ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-11-23 11:51ལ་འགྲུབ།

ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་སློབ་གླིང་།

ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་སློབ་གླིང་།
ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་སློབ་གླིང་ནི་སྤྱི་ལོ2004ལོའི་ཟླ5བའི་ནང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་རིམ་པའི་སྒེར་ཚུགས་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西安交通大学城市学院
དབྱིན་ཡིག་གི་མིང་།
Xi'an Jiaotong University City College
བཙུགས་ལོ།
སྤྱི་ལོ2004ལོ།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས་རིགས།
སློབ་སྒྲུབ་ངོ་བོ།
དམངས་གཉེར་མཐོ་སློབ།
གཙོ་གཉེར་ཚན་པ།
ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་།
སློབ་གྲྭའི་ཚབ་ཨང་།
13677
གཞུང་ཕྱོགས་དྲ་གནས།
http://www.xjtucc.cn
1 ​ངོ་སྤྲོད་མདོར་བསྡུས།

ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་སློབ་གླིང་ནི་སྤྱི་ལོ2004ལོའི་ཟླ5བའི་ནང་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་རིམ་པའི་སྒེར་ཚུགས་སློབ་གླིང་ཞིག་ཡིན།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2004ལོའི་ཟླ5བར་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས་སློབ་གླིང་བཙུགས།

སྤྱི་ལོ2007ལོའི་ཟླ9བར་ཞི་ཨན་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པའི་སློབ་ཁུལ་གསར་པ་བསྐྲུན་ཟིན་པ་དང་འབྲེལ་བེད་སྤྱོད་གཏོང་འགོ་ཚུགས།

སྤྱི་ལོ2009ལོའི་ཟླ5བའི་ཚེས6ཉིན་ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་སློབ་གླིང་གི“གློག་ཤུགས་ཆ་འཕྲིན་རིགས”དང“དཔལ་འབྱོར་རིག་པའི་རིགས”(དཔལ་འབྱོར་དོ་དམ་རིགས)ཀྱི་སློབ་ཁྲིད་སྒྱུར་བཅོས་ཚོད་ལྟའི་འཛིན་གྲྭར་ཆོག་མཆན་ཐོབ།

སྤྱི་ལོ2009ལོའི་ཟླ5བའི་ཚེས10ཉིན་ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་སློབ་གླིང་དུ་སློབ་གྲྭ་བཙུགས་ནས་ལོ་འཁོར50ལོན་པའི་མཛད་སྒོ་འཚོགས།

སྤྱི་ལོ2011ལོའི་ཟླ7པར་ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་སློབ་གླིང་ལ་ཞི་ཨན་གྲོང་ཁྱེར་གྱི་སྤྱི་ལོ2011ལོའི་ལོ་འཁོར་གྱི“སྐྱེད་ཚལ་རྣམ་པའི་ཚན་པ”ཡི་མཚན་སྙན་ཐོབ།

སྤྱི་ལོ2013ལོའི་ཟླ6པར་ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་སློབ་གླིང་ལ་ཞི་ཨན་གྲོང་ཁྱེར་གྱི་སྤྱི་ལོ2012ལོའི་ལོ་འཁོར་གྱི“དཔལ་ཡོན་སློབ་གྲྭ”ཡི་མཚན་སྙན་ཐོབ།

སྤྱི་ལོ2014ལོའི་ཟླ5བའི་ཚེས10ཉིན་ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་སློབ་གླིང་བཙུགས་ནས་ལོ་འཁོར10སོང་།

སྤྱི་ལོ2015ལོའི་ཟླ6པར། ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་སློབ་གླིང་ལ“ཧྲའན་ཞི་ཞིང་ཆེན་གྱི་དཔལ་ཡོན་སློབ་གྲྭ”ཡི་མཚན་སྙན་ཐོབ།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2015ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གླིང་གི་གཤམ་འོག་ཏུ་གློག་ཤུགས་དང་ཆ་འཕྲིན་འདུ་འགོད་དང་། རྩིས་འཁོར་ཚན་རིག་དང་ཆ་འཕྲིན་དོ་དམ། འཕྲུལ་ཆས་འདུ་འགོད། ཉེར་སྤྱོད་དཔལ་འབྱོར། དོ་དམ། ཕྱི་རྒྱལ་གྱི་སྐད་ཡིག སྒྱུ་རྩལ་ཇུས་འགོད། ནད་སྐྱོང་། མི་ཚུལ་དང་སྤྱི་ཚོགས་ཚན་རིག་བཅས་སྡེ་ཁག9ཡོད་པ་དང་། དངོས་གཞིའི་ཆེད་ལས381གཉེར་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2015ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གླིང་དུ་ཆེད་བསྐོས་དགེ་རྒན577ཡོད་པའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ་སོགས་མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན་གྱིས47.1%བཟུང་ཡོད། རབ་འབྱམས་པ་ཡན་གྱི་བསླབ་གནས་ཡོད་པའི་དགེ་རྒན་གྱིས་བརྒྱ་ཆའི62.6བཟུང་ཡོད། གཞན་ཞིང་ཆེན་རིམ་པའི་དགེ་རྒན་གྲགས་ཅན5དང་རྒྱལ་ཁབ་ཀྱི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་པའི་ཆེད་མཁས་པ7 སློབ་གསོ་པུའུ་ཡི་སློབ་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན3 ཕྱི་རྒྱལ་ནས་ཡིན་པའི་དགེ་རྒན5 ཉིས་འཇོན་རྣམ་པའི་དགེ་རྒན45བཅས་ཡོད།

