ཞི་ཨན་འགྲིམ་འགྲུལ་བཟོ་སྐྲུན་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-11-23 16:27ལ་འགྲུབ།

ཞི་ཨན་འགྲིམ་འགྲུལ་བཟོ་སྐྲུན་སློབ་གླིང་།

ཞི་ཨན་འགྲིམ་འགྲུལ་བཟོ་སྐྲུན་སློབ་གླིང་།
ཞི་ཨན་འགྲིམ་འགྲུལ་བཟོ་སྐྲུན་སློབ་གླིང་ནི་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་ནས་སྤྱི་ལོ1994ལོར་བཙུགས་པ་དང་། ཧྲའན་ཞི་ཞིང་ཆེན་གྱི་ལྕགས་ལམ་འགྲིམ་འགྲུལ་རིགས་ཀྱི་ཆེད་ལས་གཙོར་གཉེར་བའི་དངོས་གཞིའི་མཐོ་རིམ་སློབ་གླིང་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西安交通工程学院
དབྱིན་ཡིག་གི་མིང་།
Xi'an Traffic Enginering Institute
བཙུགས་ལོ།
སྤྱི་ལོ1994ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས།
སློབ་སྒྲུབ་ངོ་བོ།
དམངས་གཉེར་མཐོ་སློབ།
སློབ་གྲྭའི་རྣམ་པ།
མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ།
གཙོ་གཉེར་ཚན་པ།
ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་།
དངོས་གཞིའི་ཆེད་ལས།
15ཡོད།
མཐོ་རིམ་ལས་རིགས་ཆེད་ལས།
22ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ཕྲུལ་ཆས་བཟོ་སྐྲུན་སློབ་གླིང་། གློག་ཤུགས་བཟོ་སྐྲུན་སློབ་གླིང་། ཀྲུང་ཤིང་འཕྲིན་གཏོང་སློབ་གླིང་། ས་ཤིང་བཟོ་སྐྲུན་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་སོགས་ཡོད།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1994ལོར་ཞི་ཨན་ཚན་རྩལ་ཚོང་དོན་གསོ་སྦྱོང་སློབ་གླིང་བཙུགས།

སྤྱི་ལོ1998ལོར་ཞི་ཨན་ཚན་རྩལ་ཚོང་དོན་གསོ་སྦྱོང་སློབ་གླིང་ཤིས་ཨན་ཚན་རྩལ་ཚོང་དོན་ཆེད་སྦྱོང་སློབ་གླིང་དུ་མིང་བསྒྱུར།

སྤྱི་ལོ2003ལོར་ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་ནས་ཤིས་ཨན་ཚན་རྩལ་ཚོང་དོན་ལས་རིགས་སློབ་གླིང་དུ་བཀོད་སྒྲིག་བྱས།

སྤྱི་ལོ2008ལོའི་ཟླ11པར་སློབ་གླིང་གིས་སློབ་གསོ་པུའི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་གྱི་ཆུ་ཚད་ལ་དཔྱད་དཔོག་བྱས།

སྤྱི་ལོ2014ལོར་ཤིས་ཨན་ཚན་རྩལ་ཚོང་དོན་ལས་རིགས་སློབ་གླིང་དེ་དངོས་གཞིའི་ཚན་ཁག་མཐོ་སློབ་ཤིས་ཨན་འགྲིམ་འགྲུལ་བཟོ་སྐྲུན་སློབ་གླིང་དུ་རིམ་སྤོར་བྱས།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2018ལོའི་ཟླ6པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གི་གཤམ་འོག་ཏུ་འགྲིམ་འགྲུལ་སྐྱེལ་འདྲེན་སློབ་གླིང་དང་། འཕྲུལ་ཆས་བཟོ་སྐྲུན་སློབ་གླིང་། གློག་ཤུགས་བཟོ་སྐྲུན་སློབ་གླིང་། ཀྲུང་ཤིང་འཕྲིན་གཏོང་སློབ་གླིང་། ས་ཤིང་བཟོ་སྐྲུན་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་བཅས་རིམ་པ་གཉིས་པའི་ཡན་ལག་སློབ་གླིང6བཙུགས་ཡོད་པ་དང་། དངོས་གཞིའི་ཆེད་ལས15དང་མཐོ་རིམ་ལས་རིགས་ཆེད་ལས22གཉེར་ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་གི་དགེ་རྒན་གྱི་སྟོབས་ཤུགས་ཧ་ཅང་ཆེ་སྟེ། སློབ་གཉེར་བརྒྱུད་རིམ་མཐོ་བ་དང་གོ་མིང་མཐོ་བའི་ཕུལ་བྱུང་དགེ་རྒན་འབོར་ཆེན་ཞིག་ཡོད། སློབ་གླིང་གི་དགེ་རྒན་དཔུང་ཁག་ཁྲོད་འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན་གྱིས་དགེ་རྒན་བསྡོམས་འབོར་གྱི60%ཡིན་བཟུང་ཡོད།

