སྤྱི་ལོ2020ལོའི་ཟླ2བའི་ཚེས26ཉིན་སློབ་གསོ་པུའུ་ལ་ཞི་ཨན་བཟོ་ལས་སློབ་གྲྭ་ཆེན་མོའི་བྱང་ཕྱོགས་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་དེ་ཞི་ཨན་བཟོ་ཚོང་སློབ་གླིང་དུ་བསྒྱུར་འཛུགས་བྱ་བར་སྙན་ཞུ་བྱས།
སྤྱི་ལོ2020ལོའི་ཟླ3པའི་ཚེས18ཉིན། སློབ་གསོ་པུའུ་ཡི་ཏང་ཙུའུ་ཡི་གྲོས་ཚོགས་ཐོག་ཞིབ་འཇུག་བྱས་པ་བརྒྱུད་ཞི་ཨན་བཟོ་ལས་སློབ་གྲྭ་ཆེན་མོའི་བྱང་ཕྱོགས་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་དེ་ཞི་ཨན་བཟོ་ཚོང་སློབ་གླིང་དུ་བསྒྱུར་བར་མོས་མཐུན་བྱུང་བ་དང་། སློབ་གྲྭའི་ངོས་འཛིན་ཨང་རྟགས4161013682ལ་གཏན་འཁེལ་བྱས། དུས་མཚུངས་སུ་ཞི་ཨན་བཟོ་ལས་སློབ་གྲྭ་ཆེན་མོའི་བྱང་ཕྱོགས་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་གི་སྒྲིག་གཞི་ཕྱིར་འཐེན་བྱས།
སློབ་གླིང་གིས་སློབ་མའི་རྩལ་ནུས་གསོ་སྦྱོང་དང་དམིགས་བསལ་ཁྱད་ཆོས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལག་ཁྱེར་མང་བའི་ལས་ཞུགས་དར་སྤེལ་བཏང་སྟེ་ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་གིན་ཡོད་ལ། ཚན་རིག་ལག་རྩལ་འགྲན་བསྡུར་བྱེད་པའི་ཐད། སློབ་གླིང་གིས་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད་དེ། ཉེ་བའི་ལོ་གཉིས་ནང་རྒྱལ་ཁབ་རིམ་པའི་བྱ་དགའ71དང་ཞིང་ཆེན་རིམ་པའི་བྱ་དགའ68ཐོབ་ཡོད།
སློབ་གླིང་ལ་ད་ལྟ་སྤྱི་ཕན་ཞབས་ཞུ་དང་། གཞུང་ལུགས་སློབ་སྦྱོང་། ལུས་རྩལ་འགྲན་བསྡུར། རྩོམ་རིག་སྒྱུ་རྩལ་སོགས་དང་འབྲེལ་བ་ཡོད་པའི་སློབ་མའི་ཚོགས་པ40ཡོད། ཚོགས་པའི་ནང་སློབ་མ2000ལྷག་ཞུགས་ཡོད།
སྤྱི་ལོ2020ལོར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གི་གཤམ་འོག་ཏུ་ཚོང་ལས་སློབ་གླིང་དང་། ཆ་འཕྲིན་དང་བཟོ་སྐྲུན་སློབ་གླིང་། ཇུས་འགོད་དང་གསར་གཏོད་སློབ་གླིང་། ཤེས་རྟོགས་སློབ་གསོའི་སློབ་གླིང་། མུ་མཐུད་སློབ་གསོའི་སློབ་གླིང་། རྒྱལ་སྤྱིའི་སློབ་གསོའི་སློབ་གླིང་སོགས་སློབ་གླིང་དང་སྡེ་ཁག6བཙུགས་ཡོད་པ་དང་། དངོས་གཞིའི་ཆེད་ལས133གཉེར་ཡོད།
སློབ་གླིང་དང་སྡེ་ཁག |
དངོས་གཞིའི་ཆེད་ལས། |
ཚོང་ལས་སློབ་གླིང་། |
རྩིས་གཉེར་རིག་པ། མི་ཤུགས་ཐོན་ཁུངས་དོ་དམ། ནོར་དོན་དོ་དམ། སྤྱི་པའི་ལས་དོན་དོ་དམ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། |
ཆ་འཕྲིན་དང་བཟོ་སྐྲུན་སློབ་གླིང་། |
གློག་རྡུལ་ལས་གྲྭ་དང་དེའི་རང་འགུལ་ཅན། གློག་རྡུལ་ཆ་འཕྲིན་ལས་གྲྭ། རྩིས་འཁོར་ཚན་རིག་དང་ལག་རྩལ། མཉེན་ཆས་ལས་གྲྭ་བཅས། |
ཇུས་འགོད་དང་བློ་གསར་སློབ་གླིང་། |