3_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2015ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གླིང་ལ་རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན2དང་ཧྲའན་ཞི་ཞིང་ཆེན་གྱི་སྤུས་ལེགས་སློབ་ཚན3ཡོད་ལ། ཧྲའན་ཞི་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ2ཐོབ་ཡོད། ཧྲའན་ཞི་ཞིང་ཆེན་གྱི་སློབ་གསོ་དང་སློབ་ཁྲིད་བསྒྱུར་བཅོས་ཀྱི་གཙོ་གནད་རྣམ་གྲངས2དང་། ཧྲའན་ཞི་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1བཅས་ཡོད།

4 རིག་གཞུང་ཞིབ་འཇུག
4_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2015ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སྤྱི་ལོ2011ལོ་ནས་སྤྱི་ལོ2015ལོའི་བར་སློབ་གླིང་གི་བསླབ་གཞི་གསུམ་ལ་ཧྲའན་ཞི་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་ཕུལ་བྱུང་སློབ་དེབ་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། སྤྱི་ལོ2014ལོར་ཞིབ་འཇུག་དཔྱད་གཞི1ལ་ཧྲའན་ཞི་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་བཙུགས་པ་དང་ཞིབ་འཇུག་དཔྱད་གཞི3ལ་ཞི་ཨན་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་བཙུགས། སྤྱི་ལོ2013ལོའི་ཞིབ་འཇུག་དཔྱད་གཞི3ལ་ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་གི་ཆེད་དོན་ཚན་རིག་ཞིབ་འཇུག་གི་ལས་གཞི་བཙུགས། ཞིབ་འཇུག་དཔྱད་གཞི4ལ་ཧྲའན་ཞི་ཞིང་ཆེན་སློབ་གསོ་ཚན་རིག་གི“ལོ་ལྔའི་འཆར་འགོད་བཅུ་གཉིས་པ”ཡི་འཆར་འགོད་ཀྱི་ལས་གཞི་བཙུགས། ཞིབ་འཇུག་དཔྱད་གཞི2ལ་ཞི་ཨན་གྲོང་ཁྱེར་དང་སྤྱི་ཚོགས་ཚན་རིག་འཆར་འགོད་ཐེབས་རྩའི་ཞིབ་འཇུག་དཔྱད་གཞིའི་ལས་གཞི་བཙུགས། གཞན་གསར་གཏོད4ལ་རྒྱལ་ཁབ་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོབ་ཡོད།

4_2 ཚན་རིག་ཞིབ་འཇུག་ལས་ཁུངས།

སྤྱི་ལོ2015ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གླིང་དུ་ཚན་ཞིབ་སྒྲིག་གཞི་གཅིག་ཡོད།

4_3 རིག་གཞུང་ཐོན་ཁུངས།

སྤྱི་ལོ2015ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གྲྭའི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི75དང་གྲངས་འཛིན་དཔེ་དེབ་ཁྲི100 དུས་དེབ་རིགས1000ལྷག་དང་། ཡིག་ཆ་ཧྲིལ་པོའི་གྲངས་འཛིན་དུས་དེབ་རིགས8300ལྷག་ཉར་ཚགས་བྱས་ཡོད། གཞན་དབན་ཧྥང་དང་། ཝུའེ་ཕུའུ། ཁྲའོ་ཞིན་། ཏུའུ་ཞིའུ་སོགས་ཚད་ལྡན་ཡིག་ཆའི་གློག་རྡུལ་གཞི་གྲངས་མཛོད7ཡོད་པ་མ་ཟད། ད་དུང་བསླབ་གནས་དཔྱད་རྩོམ་དང་ཚོགས་འདུའི་ཚད་ལྡན་ཡིག་ཆ་སོགས་འབོར་ཆེན་ཉར་ཚགས་བྱས་ཡོད།

དཔྱད་གཞིའི་ཡིག་ཆ།