བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བའི་ལྷའི་བུ་བཅུ་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2020-11-25 10:01ལ་འགྲུབ།

བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བའི་ལྷའི་བུ་བཅུ་དྲུག

《མདོ་ཁ་པ》ལས་བྱུང་བའི་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བའི་ལྷའི་བུ་བཅུ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ཁ་པ》ཤ225ན2ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

1.ལྷའི་བུ་ཨུཏྐ་ལི་ཞེས་བྱ་བ།

2.ལྷའི་བུ་མུཏྐ་ལི་བྱ་བ།

3.སྐྱེ་རྒུའི་བདག་པོ།

4.དཔའ་སྟོབས།

5.དཔུང་རྒྱན་སྟོབས།

6.རབ་བརྟན།

7.ས་འཛིན།

8.སྣང་བྱེད།

9.དྲི་མ་མེད་པ།

10.ཆོས་ཀྱི་དབང་ཕྱུག

11.ཆོས་ཀྱི་ཏོག

12.འགྲོ་གྲུབ།

13.མིག་ཐོགས་པ་མེད་པ།

14.བཀོད་པ་ཆེན་པོ།

15.ཚུལ་ཁྲིམས་རྣམ་དག་དྲི་ལྡན།

16.པདྨའི་འོད་དང་བཅས་དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བ་དག་སྟེ། ཐམས་ཅད་ཕྱིར་མི་ལྡོག་པའི་བཟོད་པ་ཐོབ་པ་ཤ་སྟག་གོ །