ནུབ་བྱང་སློབ་གྲྭ་ཆེན་མོའི་དེང་རབས་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-11-23 10:30ལ་འགྲུབ།

ནུབ་བྱང་སློབ་གྲྭ་ཆེན་མོའི་དེང་རབས་སློབ་གླིང་།

ནུབ་བྱང་སློབ་གྲྭ་ཆེན་མོའི་དེང་རབས་སློབ་གླིང་།
ནུབ་བྱང་སློབ་གྲྭ་ཆེན་མོའི་དེང་རབས་སློབ་གླིང་ནི་སྤྱི་ལོ2003ལོར་བཙུགས་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་བཀོད་དེ་བཙུགས་པའི་དངོས་གཞིའི་སློབ་མ་བསྡུ་ལེན་བྱེད་པའི་སྒེར་ཚུགས་ཀྱི་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西北大学现代学院
དབྱིན་ཡིག་གི་མིང་།
Modern College of Northwest University
བཙུགས་ལོ།
སྤྱི་ལོ2003ལོ།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས་རིགས།
སློབ་སྒྲུབ་ངོ་བོ།
སྒེར་ཚུགས་སློབ་གླིང་།
གཙོ་གཉེར་ཚན་པ།
ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་།
སློབ་གྲྭའི་ཚབ་ཨང་།
8042
གཞུང་ཕྱོགས་དྲ་གནས།
http://www.xdxd.cn
སྦྲག་སྲིད།
710130
1 ངོ་སྤྲོད་མདོར་བསྡུས། 

ནུབ་བྱང་སློབ་གྲྭ་ཆེན་མོའི་དེང་རབས་སློབ་གླིང་ནི་སྤྱི་ལོ2003ལོར་བཙུགས་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་བཀོད་དེ་བཙུགས་པའི་དངོས་གཞིའི་སློབ་མ་བསྡུ་ལེན་བྱེད་པའི་སྒེར་ཚུགས་ཀྱི་སློབ་གླིང་ཞིག་ཡིན།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2003ལོར་ནུབ་བྱང་སློབ་གྲྭ་ཆེན་མོའི་དེང་རབས་སློབ་གླིང་བཙུགས།

སྤྱི་ལོ2004ལོར་ནུབ་བྱང་སློབ་ཆེན་གྱི་ཐའོ་ཡོན་སློབ་ཁུལ་དུ་སློབ་གཉེར་བྱས།

སྤྱི་ལོ2007ལོར་ལྷོ་རྒྱུད་ཀྱི་སློབ་ཁུལ་གསར་བར་གནས་སྤོར་བྱས།

སྤྱི་ལོ2013ལོར་སློབ་གླིང་གིས་གློག་འོད་སྤོ་ལོ་ཐང་དུ་སློབ་གྲྭ་བཙུགས་ནས་ལོ་འཁོར10ལོན་པའི་རྟེན་འབྲེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་དང་འཚོགས།

སྤྱི་ལོ2014ལོར་ཧྲའན་ཞི་ཞིང་ཆེན་གྱི་རིག་གནས་ལོ་རྒྱུས་རིགས་ཀྱི་སློབ་མ་བསྡུ་ཚད་རིམ་པ་གཉིས་པའི་དངོས་གཞིའི་སློབ་གྲྭ་ལས་བརྒལ།

སྤྱི་ལོ2015ལོར་རིམ་པ་གཉིས་པའི་སློབ་གླིང9དངོས་སུ་བཙུགས།

སྤྱི་ལོ2018ལོར་སློབ་གླིང་བཙུགས་ནས་ལོ་འཁོར15འགོར་ཡོད།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2018ལོའི་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན་སློབ་གླིང་གིས་མཐོང་ཚོར་བརྒྱུད་བསྒྲགས་ཇུས་འགོད་དང་། ཁོར་ཡུག་ཇུས་འགོད། པར་ལེན། རྒྱང་བསྒྲགས་དང་གཙོ་སྐྱོང་སྒྱུ་རྩལ། རླུང་འཕྲིན་བརྙན་འཕྲིན་རྩོམ་སྒྲིག་འཁྲབ་ཁྲིད་པ། ཟློས་གར་གློག་བརྙན་བརྙན་འཕྲིན་འཁྲབ་ཁྲིད་པ། འཁྲབ་སྟོན། རྒྱ་སྐད་རྩོམ་རིག་དང་ནོར་དོན་དོ་དམ། དངུལ་རྩའི་འདུ་འགོད། དྲ་རྒྱ་དང་སྨྱན་སྦྱོར་གསར་པ། རོལ་དབྱངས་རིག་པ། གྲངས་འཛིན་སྨྱན་སྦྱོར་སྒྱུ་རྩལ། ཞབས་བྲོ་རིག་པ་བཅས་དངོས་གཞིའི་སྡེ་ཁག་གི་ཆེད་ལས14བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

