ཞི་ཨན་ནོར་དཔལ་སློབ་གྲྭ་ཆེན་མོའི་ཞིན་ཀྲི་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-11-23 11:03ལ་འགྲུབ།

ཞི་ཨན་ནོར་དཔལ་སློབ་གྲྭ་ཆེན་མོའི་ཞིན་ཀྲི་སློབ་གླིང་།

ཞི་ཨན་ནོར་དཔལ་སློབ་གྲྭ་ཆེན་མོའི་ཞིན་ཀྲི་སློབ་གླིང་།
ཞི་ཨན་ནོར་དཔལ་སློབ་གྲྭ་ཆེན་མོའི་ཞིན་ཀྲི་སློབ་གླིང་ནི་སྤྱི་ལོ2004ལོར་བཙུགས་ཤིང་། རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཞི་ཨན་ནོར་དཔལ་སློབ་ཆེན་དང་ཧྲའན་ཞི་ཝུན་ཞིན་སློབ་གསོའི་མ་འཇོག་ཀུང་སིས་མཉམ་དུ་གཉེར་བའི་དངོས་གཞིའི་སྒེར་ཚུགས་སློབ་གླིང་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西安财经大学行知学院
དབྱིན་ཡིག་གི་མིང་།
Xingzhi College of Xi'an University of Finance and Economics
བཙུགས་ལོ།
སྤྱི་ལོ2004ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
ནོར་སྲིད་དཔལ་འབྱོར་རིགས།
སློབ་སྒྲུབ་ངོ་བོ།
དམངས་གཉེར་མཐོ་སློབ།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་གཏོགས་ཀྱི་དངོས་གཞིའི་མཐོ་སློབ་དཀྱུས་མ།
གཙོ་གཉེར་ཚན་པ།
ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་།
དངོས་གཞིའི་ཆེད་ལས།
26ཡོད།
སློབ་བཙུགས་དུས་ཆེན།
ཟླ5བའི་ཚེས18ཉིན།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རྩིས་གཉེར་ཡན་ལག་ཁང་། དཔལ་འབྱོར་དང་བསྡོམས་རྩིས་ཡན་ལག་ཁང་། མི་ཚུལ་སྒྱུ་རྩལ་ཡན་ལག་ཁང་། དོ་དམ་ཚན་རིག་ཡན་ལག་ཁང་སོགས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2003ལོའི་ཟླ9བར། ཞི་ཨན་དམངས་འཚོའི་ཚོགས་པ་མ་རྐང་ཚད་ཡོད་འགན་འཁྲི་ཀུང་སི་དང་ཧྲའན་ཞི་ཝུན་ཞིན་སློབ་གསོའི་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིས་མཉམ་དུ་ཞི་ཨན་ནོར་དཔལ་སློབ་ཆེན་གྱི་ཞིན་ཀྲི་སློབ་གླིང་འཛུགས་པར་གྲོས་མོལ་བྱས།

སྤྱི་ལོ2004ལོའི་ཟླ5བའི་ཚེས12ཉིན། 《ཧྲའན་ཞི་ཞིང་ཆེན་ནུབ་བྱང་སློབ་ཆེན་སོགས་མཐོ་སློབ་དཀྱུས་མ་དྲུག་གིས་སྤྱི་ཚོགས་སྟོབས་ཤུགས་དང་མཉམ་འབྲེལ་བྱས་ནས་སྒེར་ཚུགས་སློབ་གླིང་འཛུགས་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་སློབ་གསོ་པུའུ་ཡི་མཆན་བཀོད་བཀའ་ལན》(སློབ་གསོའི་ཡི་གེ[2004]ཨང72པ)ལྟར་ཞི་ཨན་ནོར་དཔལ་སློབ་གླིང་གི་ཞིན་ཀྲི་སློབ་གླིང་བཙུགས།

སྤྱི་ལོ2005ལོའི་ཟླ1པོའི་ཚེས18ཉིན། 《ཞི་ཨན་ནོར་དཔལ་སློབ་གླིང་ཞིན་ཀྲི་སློབ་གླིང་གི་སློབ་གསོའི་བྱ་གཞག་གི“ལོ་ལྔའི་འཆར་འགོད་བཅུ་གཅིག་པ”ཡི་འཕེལ་རྒྱས་འཆར་འགོད》ལེགས་གྲུབ་བྱུང་བ་དང་འབྲེལ་ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་ལ་སྙན་སེང་ཞུས།

