བྱང་ཆུབ་སེམས་དཔའ་ཕ་རོལ་དུ་ཕྱིན་པ་བཅུ་ཐོབ་པའི་རྟགས་བཅུ་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2020-11-25 10:02ལ་འགྲུབ།

བྱང་ཆུབ་སེམས་དཔའ་ཕ་རོལ་དུ་ཕྱིན་པ་བཅུ་ཐོབ་པའི་རྟགས་བཅུ་དྲུག

མདོ་སྡེའི་རྒྱན་གྱི་བཤད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པའི་རྟགས་བཅུ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་ཕི་པ》254ན7ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

མདོ་སྡེའི་རྒྱན་གྱི་བཤད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་ཕ་རོལ་དུ་ཕྱིན་པ་བཅུ་ཐོབ་པའི་རྟགས་བཅུ་དྲུག་ལ་གོ་བ་ཡིན།

1.རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲུབ་པའི་འདུན་པ་དང་མ་བྲལ་བ་ཉིད།

2.སྦྱིན་པའི་ཕ་རོལ་ཕྱིན་པའི་མི་མཐུན་པའི་ཕྱོགས་དང་བྲལ་བ་ཉིད།

3.ཚུལ་ཁྲིམས་ཀྱི་ཕ་རོལ་ཕྱིན་པའི་མི་མཐུན་པའི་ཕྱོགས་དང་བྲལ་བ་ཉིད།

4.བཟོད་པའི་ཕ་རོལ་ཕྱིན་པའི་མི་མཐུན་པའི་ཕྱོགས་དང་བྲལ་བ་ཉིད།

5.བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་དང་བྲལ་བ་ཉིད།

6.བསམ་གཏན་གྱི་ཕ་རོལ་ཕྱིན་པའི་མི་མཐུན་པའི་ཕྱོགས་དང་བྲལ་བ་ཉིད།

7.ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་མི་མཐུན་པའི་ཕྱོགས་དང་བྲལ་བ་ཉིད།

8.ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་རྟགས་ཐེག་པ་གཞན་ཡིད་ལ་བྱེད་པས་སེམས་རྣམ་པར་མ་གཡེངས་པ་ཉིད།

9.ཕུན་སུམ་ཚོགས་པའི་བདེ་བ་དག་ལ་མ་ཆགས་པ་ཉིད།

10.རྒུད་པ་དང་དཀའ་བ་སྤྱོད་པའི་སྡུག་བསྔལ་དག་གིས་སྦྱོར་བ་ལས་མི་ལྡོག་པ་ཉིད།

11.དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་ཐོས་པ་ལྷུར་ལེན་པ་ཉིད།

12.སྟོན་པ་མཆོད་པ་གཙོར་བྱེད་པ་ཉིད།

13.དགེ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ།

14.སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གནས་སུ་སྐྱེ་བའི་ཕྱིར་གནས་བཟང་པོར་སྐྱེ་བ།

15.སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་དེའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་དང་མ་འདྲེས་པའི་ཕྱིར་རྟག་ཏུ་དགེ་བ་བྱེད་པ་ཉིད།

16.ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་པར་ཤེས་པའི་ཡོན་ཏན་གྱིས་རྣམ་པར་རྩེ་བ་བཅས་སོ། །