བྱང་ཆུབ་སེམས་དཔའ་འཕེལ་བར་བྱེད་པའི་དཔལ་རྣམ་པ་བཅུ་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2020-11-25 10:04ལ་འགྲུབ།

བྱང་ཆུབ་སེམས་དཔའ་འཕེལ་བར་བྱེད་པའི་དཔལ་རྣམ་པ་བཅུ་དྲུག

མདོ་རྒྱ་ཆེར་རོལ་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་འཕེལ་བར་བྱེད་པའི་དཔལ་རྣམ་པ་བཅུ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ཁ་པ》ཤ263བ1ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ།

1.སེམས་ཅན་དམ་པ་ཁྱོད་ནི་དགུང་ཟླ་ཡར་གྱི་ངོ་ལྟར་མཛེས་པའོ། །

2.བློ་རྣམ་པར་དམ་པ་ཁྱོད་ནི་གདུགས་དང་པོ་ཤར་བ་ལྟར་ལྷང་ངེ་བའོ། །

3.སེམས་ཅན་དམ་པ་ཁྱོད་ནི་ཆབ་ཀྱི་ནང་ན་པདྨ་ལྟར་རབ་ཏུ་རྒྱས་པའོ། །

4.སེམས་ཅན་དམ་པ་ཁྱོད་ནི་ནགས་དང་ནགས་འདབས་ན་རྒྱུ་བའི་སེངྒེ་ལྟར་སྒྲོག་པའོ། །

5.སེམས་ཅན་དམ་པ་ཁྱོད་ནི་རྒྱ་མཚོའི་དབུས་ན་རིའི་རྒྱལ་པོ་ལྟར་མཛེས་པའོ། །

6.སེམས་ཅན་དམ་པ་ཁྱོད་ནི་ཁོར་ཡུག་གི་རི་ལྟར་མངོན་པར་འཕགས་པའོ། །

7.སེམས་ཅན་དམ་པ་ཁྱོད་ནི་རྒྱ་མཚོ་ལྟར་རིན་པོ་ཆེས་བལྟམས་ཤིང་དཔག་དཀའ་བའོ། །

8.འཇིག་རྟེན་གྱི་མགོན་པོ་ཁྱོད་ནི་ནམ་མཁའ་ལྟར་ཐུག་པ་མ་མཆིས་ཤིང་ཐུགས་ཀྱི་རྒྱ་ཆེ་བའོ། །

9.སེམས་ཅན་རྣམ་པར་དག་པ་ཁྱོད་ནི་ངོགས་ལྟར་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་ཅིང་ཐུགས་ཤིན་ཏུ་བརྟན་པའོ། །

10.སེམས་ཅན་དམ་པ་ཁྱོད་ནི་མཚོ་མ་དྲོས་པ་ལྟར་རྟག་ཏུ་དྭངས་ཤིང་ཐུགས་རྙོག་པ་མི་མངའ་བའོ། །

11.སེམས་ཅན་དམ་པ་ཁྱོད་ནི་རླུང་དམར་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རྟག་ཏུ་མི་ཆགས་ཤིང་ཐུགས་གནས་མ་མཆིས་པའོ། །

12.སེམས་ཅན་དམ་པ་ཁྱོད་ནི་གཟི་བརྗིད་ཀྱི་རྒྱལ་པོ་ལྟར་རློམ་སེམས་ཐམས་ཅད་སྤངས་ཤིང་བསྙེན་པར་དཀའ་བའོ། །

13.སེམས་ཅན་དམ་པ་ཁྱོད་ནི་སྲེད་མེད་ཀྱི་བུ་ལྟར་ཐུལ་བར་དཀའ་ཞིང་སྟོབས་དང་ལྡན་པའོ། །

14.འཇིག་རྟེན་གྱི་མགོན་པོ་ཁྱོད་ནི་བྱང་ཆུབ་ཀྱི་སྙིང་པོ་ལས་མི་བཞེངས་པས་དམ་བཅས་པ་བརྟན་པའོ། །

15.སེམས་ཅན་དམ་པ་ཁྱོད་ནི་དབང་བོའི་ལག་གིས་འཕངས་པའི་རྡོ་རྗེ་ལྟར་སླར་མི་ལྡོག་པའོ། །

16.སེམས་ཅན་དམ་པ་ཁྱོད་ནི་རིང་པོ་མི་ཐོགས་པར་སྟོབས་བཅུ་དང་ལྡན་པར་བྱོན་པས་བརྙེས་པ་ལེགས་པར་བརྙེས་པ་བཅས་སོ། །