སྤྱི་ལོ2005ལོའི་ཟླ8པར། སློབ་གླིང་གིས་ཐེངས་དང་པོར་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་སློབ་མ་བསྡུས། སློབ་བསྡུའི་ཆེད་ལས་ནི་སྔར་ཡོད་ཀྱི་དངོས་གཞིའི་ཆེད་ལས7གྱི་རྨང་གཞིའི་ཐོག་རླུང་འཕྲིན་བརྙན་འཕྲིན་གསར་འགྱུར་རིག་པ་དང་། ནོར་དོན་དོ་དམ། སྒྱུ་རྩལ་ཇུས་འགོད་བཅས་དངོས་གཞིའི་ཆེད་ལས་གསུམ་གསར་སྣོན་བྱས། ལོ་དེར་སློབ་མ་གསར་པ1114བསྡུས།

སྤྱི་ལོ2009ལོའི་ཟླ5བའི་ཚེས18ཉིན་སློབ་གླིང་གིས་སློབ་གླིང་བཙུགས་ནས་ལོ་འཁོར5ལོན་པའི་རྟེན་འབྲེལ་ཚོགས་ཆེན་འཚོགས།

སྤྱི་ལོ2012ལོའི་ཟླ4བའི་ཚེས1ཉིན་དཔེ་མཛོད་ཁང་བསྐྲུན་ཟིན་པ་དང་འབྲེལ་བེད་སྤྱོད་གཏོང་འགོ་ཚུགས།

སྤྱི་ལོ2012ལོའི་ཟླ4བའི་ཚེས25ཉིན་དཔྱད་ཞིབ་བྱས་པ་བརྒྱུད་སློབ་གླིང་དངོས་གཞིའི་ཆེད་ལས་ཀྱི་ཤེས་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཚན་པར་བདམས།

སྤྱི་ལོ2015ལོའི་ཟླ11པའི་ཚེས5ཉིན་སློབ་གྲྭའི་ལོ་རྒྱུས་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་དང་། སློབ་གྲྭའི་ལོ་རྒྱུས་ཁང་གིས་ཉིན45རིང་ཛ་དྲག་ངང་གྲ་སྒྲིག་དང་འཛུགས་སྐྲུན་བྱས་པ་བརྒྱུད་དུས་ལྟར་སློབ་གླིང་ཡོངས་ལ་སྒོ་མོ་ཕྱེ།

སྤྱི་ལོ2016ལོའི་ཟླ5བའི་ཚེས10ཉིན་སློབ་གླིང་གིས“ལོ་ལྔའི་འཆར་འགོད་བཅུ་གསུམ་པ”ཡི་ཆེད་ལས(རིག་ཚན)འཛུགས་སྐྲུན་འཆར་འགོད་བགྲོ་གླེང་ཚོགས་འདུ་འཚོགས།

སྤྱི་ལོ2018ལོའི་ཟླ12པར་སློབ་གླིང་གི་མིང་ལ་ཞི་ཨན་ནོར་དཔལ་སློབ་གྲྭ་ཆེན་མོའི་ཞིན་ཀྲི་སློབ་གླིང་ཞེས་བསྒྱུར།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2020ལོའི་ཟླ5བར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་ལ་དོ་དམ་སློབ་གླིང་དང་། རྩིས་གཉེར་སློབ་གླིང་། དཔལ་འབྱོར་དང་བསྡོམས་རྩིས་སློབ་གླིང་། མི་ཚུལ་སྒྱུ་རྩལ་སློབ་གླིང་། ཀུན་ཤེས་སློབ་ཁྲིད་པུའུ། བསམ་བློ་ཆབ་སྲིད་གཞུང་ལུགས་སློབ་ཚན་སློབ་ཁྲིད་པུའུ། ལུས་རྩལ་སློབ་ཁྲིད་པུའུ་སོགས་སློབ་ཁྲིད་ཚན་པ་བདུན་བཙུགས་ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ8པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་ལ་དགེ་རྒན་དང་ལས་བཟོ་བ533ཡོད་པའི་ནང་ཆེད་བསྐོས་དགེ་རྒན373ཡོད་པ་དང་། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་པའི་དགེ་རྒན146ཡོད། གཞན་ཆེད་ལས་ཀྱི་འགན་འཁུར་བ“985”དང“211”སློབ་གླིང་ནས་དགེ་རྒན་ཆེན་མོ20གདན་འདྲེན་ཞུས་ཡོད།

