མངོན་པར་མི་དགའ་བ་བསྐྱེད་པའི་འཇིག་རྟེན་གཉིས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-11-27 11:27ལ་འགྲུབ།

མངོན་པར་མི་དགའ་བ་བསྐྱེད་པའི་འཇིག་རྟེན་གཉིས།

《མདོ་ཝ་པ》ལས་བྱུང་བའི་མངོན་པར་མི་དགའ་བ་བསྐྱེད་པའི་འཇིག་རྟེན་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ཝ་པ》ཤ265ན7ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོའི་མདོ་ལས་བྱུང་བ་སྟེ།

1.སེམས་ཅན་གྱི་འཇིག་རྟེན་ནི། སེམས་ཅན་རྣམས་ཞེས་བྱ་བ་ནི། གང་དག་འགྲོ་བ་ལྔ་སྟེ།

1.སེམས་ཅན་དམྱལ་བ།

2.དུད་འགྲོ།

3.ཡི་དྭགས།

4.ལྷ།

5.མི་རྣམས་ཀྱི་ནང་དུ་སྐྱེས་པ་རྣམས་སོ༎ འདོད་པའི་ཁམས་ན་ནི༎ སྲིད་པ་མངོན་པར་གྲུབ་པ་ཉི་ཤུའོ༎ གཟུགས་ཀྱི་ཁམས་ན་ནི། བཅུ་དྲུག་གོ ། གཟུགས་མེད་པའི་ཁམས་ན་ནི། སྲིད་པ་མངོན་པར་གྲུབ་པ་ཞིག་སྟེ། སེམས་ཅན་གྱི་འཇིག་རྟེན་ནི་དེ་ཙམ་མོ༎

2.འདུ་བྱེད་ཀྱི་འཇིག་རྟེན་ནི། འདུ་བྱེད་གསུམ་ཞེས་བྱ་སྟེ།

1.ལུས་ཀྱི་འདུ་བྱེད་ནི། དབུགས་རྔུབ་པ་དང་། དབུགས་འབྱུང་བ་རྣམས་སོ༎

2.ངག་གི་འདུ་བྱེད་ནི། རྟོག་པ་དང་དཔྱོད་པ་རྣམས་སོ༎

3.ཡིད་ཀྱི་འདུ་བྱེད་རྣམས་ནི། རྣམ་པར་ཤེས་པ་དང་། སེམས་པ་རྣམས་སོ༎