ཅང་དབྱང་གྲོང་ཁྱེར་འཛུགས་སྐྲུན་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-11-27 09:19ལ་འགྲུབ།

ཅང་དབྱང་གྲོང་ཁྱེར་འཛུགས་སྐྲུན་ལས་རིགས་སློབ་གླིང་།

ཅང་དབྱང་གྲོང་ཁྱེར་འཛུགས་སྐྲུན་ལས་རིགས་སློབ་གླིང་།
ཅང་དབྱང་གྲོང་ཁྱེར་འཛུགས་སྐྲུན་ལས་རིགས་སློབ་གླིང་ནི་སྤྱི་ལོ2018ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་དམངས་སྒྲུབ་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江阳城建职业学院
ཕྱི་ཡིག་གི་མིང་།
Jangyang City Construction College
བཙུགས་ལོ།
སྤྱི་ལོ2018ལོར།
སློབ་སྒྲུབ་ངོ་བོ།
དམངས་སྒྲབ་མཐོ་རིམ་ལས་རིགས་སློབ་གླིང་།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་།
ལས་ཐོག་འགོ་ཁྲིད།
ཝུའུ་ཀྲེན་ཧྭ།
སློབ་གྲྭའི་ཚབ་ཨང་།
5782
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2019ལོའི་ཟླ7པའི་ཚེས12ཉིན། སི་ཁྲོན་ལྷོ་རྒྱུད་ཀྱི་མཐོ་སློབ་མནའ་འབྲེལ་གྱི་ལས་འཛིན་ཚན་པར་གྱུར།

སྤྱི་ལོ2019ལོའི་ཟླ7པའི་ཚེས12ཉིན། ཀྲུང་གོའི་སྒྲིག་ཆས་རྣམ་པའི་བཟོ་སྐྲུན་སློབ་ཁྲིད་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་མནའ་འབྲེལ་གྱི་ལས་འཛིན་གཞོན་པའི་ཚན་པར་གྱུར།

རྒྱལ་ཁབ་ཀྱི་དཔེ་སྟོན་སློབ་གྲྭ་སྟེ། སི་ཁྲོན་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་གི་མཉམ་ལས་སློབ་གླིང་།

2 རིག་གཞུང་ཞིབ་འཇུག

སློབ་གླིང་གིས་འབྲེལ་ཡོད་ཁེ་ལས40ལྷག་ཙམ་དང་ཡོངས་ཁྱབ་འབྲེལ་འདྲིས་བྱེད་བཞིན་ཡོད་ལ། ཀྲུང་གོའི་ལྕགས་ལམ་དང་། ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན། ཀྲུང་གོའི་ཀྲུང་གློག་འཛུགས་སྐྲུན། ཀྲུང་གོའི་བཟོ་སྐྲུན་སོགས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད། 

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེ་ལས།
3_2 མྱུར་བགྲོད་ལྕགས་ལམ་ལག་རྩལ་སློབ་གླིང་།

ལྕགས་ལམ་ལས་གྲྭའི་ལག་རྩལ།

3_3 གྲོང་ཁྱེར་འགྲིམ་འགྲུལ་སློབ་གླིང་།

གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གཉེར་སྐྱོང་དོ་དམ།

3_4 ཨར་ལས་བཟོ་སྐྲུན་སློབ་གླིང་།

ཨར་སྐྲུན་ལས་གྲྭའི་ལག་རྩལ་དང་། གཞུང་ལམ་དང་ཟམ་པ་ལས་གྲྭའི་ལག་རྩལ། འཛུགས་སྐྲུན་ལས་གྲྭའི་དོ་དམ། ཨར་སྐྲུན་དཔལ་འབྱོར་དོ་དམ་བཅས་ཀྱི་ཆེད་ལས་ཡོད།

3_5 གསོ་སྨན་ཁམས་གསོ་སློབ་གླིང་།

ནད་གཡོག་དང་། རྒན་རྒོན་བདེ་སྲུང་དང་དོ་དམ། སྨན་བཅོས་ཡོ་བྱད་སྲུང་སྐྱོང་དང་དོ་དམ་བཅས་ཀྱི་ཆེད་ལས་ཡོད།