2_3 སློབ་ཁྲིད་ཀྱི་ཁྱད་ཆོས།

སློབ་གླིང་དུ་རྩིས་གཉེར་ཡན་ལག་ཁང་དང་། དཔལ་འབྱོར་དང་བསྡོམས་རྩིས་ཡན་ལག་ཁང་། དོ་དམ་ཚན་རིག་ཡན་ལག་ཁང་། མི་ཚུལ་སྒྱུ་རྩལ་ཡན་ལག་ཁང་། ཀུན་ཤེས་སློབ་ཁྲིད་པུའུ་བཅས་བཙུགས་ཡོད་པ་མ་ཟད། རྩིས་གཉེར་རིག་པ་དང་། དངུལ་རྩའི་རིག་པ། བཟོ་ཚོང་དོ་དམ། བསྡོམས་རྩིས། སྤྱི་པའི་བྱ་གཞག་དོ་དམ། རླུང་འཕྲིན་བརྙན་འཕྲིན་རིག་པ་སོགས་དངོས་གཞིའི་ཆེད་ལས19བཙུགས་ཡོད། དཔལ་འབྱོར་དོ་དམ་རིགས་ཀྱི་རིག་གཞུང་ཚན་ཁག་གཙོ་བོར་བྱས་ནས། དཔལ་འབྱོར་དང་། དོ་དམ། སྤྱི་ཚོགས། རང་བྱུང་རིག་པ་སོགས་རིག་ཚན་མང་པོ་ཕན་ཚུན་འདེགས་སྐྱོར་དང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད།

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་ལས་ཁུངས།

སློབ་གྲྭས་བཀོལ་སྤྱོད་རྣམ་པའི་གསར་གཏོད་འཇོན་མི་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ནས། སྔ་རྗེས་སུ་རྩིས་གཉེར་ཕྱོགས་བསྡུས་ལག་ལེན་སློབ་ཁྲིད་ལྟེ་གནས་དང་། དཔལ་འབྱོར་ཕྱོགས་བསྡུས་ལག་ལེན་སློབ་ཁྲིད་ལྟེ་གནས། ERPཁེ་ལས་གཉེར་སྐྱོང་དོ་དམ་བྱེ་སྡེར་ཚོད་ལྟ་ཁང་། བརྙན་ལེན་ཚོད་ལྟ་ཁང་། སྐུད་མེད་རྩོམ་སྒྲིག་ཚོད་ལྟ་ཁང་སོགས་རིགས་ཁག་གི་ཆེད་ལས་ཚོད་ལྟ་ཁང24དང་། སློབ་ཕྱིའི་དངོས་སྦྱོང(དངོས་སྦྱོང)རྟེན་གཞི161བཙུགས་ཡོད།

3_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2020ལོའི་ཟླ8པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གིས་ཉེ་བའི་ལོ་ཤས་རིང་སློབ་དེབ་དང་ཆེད་རྩོམ20ལྷག་དཔེ་སྐྲུན་བྱས་པ་དང་རིག་གཞུང་དཔྱད་རྩོམ200ལྷག་སྤེལ་ཡོད། བྱ་དགའ་ཐོབ་པའི་གྲུབ་འབྲས་བཅུ་ལྷག་ཐོབ་ཡོད།

3_3 རིག་གཞུང་ཐོན་ཁུངས།

སྤྱི་ལོ2020ལོའི་ཟླ8པའི་བར། སློབ་གྲྭའི་དཔེ་མཛོད་ཁང་དུ་ཤོག་བུའི་དཔེ་དེབ་ཁྲི56.5དང་དུས་དེབ486 ཚགས་པར་རིགས23ཉར་ཚགས་བྱས་ཡོད་ལ། སློབ་གྲྭའི་གློག་རྡུལ་དཔེ་དེབ་ཀྱི་ཐོན་ཁུངས《ཀྲུང་གོའི་ཤེས་རྟོགས་དྲ་བ》དང་། 《ཝན་ཧྥང་གཞི་གྲངས་ཤེས་བྱའི་ཞབས་ཞུའི་ལས་སྟེགས》《ཁྲའོ་ཞིན་ཧུའེ་ཡ་གློག་རྡུལ་དཔེ་དེབ》《ཡཱིན་ཧྥུའུ་ཡིག་རྒྱུགས་ཀྱི་རྒྱུགས་གཞིའི་མཛོདB12》བཅས་གློག་རྡུལ་ཐོན་ཁུངས་རིགས4དངོས་སུ་ཉོས་ཡོད།

དཔྱད་གཞིའི་ཡིག་ཆ།