མཚམས་སྦྱོར་བརྡ་ཁྱབ་རིག་པ། རླུང་འཕྲིན་དང་བརྙན་འཕྲིན་རྩོམ་སྒྲིག་དང་འཁྲབ་ཁྲིད། རྒྱང་བསྒྲགས། སྒྱུ་རྩལ་དང་བཟོ་སྐྲུན་གྱི་འགྲོ་གྲོན་གཙོ་སྐྱོང་། |
ཀུན་ཤེས་སློབ་གསོའི་སློབ་གླིང་། |
རྒྱའི་སྐད་ཡིག་རྩོམ་རིག |
རྒྱུན་མཐུད་སློབ་གསོའི་སློབ་གླིང་། |
སློབ་གླིང་གིས་གསོ་སྦྱོང་སྒྲིག་གཞི་དང་སློབ་གྲྭའི་ས་ཁོངས་ཀྱི་ལེགས་ཆར་བརྟེན་ནས་གསར་འབྱེད་ཧུར་ཐག་བྱས་པའི་རྣམ་གྲངས་གསར་པ་ཞིག་ཡིན། མཁའ་འགྲུལ་ཆེད་ལས་དང་དེ་བཞིན་གསོ་སྦྱོང་འཛིན་གྲྭ་གཞན་དག |
རྒྱལ་སྤྱིའི་སློབ་གསོ་སློབ་གླིང་། |
ཆེད་ལས་ཁག་ཚང་མ་ཟབ་སྦྱོང་བྱས་ཆོག |
སྤྱི་ལོ2015ལོར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་ཆེད་བསྐོས་དགེ་རྒན396ཡོད་པའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ165ལྷག་ཡོད་དེས་དགེ་རྒན་བསྡོམས་འབོར་གྱི30%བཟུང་ཡོད་། 83.82%ཀྱི་དགེ་རྒན་ལ་འབུམ་རམས་པ་དང་རབ་འབྱམས་པའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། སློབ་ཁྲིད་དགེ་རྒན40%ཞི་ཨན་བཟོ་ལས་སློབ་ཆེན་ནས་གདན་ཞུ་བྱས་པ་ཡིན།
ཅིང་ལིན་རྒྱལ་སྤྱི་གསར་པས་ཁྱབ་བསྒྲགས་བྱས་པའི“སྤྱི་ལོ2019ལོའི་ཀྲུང་གོའི་དམངས་བཙུགས་སློབ་ཆེན་གྱི་རྒྱལ་སྤྱི་ཅན་གྱི་ནུས་པ་ཆེན་པོ300འགྲན་རྩོད”ཀྱི་ཁྲོད་སློབ་གྲྭ་ཨང་258ལ་སླེབས་ཡོད།
སྤྱི་ལོ2018ལོའི་ཟླ11པའི་ཚེས27ཉིན་ཞི་ཨན་བཟོ་ལས་སློབ་གྲྭ་ཆེན་མོའི་བྱང་ཕྱོགས་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་ལ“སྤྱི་ལོ2018ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་སྒེར་ཚུགས་སློབ་གླིང”གི་གཟི་བརྗིད་མཚན་སྙན་ཐོབ།
སྤྱི་ལོ2019ལོའི་ཟླ1པའི1ཚེས27ཉིན། ཐེང་ཞུན་དྲ་བའི་ཙོ་གཉེར་བྱས་པའི་སྤྱི་ལོ2019ལོའི“ཧུའེ་ཞིང་ཀྲོང་གོ”ཞེས་པའི་ཐེང་ཞུན་དྲ་བའི་ལོ་འཁོར་གྱི་སློབ་གསོའི་མཛད་སྒོ་གཟབ་རྒྱས་ཐོག་ཞི་ཨན་བཟོ་ལས་སློབ་ཆེན་བྱང་ཕྱོགས་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་ལ“སྤྱི་ལོ2019ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་ཤུགས་རྐྱེན་ཆེད་བའི་སྒེར་ཚུགས་སློབ་གླིང”གི་མཚན་སྙན་ཐོབ།
སྤྱི་ལོ2020ལོའི་ཟླ1པོའི་ཚེས8ཉིན། ཞི་ཨན་བཟོ་ལས་སློབ་ཆེན་བྱང་ཕྱོགས་ཆ་འཕྲིན་ལས་གྲྭའི་སློབ་གླིང་ལ་སྤྱི་ལོ2019ལོ་ནས་སྤྱི་ལོ2020ལོའི་ལོ་འཁོར་གྱི་རྒྱལ་སྤྱི་ཅན་གྱི་སློབ་གཉེར་དཔེ་མཚོན་མཐོ་སློབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ།
ལས་འགན། |
རུས་མིང་། |
ཏུང་ཧྲི་ཀྲང་། |
ཡའོ་ཡུས་ཅན། |
གླིང་གཙོ། |
ཡེ་ཆུ་ཝེ། |
ཏང་ཨུའི་ཧྲུའུ་ཅི། |
ཐེན་ཧྥུའུ་ཧུའུ། |
གླིང་གཙོ་གཞོན་པ། |
ཏའེ་ཧུང་། |