སྤྱི་ལོ1994ལོར་ཧའོ་ཅིན་ཚོགས་པས་མ་དངུལ་བཏང་ནས་ཧྲའན་ཞི་གྱོན་ཆས་ཟབ་སྦྱོང་སློབ་གླིང་བཙུགས།
སྤྱི་ལོ1998ལོའི་ཟླ9བར། ཧྲའན་ཞི་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གྲྭ་མཐོ་རིམ་སློབ་རྒྱུས་ལག་ཁྱེར་གྱི་རྒྱུགས་སྤྲོད་ཆེད་ལས་ཚོད་ལྟའི་སློབ་གླིང་དུ་གྱུར།
སྤྱི་ལོ2002ལོའི་ཟླ6པར། ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧྲའན་ཞིའི་གྱོན་ཆས་ཟབ་སྦྱོང་སློབ་གླིང་གི་རྨང་གཞིའི་ཐོག་ཧྲའན་ཞི་གྱོན་ཆས་སྒྱུ་རྩལ་ལས་རིགས་སློབ་གླིང་བཙུགས།
སྤྱི་ལོ2010ལོར་ཧྲའན་ཞི་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་དང་། ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་། ཧྲའན་ཞི་ཞིང་ཆེན་སྤྱི་བདེ་ཐིང་བཅས་ཀྱིས་སློབ་གླིང་ལ་ཧྲའན་ཞི་ཞིང་ཆེན་གྱི“དུས་བདེའི་སློབ་གྲྭའི”གཟི་བརྗིད་མཚན་སྙན་སྤྲད།
སྤྱི་ལོ2011ལོའི་ཟླ4བའི་ཚེས7ཉིན། རྒྱལ་ཁབ་སློབ་གསོ་པུའུ་ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧྲའན་ཞི་གྱོན་ཆས་སྒྱུ་རྩལ་ལས་རིགས་སློབ་གླིང་གི་རྨང་གཞིའི་ཐོག་ཧྲའན་ཞི་གྱོན་ཆས་བཟོ་སྐྲུན་སློབ་གླིང་འཛུགས་བྱེད་པར་མོས་མཐུན་བྱུང་།
སྤྱི་ལོ2012ལོའི་ཟླ5བའི་ཚེས6ཉིན། ཧྲའན་ཞི་གྱོན་ཆས་སྒྱུ་རྩལ་ལས་རིགས་སློབ་གླིང་གི་སྒོ་བྱང་ཕྱེ་བའི་མཛད་སྒོ་འཚོགས་ཤིང་། ཧྲའན་ཞི་གྱོན་ཆས་སྒྱུ་རྩལ་ལས་རིགས་སློབ་གླིང་གི་མིང་ལ་ཧྲའན་ཞི་གྱོན་ཆས་བཟོ་སྐྲུན་སློབ་གླིང་དུ་བསྒྱུར།
སྤྱི་ལོ2014ལོར་ཧྲའན་ཞི་གྱོན་ཆས་བཟོ་སྐྲུན་སློབ་གླིང་གིས་སློབ་གྲྭ་བཙུགས་ནས་ལོ་འཁོར20ལོན་པའི་དུས་ཆེད་བསུས།
སྤྱི་ལོ2017ལོར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གླིང་དུ་གྱོན་ཆས་སྒྱུ་རྩལ་སློབ་གླིང་དང་། སྒྱུ་རྩལ་བཟོ་སྐྲུན་སློབ་གླིང་། སྨྱན་སྦྱོར་སློབ་གླིང་། དོ་དམ་སློབ་གླིང་། དངུལ་རྩའི་སློབ་གླིང་། ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་། གསོ་རིག་བཟོ་སྐྲུན་སློབ་གླིང་། སློབ་གསོ་སློབ་གླིང་། ལྕགས་ལམ་འགྲིམ་འགྲུལ་སློབ་གླིང་། མཁའ་འགྲུལ་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། རྨང་གཞིའི་པུའུ། བསམ་བློ་ཆབ་སྲིད་པུའུ་སོགས་སློབ་གླིང13དང་པུའུ2ཡོད། དངོས་གཞིའི་ཆེད་ལས22དང་། མཐོ་རིམ་ལས་རིགས་ཆེད་ལས45བཙུགས་ཡོད།
སྤྱི་ལོ2015ལོའི་ཟླ12པའི་བར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གླིང་དུ་ཆེད་བསྐོས་དགེ་རྒན་390ལྷག་ཡོད་པའི་ནང་མཐོ་རིམ་གཞོན་པ་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་པའི་དགེ་རྒན150དང་། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན160ལྷག་ཡོད།
སྤྱི་ལོ2015ལོའི་ཟླ12པའི་བར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གླིང་དུ་ཧྲའན་ཞི་ཞིང་ཆེན་གྱི་གཙོ་གནད་ཆེད་ལས2དང་ཧྲའན་ཞི་ཞིང་ཆེན་གྱི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན1 ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་དངོས་སྦྱོང་རྟེན་གཞི1 ཧྲའན་ཞི་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་དངོས་སྦྱོང་རྟེན་གཞི1བཅས་ཡོད།
སྤྱི་ལོ2015ལོའི་ཟླ12པའི་བར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གྲྭའི་དགེ་རྒན་ལ་ཧྲའན་ཞི་ཞིང་ཆེན་གྱི་ཚན་ཞིབ་ལས་གཞི1ཐོབ་པ་དང་སྤྱི་ལོ2014ལོར་ཧྲའན་ཞི་ཞིང་ཆེན་གྱི་ཚན་ཞིབ་ལས་གཞི3ཐོབ། སྤྱི་ལོ2011ལོར་སློབ་གླིང་གི་དགེ་རྒན་ལ་ཧྲའན་ཞི་ཞིང་ཆེན་ལས་རིགས་ལག་རྩལ་སློབ་གསོའི་སློབ་ཚོགས་ཀྱི་དཔྱད་རྩོམ་དཔྱད་འདེམས་ལ་བྱ་དགའ2ཐོབ་ཡོད།
སྤྱི་ལོ2015ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་གྲྭ་རིམ་པའི་ཚན་ཞིབ་སྒྲིག་གཞི7ཡོད།
རིག་གཞུང་ཞིབ་འཇུག་ལྟེ་གནས། |
སློབ་གྲྭ་རིམ་པ། |
རང་རྒྱལ་རིག་གནས་ཞིབ་འཇུག་ཁང་། |
སློབ་གྲྭ་རིམ་པ། |
ལོ་རྒྱུས་ཞིབ་འཇུག་ཁང་། |
སློབ་གྲྭ་རིམ་པ། |
རྒྱ་ཆས་ཞིབ་འཇུག་ཁང་། |
སློབ་གྲྭ་རིམ་པ། |
རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་ཞིབ་འཇུག་ཁང་། |
སློབ་གྲྭ་རིམ་པ། |
རྒྱལ་སྨན་ཞིབ་འཇུག་ཁང་། |
སློབ་གྲྭ་རིམ་པ། |
རྫ་ཆས་ནག་པོའི་ཞིབ་འཇུག་ཁང་། |
སློབ་གྲྭའི་རིམ་པ། |
སྤྱི་ལོ2015ལོའི་ཟླ12པའི་བར་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གླིང་གི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པའི་ཚད་ལྡན་ཡིག་ཆ་ཁྲི87.84ཡོད་པའི་ནང་ཤོག་བུའི་དཔེ་དེབ་ཁྲི53.3དང་ཚགས་པར་དང་དུས་དེབ་རིགས954 གློག་རྡུལ་དཔེ་དེབ་ཁྲི36ལྷག་ཡོད།