ཧྲའན་ཞི་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཅིང་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-11-23 10:50ལ་འགྲུབ།

ཧྲའན་ཞི་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཅིང་སློབ་གླིང་།

ཧྲའན་ཞི་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཅིང་སློབ་གླིང་།
ཧྲའན་ཞི་ཚན་རྩལ་སློབ་གྲྭ་ཆེན་མོའི་ཀའོ་ཅིང་སློབ་གླིང་ནི་ཧྲའན་ཞི་ཚན་རྩལ་སློབ་ཆེན་དང་ཧྲའན་ཞི་སི་ཁ་ལུའེ་པོ་ཏེ་གྱོན་ཆས་ཚད་ཡོད་ཀུང་སིས་མཉམ་འབྲེལ་ལས་བྱས་ནས་བཙུགས་པའི་དངོས་གཞི་རིམ་པའི་སྒེར་ཚུགས་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陕西科技大学镐京学院
དབྱིན་ཡིག་གི་མིང་།
haojing college of shaanxi university of science&tech
བཙུགས་ལོ།
སྤྱི་ལོ2004ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས།
སློབ་སྒྲུབ་ངོ་བོ།
སྒེར་གཉེར་སློབ་གྲྭ།
སློབ་གྲྭའི་ཁྱད་ཆོས།
དངོས་གཞིའི་སློབ་གྲྭ་དཀྱུས་མ།
གཙོ་གཉེར་ཚན་པ།
ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་།
གཞུང་ཕྱོགས་དྲ་གནས།
http://www.kdhj-edu.net
དངོས་གཞིའི་ཆེད་ལས།
27ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རྩིས་གཉེར་སློབ་གླིང་། དཔལ་འབྱོར་ཉོ་ཚོང་སློབ་གླིང་། གློག་འཕྲིན་བཟོ་སྐྲུན་སློབ་གླིང་། གྱོན་ཆས་དང་སྒྱུ་རྩལ་ཇུས་འགོད་སློབ་གླིང་། གསོ་རིག་བཟོ་སྐྲུན་སློབ་གླིང་། མི་ཚུལ་སྒྱུ་རྩལ་སློབ་གླིང་སོགས་ཡོད།
1 སློབ་གླིང་གི་ངོ་སྤྲོད་མདོར་བསྡུས།

ཧྲའན་ཞི་ཚན་རྩལ་སློབ་ཆེན་ཀའོ་ཅིང་སློབ་གླིང་ནི་སྤྱི་ལོ2004ལོར་བཙུགས་པ་དང་ཧྲའན་ཞི་ཞིང་ཆེན་གྱིས་ཁག་དང་པོར་བཙུགས་པའི་སྒེར་ཚུགས་སློབ་གླིང་བརྒྱད་ཀྱི་གྲས་ཤིག་ཡིན། སློབ་གྲྭར་ད་ལྟ་ཆེད་བསྐོས་དགེ་རྒན415ཡོད་པའི་ནང་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེན་མོ135ཡོད་པ་དང་ཞིབ་འཇུག་སློབ་མ་ཡན་གྱི་བསླབ་གནས་ཡོད་པའི་དགེ་རྒན252ཡོད། སློབ་གྲྭར་རྩིས་གཉེར་སློབ་གླིང་དང་། དཔལ་འབྱོར་ཉོ་ཚོང་སློབ་གླིང་། གློག་འཕྲིན་བཟོ་སྐྲུན་སློབ་གླིང་། གྱོན་ཆས་དང་སྒྱུ་རྩལ་ཇུས་འགོད་སློབ་གླིང་། གསོ་རིག་བཟོ་སྐྲུན་སློབ་གླིང་། མི་ཚུལ་སྒྱུ་རྩལ་སློབ་གླིང་། (སྤྱི་པའི་སྒྱུ་རྩལ་སློབ་གསོའི་ལྟེ་གནས། )གཞོན་ནུ་ལས་བྱེད་པའི་དོ་དམ་སློབ་གླིང་། ཀའོ་ཅིན་དཔེ་ཁང་། བསམ་བློ་ཆབ་སྲིད་པུའུ། རྨང་གཞིའི་པུའུ། ཕྱི་སྐད་པུའུ། ལུས་རྩལ་པུའུ་སོགས་རིམ་པ་གཉིས་པའི་སློབ་ཁྲིད་སློབ་གླིང་དང་ལས་ཁུངས12བཙུགས་ཡོད།