3_6 དཔལ་འབྱོར་དོ་དམ་སློབ་གླིང་།

དྲ་སྦྲེལ་དངུལ་རྩ་དང་། རྩིས་གཉེར། མཉེན་ཆས་ལག་རྩལ་བཅས་ཀྱི་ཆེད་ལས་ཡོད།

4 རིག་ཚན་འཛུགས་སྐྲུན།

སློབ་གྲྭས་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་སྤུས་ལེགས་སློབ་ཁྲིད་ཐོན་ཁུངས་ལ་བརྟེན་ནས། ཨར་ལས་དང་། མྱུར་བགྲོད་ལྕགས་ལམ་ལག་རྩལ། ལྕགས་ལམ་འགྲིམ་འགྲུལ། དཔལ་འབྱོར་དོ་དམ་སོགས་ཀྱི་ཆེད་ལས་གཙོ་བོར་བྱས་ཏེ་རིག་གཞུང་ཚན་ཁག་རྣམས་འཕེལ་རྒྱས་བཏང་པ་དང་། སྤུས་ལེགས་ཆེད་ལས20ལྷག་ཙམ་འཛུགས་སྐྲུན་བྱས་ཡོད།

5 སློབ་ཁྲིད་འཛུགས་སྐྲུན།

སློབ་གླིང་གི་རྒྱ་ཁྱོན་ལ་མུའུ1000ལྷག་ཙམ་ཡོད་པ་དང་། སློབ་གྲྭའི་ནང་དངོས་སྦྱོང་ཁང21བཙུགས་ཡོད། སློབ་གླིང་ནི་སི་ཁྲོན་དང་། ཡུན་ནན། ཀུའེ་ཀྲོའུ། ཁྲུང་ཆིང་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞིར་ཁྱབ་པའི་རྒྱལ་ཁབ་ས་ཁོངས་ལྟེ་བའི་གྲོང་ཁྱེར་ལུའུ་ཀྲོའུ་གྲོང་ཁུལ་དུ་གནས་ཡོད། 

6 དགེ་རྒན་གྱི་དཔུང་སྡེ།
6_1 ཆེད་ཞུས་དགེ་རྒན།

ཧྲི་ཡུས་ཞིན། ཀྲུང་གོ་བཟོ་སྐྲུན་རྩད་ཞིབ་ཇུས་འགོད་ཀྱི་སློབ་དཔོན་ཆེན་མོ།

ཧན་གོའི་ཞན། ཀྲུང་གོའི་ཐེ་ཅན་ཡོན་གྱི་ཙུང་ཚའེ་གཞོན་པ་དང་སྤྱི་ཁྱབ་བཟོ་བཀོད་པ།

ལིའུ་ཁ་ཏིང་། ཧྲེན་ཀྲེན་ས་འོག་ལྕགས་ལམ་གྱི་སྤྱི་ཁྱབ་བཟོ་བཀོད་པ།

དབྱི་སི་རུང་། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་དང་རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན།

ཝང་ཞུས་ཀོང་། ཆིང་ཧྭ་སློབ་ཆེན་མཁའ་བསྐྱོད་སློབ་གླིང་གི་དགེ་རྒན་ཆེན་མོ་བ།

ཞཱ་ཅིན་ཡིའུ། པེ་ཅིང་ཧྭ་ཧྥེང་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་།

ཅང་ཞིན་ལིང་། ཐེན་ཅིན་སློབ་ཆེན་ཨར་ལས་བཟོ་སྐྲུན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དང་དགེ་རྒན་ཆེན་མོ།

ཡའོ་ལིན་ཁན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན།

ལིའུ་ཀྲེང་ཀང་། ཀྲུང་ཨེ་རྒྱལ་སྤྱིའི་བློ་འདྲི་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་།

ཡན་ཁའེ་ཅུན། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཞིབ་དཔྱད་པ།

དཔྱད་གཞིའི་ཡིག་ཆ།