མངལ་དུ་འཇུག་པར་འདོད་པའི་རྣམ་རྟོག་གཉིས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-11-27 11:26ལ་འགྲུབ།

མངལ་དུ་འཇུག་པར་འདོད་པའི་རྣམ་རྟོག་གཉིས།

《དཀོན་བརྩེགས་ག་པ》ལས་བྱུང་བའི་མངལ་དུ་འཇུག་པར་འདོད་པའི་རྣམ་རྟོག་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《དཀོན་བརྩེགས་ག་པ》ཤ382ན2ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

དཀོན་བརྩེགས་ལེའུ་བཅུ་གསུམ་པ་མངལ་དུ་འཇུག་པ་བསྟན་པའི་ལེའུ་ལས་བྱུང་བ་སྟེ།

1.བསོད་ནམས་དང་མི་ལྡན་པ་ནི། རྣམ་པར་རྟོག་པའི་སེམས་བྱུང་ནས་ཡུལ་མཐོང་བར་གྱུར་པ་ན་འདི་སྙམ་དུ་སེམས་ཏེ། དེང་བདག་ནི། རླུང་དང་། གྲང་བ་དང་། གནམ་རྨུགས་པ་དང་། ཆར་འབབ་པ་དང་། སྐྱེ་བོ་མང་པོའི་ཅ་ཅོ་དང་། མང་པོའི་མཐུ་སྟོབས་ཀྱིས་གནོད་པར་བྱེད་པ་དང་ཕྲད་པར་གྱུར་ཏེ། ཞེས་འཇིགས་ཤིང་སྐྲག་པ་སྐྱེས་ནས་དེང་བདག་རྩྭའི་ཁྱིམ་དང་། རྩིག་པའི་དྲུང་དབེན་པར་འཇུག་པར་བྱའོ༎ ཡང་ན་རི་དང་། ནགས་སྟུག་པོ་དང་། བྲག་ཕུག་དག་ཏུ་འཇུག་པར་བྱའོ༎ སྙམ་དུ་སེམས་ཏེ། གཞན་ཡང་འདུ་ཤེས་རྣམ་པ་སྣ་ཚོགས་བསྐྱེད་ནས་ཇི་ལྟར་མཐོང་བ་བཞིན་དུ་མའི་མངལ་དུ་འཇུག་པར་བྱེད་དོ༎

2.བསོད་ནམས་ཆེན་པོ་དང་ལྡན་པ་ནི། དེ་ཡང་འདི་སྙམ་དུ་སེམས་ཏེ། དེང་བདག་ནི། རླུང་དང་། གྲང་བ་དང་། གནམ་རྨུགས་་པ་དང་། ཆར་འབབ་པ་དང་། སྐྱེ་བོ་མང་པོའི་ཅ་ཅོ་དང་། མང་པོའི་མཐུ་སྟོབས་ཀྱིས་གནོད་པར་བྱེད་པ་དང་ཕྲད་པར་གྱུར་ཏོ༎ ཞེས་འཇིགས་ཤིང་སྐྲག་པ་སྐྱེས་ནས་ཁང་པ་བརྩིགས་མའི་སྟེང་དུ་འཛེག་པའམ། ཡང་ཐོག་མཐོན་པོའི་སྟེང་དུ་འཛེག་པའམ། གཞལ་མེད་ཁང་གི་ནང་དུ་འཇུག་པའམ། ཁྲི་ལ་འདུག་པར་བྱའོ༎ སྙམ་དུ་སེམས་ཏེ། གཞན་ཡང་འདུ་ཤེས་རྣམ་པ་སྣ་ཚོགས་བསྐྱེད་ནས་ཇི་ལྟར་མཐོང་བ་བཞིན་དུ་མའི་མངལ་དུ་འཇུག་པར་འགྱུར་རོ༎