ནུབ་བྱང་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་བཅུ་ཕྲག་ཁ་ཤས་ཀྱིས་སློབ་གླིང་གི་ཆེད་ལས་རིག་ཚན་ཁག་གི་སྣེ་ཁྲིད་ཡོད་ལ། སློབ་ཁྲིད་དགེ་རྒན་ནི་ནུབ་བྱང་སློབ་ཆེན་གྱི་དགེ་རྒན་གཙོ་བོ་ཡིན་པ་དང་། གཙོ་གནད་སློབ་ཆེན་ནས་ཡོང་བའི་དགེ་རྒན་གྱིས80%ཡན་ཟིན་ཡོད།

3_3 སྒྲིག་གཞིའི་སྒྲིག་བཀོད།

སློབ་གླིང་དུ་སྤུས་རྟགས་གཞུང་དོན་ཁང་དང་། རིག་གནས་བཟོ་ལས་གཞུང་དོན་ཁང་། སྨན་ཁང་ལས་དོན་གཞུང་དོན་ཁང་། ལས་ཞུགས་གཞུང་དོན་ཁང་། སློབ་དོན་ཁྲུའུ། ཚན་ཞིབ་ཁྲུའུ། མི་དོན་ཁྲུའུ། སྤྱི་གཉེར་ཁྲུའུ། སྲུང་སྐྱོང་ཁྲུའུ། རྒྱུ་ནོར་ཁྲུའུ། ནོར་དོན་ཁྲུའུ། སྤྱི་ཤག་ལྟེ་གནས་སོགས་ཁྲུའུ་རིམ་པའི་སྡེ་ཚན་བཙུགས་ཡོད་པ་མ་ཟད། སྡེ་ཁག་དེ་དག་གི་མངའ་འོག་ཏུ་ཁོའོ་རིམ་པའི་སྡེ་ཁག་དུ་མ་གཏོགས་ཡོད། སློབ་གླིང་གི་སློབ་ཁྲིད་ཚན་པ་ནི་ཕྱི་སྐད་སྡེ་ཁག་དང་། དཔལ་འབྱོར་དོ་དམ་སྡེ་ཁག རང་བྱུང་རིག་པ་དང་བཟོ་སྐྲུན་སྡེ་ཁག སྒྱུ་རྩལ་སྡེ་ཁག ལུས་རྩལ་པུའུ་སོགས་ཡོད།

3_4 རྩ་འཛུགས་དང་དོ་དམ་གྱི་སྐོར།

སློབ་གླིང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལྟར་ཚད་ལྡན་གྱི་ཁྲིམས་མིའི་བཅོས་སྐྱོང་སྒྲིག་གཞི་བཙུགས་ནས། ནུབ་བྱང་སློབ་ཆེན་ནི་སློབ་གླིང་གི་མ་གཟུགས་སློབ་ཆེན་ཡིན་པའི་ཆ་ནས། ལས་འཛིན་པ་མངགས་ནས་སློབ་གླིང་གི་ཇུས་ཐག་གཅོད་པར་ཞུགས་པ་དང་། ཏང་ཨུའི་ཧྲུའུ་ཅིས་སློབ་གླིང་གི་ཏང་དོན་ལས་དོན་དང་། ཆབ་སྲིད་བརྟན་ལྷིང་། བསམ་བློའི་སློབ་གསོ་བཅས་ཀྱི་འགན་འཁུར་ཡོད། སློབ་ཁྲིད་ཀྱི་གླིང་གཙོ་གཞོན་པ་མངགས་ནས་སློབ་གླིང་གི་སློབ་ཁྲིད་དང་། སློབ་མ་བསྡུ་བ། ལས་ཀར་ཞུགས་པ་བཅས་ཀྱི་འགན་འཁུར་དུ་བཅུག་ཡོད། སློབ་གླིང་གི་ཏུང་ཧྲི་ལྷན་ཚོགས་ཀྱིས་གླིང་གཙོ་གདན་ཞུ་བྱས་ནས་སློབ་གླིང་གི་ལས་དོན་ཧྲིལ་པོར་འགན་འཁུར་བ་དང་གླིང་གཙོ་གཞོན་པས་སྤྱི་གཉེར་ནོར་དོན་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་འགན་གཉེར་བྱེད་བཞིན་ཡོད།

4 སློབ་གྲྭའི་འགོ་ཁྲིད།
གོ་གནས།  རུས་མིང་།
ཏུང་ཧྲི་ཀྲང་དང་མཚན་འཛིན་གླིང་གཙོ།  
ལིའུ་ཅ་ཆོན།
གླིང་གཙོ།
ལུའུ་ཧྲན་པིང་།
ཏང་ཨུའི་ཧྲུའུ་ཅི།
ཕུ་ཞའོ་ཅུན།
སློབ་ཁྲིད་གླིང་གཙོ་གཞོན་པ།
ཝུའུ་ཧང་།


དཔྱད་གཞིའི་ཡིག་ཆ།