བོད་ཡིག་གི་བུ་ཆོས་བཅུ་དྲུགསྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2020-11-25 10:00ལ་འགྲུབ།

བོད་ཡིག་གི་བུ་ཆོས་བཅུ་དྲུག

《མདོ་རྒྱུད་མཛོད་ཛ་པ》དང《ཤེས་བྱ་ཀུན་ཁྱབ》ལས་བྱུང་བའི་བོད་ཡིག་གི་བུ་ཆོས་བཅུ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་རྒྱུད་མཛོད་ཛ་པ》ཤ494.12《ཤེས་བྱ་ཀུན་ཁྱབ》དེབ་བར་ཆ་ཤ273.12ལས་བཏུས།
རིགས་དབྱེ།
བཟོ་རིག་པ།
1 ​རྣམ་གྲངས་འདྲེན་པ།

འདི་ལ་ཁག་གཉིས་ཡོད་པ་སྟེ།

1_1 ཁག་དང་པོ།

མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་བཟོ་རིག་པ་ལས་བྱུང་བ་སྟེ། 

1.མཐོ་དམན་མེད་པ་ལ་སོགས་པའི་རྣ་རུའི་ཆོས་གསུམ།

2.སྟོད་སྨད་ཕྱེད་པ་ལ་སོགས་ཏེ་འབྲེང་བུའི་ཆོས་གཉིས།

3.ཟླུམ་འགྲིལ་འཁྱུག་པ་སྟེ་གི་གུའི་ཆོས་གསུམ།

4.གསུམ་འགྲེལ་ལྡན་པ་སྟེ་ཞབས་ཀྱུའི་ཆོས་གསུམ།

5.རྟ་འབྲེལ་བ་ལ་སོགས་ར་བཏགས་ཀྱི་ཆོས་གཉིས།

6.འཁྱུག་སྙོམས་སོགས་ཡ་བཏགས་ཀྱི་ཆོས་གསུམ་བཅས་སོ། །

1_2 ཁག་གཉིས་པ།

1.གཉིས་ཆོད་འཛུམ་ལ་མཐོ་དམན་མེད་པ་ན་རོའི་ཆོས་གསུམ།

2.གསེགས་ཀྱིས་གཞོལ་བ་སྟོད་སྨད་ཕྱེད་པ་སྟེ་འགྲེང་བུའི་ཆོས་གཉིས།

3.ཟླུམ་འདྲིལ་འཁྱུག་པ་སྟེ་གི་གུ་གསུམ།

4.གདགས་པ་ཅན། ལྷན་ཐབས་བརྐྱང་པ། མདུང་ཚུགས་གསུམ་སྦྲེལ་ལྡན་པ་སྟེ་ཞབས་ཀྱུའི་གསུམ།

5.རྟ་སྦྲེལ་འཕངས་མ་བསྐྱིལ་བ་སྟེ་ར་ཏའི་གཉིས།

6.འཁྱུག་སྙོམས་འདེགས་ལ་དཀྱིལ་ཡངས་ཏེ་ཡ་བཏགས་ཀྱི་གསུམ་བཅས་སོ། །