས་སློབ་གླིང་གི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འདོན་བྱས་པ་དང་། དུས་མཚུངས་སུ་སློབ་གླིང་ལ་རྐང་རྩེད་སྤོ་ལོ་དང་དཔེ་དེབ་སོགས་སློབ་ཁྲིད་ཡོ་བྱད་མཁོ་འདོན་བྱས་ཡོད།

3 སློབ་སྒྲུབ་ཆ་རྐྱེན།
3_1 རྨང་གཞི་སྒྲིག་བཀོད།

སྤྱི་ལོ2019ལོའི་ཟླ7པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་ལྟར་ན། སློབ་གླིང་ལ་ད་ལྟ་སློབ་ཁྲིད་ཡོ་བྱད་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི1591ཟིན་པ་དང་། དྲ་རྒྱའི་སྟེགས་བུ། དོ་དམ་མ་ལག གློག་འགྱུར་སློབ་གསོའི་ལྟེ་གནས་བཅས་ཡོད། པུའུ་ཡིས་ཚད་གཞི་ལྟར་སློབ་ཁྲིད་ཀྱི་དཔྱད་ཆས་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད། སློབ་གླིང་ལ་དུ་དཔེ་དེབ་དཔྱད་ཡིག་ཁྲི8.3དང་གློག་རྡུལ་དཔེ་དེབ་དཔྱད་ཡིག་ཁྲི12ཡོད། 

4 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སློབ་གླིང་དུ་སྡེ་ཁག8བཙུགས་ཡོད་པ་དང་། སློབ་སྔོན་སློབ་གསོ་དང་། ནད་སྐྱོང་། འཕྲུལ་ཆས་བཟོ་སྐྲུན་དང་རང་འགུལ་ཅན། གློག་རླངས་རང་འགུལ་ཅན་གྱི་ལག་རྩལ། རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཉམས་བཟོའི་ལག་རྩལ། ཨར་སྐྲུན་ལས་གྲྭའི་ལག་རྩལ། རྩིས་འཁོར་ཉེར་སྤྱོད་ལག་རྩལ། ནོར་སྲིད་ཆ་འཕྲིན་དོ་དམ། རྩིས་གཉེར། གློག་རྡུལ་ཚོང་དོན། སྲིད་འཛིན་དོ་དམ། ཡུལ་སྐོར་དོ་དམ་སོགས་མཐོ་རིམ་ལས་རིགས་ཆེད་ལས15ཡོད། 

5 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་ད་ལྟ་ཆེད་བསྐོས་དགེ་རྒན109ཡོད་པའི་ནང་དགེ་རྒན་ཆེན་མོ་རྒན་གཞོན་གྱིས31.2%བཟུང་བ་དང་། རབ་འབྱམས་པ་དང་དེ་ཡན་གྱི་སློབ་གཉེར་བརྒྱུད་རིམ་གྱིས23.9%བཟུང་ཡོད། ཉིས་འཇོན་རྣམ་པའི་དགེ་རྒན་གྱིས23.9%བཅས་བཟུང་ཡོད།

དཔྱད་གཞིའི་ཡིག་ཆ།