2 སློབ་གླིང་གི་ཁོར་ཡུག

སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་སློབ་གཉེར་མཛུབ་སྟོན་བསམ་བློ་དང་སློབ་གཉེར་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། “སྟབས་བདེ་ནུས་མཐོ་དང་། ཕུལ་བྱུང་བརྩོན་ལེན”ཞེས་པ་དེ་སློབ་གྲྭ་སྟོབས་ཆེར་གཏོང་བའི་ཐབས་ཇུས་དང་། སློབ་གྲྭ་འཛུགས་པའི་རྩ་དོན་ལ་གཏན་འཁེལ་བྱས་ཡོད། སློབ་གྲྭ་ནི་ས་འོག་ལྕགས་ལམ་གྱི་སྤྱི་སྤྱོད་རླངས་འཁོར་ཐད་ཀར་སླེབས་ཐུབ་པ་དང་མེ་འཁོར་ས་ཚིགས་ཀྱི་ཉེ་འགྲམ་དུ་ཡོད་པས་འགྲིམ་འགྲུལ་སྟབས་བདེ་བ་མ་ཟད། སློབ་གླིང་གི་ལྷོ་ངོས་ཆིན་ལིན་དང་། བྱང་ངོས་ཝེ་ཧྲུའེ། ཤར་ངོས་སུ་ཕེན་ཧྥང་གཙང་བོ་བཅས་ཡོད་པས་སློབ་གྲྭའི་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག སློབ་གྲྭའི་རྒྱ་ཁྱོན་མུའུ548ཡོད་དེ། སློབ་གྲྭར་སློབ་ཁྲིད་ཐོག་ཁང་དང་། ཚན་རྩལ་ཐོག་ཁང་། ཚོད་ལྟ་ཁང་། དཔེ་མཛོད་ཁང་། སློབ་མའི་ཉལ་ཁང་། སློབ་མའི་ཟ་ཁང་། ཚད་ལྡན་མཆོང་རྒྱུག་འཕེན་གསུམ་ར་བ་སོགས་བཀོད་སྒྲིག་བྱས་ཡོད། གཞན་ཡང་སློབ་གྲྭའི་ནང་དངོས་སྦྱོང་བཟོ་གྲྭ2དང་། སློབ་ཕྱིའི་དངོས་སྦྱོང་རྟེན་གཞི17 ཕྱོགས་བསྡུས་རང་བཞིན་གྱི་ཚོད་ལྟ་ཁང57བཅས་ཡོད།

3 ཆེད་ལས་ཀྱི་སྒྲིག་བཀོད།

སློབ་གླིང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་ཕྱོགས་དང་དཔལ་འབྱོར་འཛུགས་སྐྲུན་བཅས་ཀྱི་དགོས་མཁོ་གཞིར་བཟུང་ནས་རིག་ཚན་འཛུགས་སྐྱོང་དང་ཆེད་ལས་བཀོད་སྒྲིག་བྱས་ཡོད་དེ། ད་ལྟ་སློབ་གླིང་དུ་རྩིས་གཉེར་སློབ་གླིང་དང་། དཔལ་འབྱོར་ཚོང་དོན་སློབ་གླིང་། གློག་འཕྲིན་ལས་གྲྭའི་སློབ་གླིང་། གྱོན་ཆས་དང་སྒྱུ་རྩལ་ཇུས་འགོད་སློབ་གླིང་། གསོ་རིག་བཟོ་སྐྲུན་སློབ་གླིང་། མི་ཚུལ་དང་སྒྱུ་རྩལ་སློབ་གླིང(སྤྱི་པའི་སྒྱུ་རྩལ་སློབ་གསོའི་ལྟེ་གནས)གཞོན་ནུ་ལས་བྱེད་པའི་དོ་དམ་སློབ་གླིང་། ཀའོ་ཅིང་སློབ་གླིང་། བསམ་བློ་ཆབ་སྲིད་པུའུ། རྨང་གཞིའི་པུའུ། ཕྱི་སྐད་པུའུ། ལུས་རྩལ་པུའུ་སོགས་རིམ་པ་གཉིས་པའི་སློབ་ཁྲིད་ཚན་པ12ཡོད་ལ། ད་ལྟ་ཆེད་ལས་ལ་རྩིས་གཉེར་རིག་པ་དང་། ནོར་དོན་དོ་དམ། དངུལ་རྩའི་ལས་གྲྭ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། ཆ་འཕྲིན་དོ་དམ་དང་ཆ་འཕྲིན་མ་ལགབཟོ་ཚོང་དོ་དམ། ཚོང་རའི་གཉེར་ཚོང་། མི་ཤུགས་ཐོན་ཁུངས་དོ་དམ། སྲིད་འཛིན་དོ་དམ། དངོས་ཟོག་འགྲེམས་སྐྱེལ་ལས་གྲྭ། གློག་ཟོག་འགྲེམས་སྐྱེལ་དོ་དམ། གློག་རྡུལ་ཆ་འཕྲིན་ལས་གྲྭ། གློག་རྡུལ་ཆ་འཕྲིན་ཚན་རིག་དང་ལག་རྩལ། རྩིས་འཁོར་ཚན་རིག་དང་ལག་རྩལ། དྲ་རྒྱའི་ལས་གྲྭ། གྱོན་ཆས་ཇུས་འགོད་དང་ལས་གྲྭ། དབྱིན་ཡིག འཕྲུལ་ཆས་ཇུས་འགོད་བཟོ་སྐྲུན་དང་དེའི་རང་འགུལ་ཅན་དང་། བཟོ་ལས་ལས་གྲྭ། རྒྱང་གཏོང་སྒྱུ་རྩལ། མཐོང་འཛིན་སྒྱུ་རྩལ། ཁོར་ཡུག་ཇུས་འགོད། ཐོན་རྫས་ཇུས་འགོད། གྱོན་ཆས་དང་རྒྱན་གོས་ཇུས་འགོད་སོགས་ཆེད་ལས27གཉེར་བཞིན་ཡོད།

4 གཟི་བརྗིད་མཚན་སྙན།

ཅིང་ལིན་རྒྱལ་སྤྱི་གསར་པས་ཁྱབ་བསྒྲགས་བྱས་པའི“སྤྱི་ལོ2019ལོའི་ཀྲུང་གོའི་དམངས་བཙུགས་སློབ་ཆེན་གྱི་རྒྱལ་སྤྱི་ཅན་གྱི་ནུས་པ་འགྲན་རྩོད་ཆེན་པོ300”ཡི་ནང་། སློབ་གླིང་ཨང195པར་བདམས་ཡོད།

དཔྱད་གཞིའི་ཡིག་ཆ།