དགེ་རྒན་ཆེན་མོ། ཀྲང་ཅིན་ཧྲེང་། ཙེང་ཞིང་ཝུན། ཞེ་ཅིན་པའོ། ཀུའོ་ཧུང་ཐའོ། ཀྲང་ཏེན་ཧྥུ། སུང་ཅན་ཡེ། ཚའོ་ཆོན་ཞི།

2_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2014ལོར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ལས་མངོན་པར་གཞིགས་ན། སློབ་གླིང་གིས་ཞིང་ཆེན་རིམ་པའི་མཐོ་རིམ་ལས་རིགས་སློབ་གྲྭའི་གཙོ་གནད་ཆེད་ལས4དང་ཞིང་ཆེན་རིམ་པའི་མཐོ་རིམ་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི1བསྐྲུན་ཡོད། ཞིང་ཆེན་རིམ་པའི་མཐོ་རིམ་ལས་རིགས་ཀྱི་དཔེ་སྟོན་རང་བཞིན་གྱི་དངོས་སྦྱོང་རྟེན་གཞི1བཅས་བཙུགས་ཡོད།

ཞིང་ཆེན་རིམ་པའི་མཐོ་རིམ་ལས་རིགས་སློབ་གྲྭའི་གཙོ་གནད་ཆེད་ལས། འཕྲིན་གཏོང་ལག་རྩལ་དང་། གྲོང་ཁྱེར་གྱི་འཁོར་ལམ་འགྲིམ་འགྲུལ་གཉེར་སྐྱོང་དོ་དམ། གློག་རླངས་རང་འགུལ་ཅན་གྱི་ལག་རྩལ། གྲོང་ཁྱེར་གྱི་འཁོར་ལམ་འགྲིམ་འགྲུལ་ཚོད་འཛིན།

ཞིང་ཆེན་རིམ་པའི་མཐོ་རིམ་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་དངོས་སྦྱོང་རྟེན་གཞི།

ཞིང་ཆེན་རིམ་པའི་མཐོ་རིམ་ལས་རིགས་དཔེ་སྟོན་རང་བཞིན་གྱི་དངོས་སྦྱོང་རྟེན་གཞི། ས་འོག་ལྕགས་ལམ་འཁོར་རིགས་ཀྱི་གྲུབ་ཆ་དང་བཀོལ་སྤྱོད་དངོས་སྦྱོང་རྟེན་གཞི།

3 རིག་གཞུང་ཐོན་ཁུངས།

སློབ་གླིང་དུ་སྨི་གྲུ་བཞི་མ་ཁྲི2.97ཟིན་པའི་དཔེ་མཛོད་ཁང་བཙུགས་ཡོད་ལ། དཔེ་མཛོད་ཁང་དུ་ཤོག་བུའི་དཔེ་དེབ་ཁྲི50དང་གློག་རྡུལ་དཔེ་དེབ་རིགས་ཁྲི50ལྷག་ཉར་ཚགས་བྱས་ཡོད།

4 སློབ་གྲྭའི་འགོ་ཁྲིད།

འགོ་ཁྲིད་གཙོ་བོ།

གོ་གནས།
 རུས་མིང་།
ལས་འཛིན་འགོ་གཙོ་དང་སློབ་གླིང་གི་གླིང་གཙོ། 
ཀྲང་ཅིན་ཧྲེང་།
ཏང་ཨུའི་ཧྲུའུ་ཅི།
 ལུའུ་དབྱི།
གླིང་གཙོ་གཞོན་པ།
 ཅིན་པའོ་དང་། ཀུའོ་ཧུང་ཐའོ། ཀྲང་ཏེན་ཧྥུ། ཝང་ཡུང་། པའེ་ཅུས་ལིང་། ལི་ཧའེ་ཧྥེང་། ཞུས་ཝེ།


དཔྱད་གཞིའི་ཡིག་ཆ།