ཞི་ཅིན་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-11-23 09:24ལ་འགྲུབ།

ཞི་ཅིན་སློབ་གླིང་།

ཞི་ཅིན་སློབ་གླིང་།
ཞི་ཅིན་སློབ་གླིང་ནི་ཧྲའན་ཞི་ཞིང་ཆེན་གྱི་ཞི་ཨན་གྲོང་ཁྱེར་དུ་གནས་ཡོད་ལ། ཞིབ་འཇུག་སློབ་མའི་སློབ་གསོའི་ཐོབ་ཐང་ལྡན་པའི་ཆུ་ཚད་མཐོ་བའི་དམངས་གཉེར་མཐོ་རིམ་སློབ་གྲྭ་ཞིག་ཡིན། སྤྱི་ལོ2018ལོའི་ཟླ2པར་ཧྲའན་ཞི་ཞིང་ཆེན་གྱི་དམངས་གཉེར་མཐོ་སློབ་རྩེ་གྲ་འཛུགས་སྐྲུན་ཚན་པར་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西京学院
དབྱིན་ཡིག་གི་མིང་།
Xijing University
བཙུགས་ལོ།
སྤྱི་ལོ1994ལོའི་ཟླ5བའི་ནང་བཙུགས།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས།
སློབ་སྒྲུབ་ངོ་བོ།
དམངས་གཉེར་མཐོ་སློབ།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་གཏོགས་ཀྱི་དམངས་གཉེར་མཐོ་སློབ་རྩེ་གྲ།
གཙོ་གཉེར་ཚན་པ།
ཧྲའན་ཞི་ཞིང་ཆེན་སློབ་གསོ་ཐིང་།
སློབ་གྲྭའི་ཚབ་ཨང་།
12715
དངོས་གཞིའི་ཆེད་ལས།
35ཡོད།
མཐོ་རིམ་ལས་རིགས་ཆེད་ལས།
23ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
ཆེད་ལས་རབ་འབྱམས་པའི་བསླབ་གནས་སྤྲོད་གནས5ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
འཕྲུལ་ཆས་བཟོ་སྐྲུན་སློབ་གླིང་དང་། ས་ཤིང་བཟོ་སྐྲུན་སློབ་གླིང་། ཚོད་འཛིན་བཟོ་སྐྲུན་སློབ་གླིང་། རྩིས་གཉེར་སློབ་གླིང་། ཇུས་འགོད་སྒྱུ་རྩལ་སློབ་གླིང་སོགས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1992ལོའི་ཟླ11པར། ཞིང་ཆེན་སྲིད་གཞུང་དང་སློབ་གསོ་ཨུ་ཡོན་ལྷན་ཁང་ལ་ཞི་ཅིན་སློབ་ཆེན་བཙུགས་པའི་སྙན་ཞུ་ཕུལ།

སྤྱི་ལོ1994ལོའི་ཟླ5བའི་ཚེས20ཉིན། ཧྲའན་ཞི་ཞིང་ཆེན་སྲིད་གཞུང་གིས་དངོས་སུ་ཆོག་མཆན་བཀོད་ནས་དམངས་གཉེར་ཞི་ཅིན་སློབ་ཆེན་འཛུགས་པར་གྲ་སྒྲིག་བྱས།

སྤྱི་ལོ1995ལོར་དམངས་གཉེར་ཞི་ཅིན་སློབ་ཆེན་དུ(གྲ་སྒྲིག)དཔལ་འབྱོར་ཉོ་ཚོང་སྡེ་ཁག་དང་། དཔལ་འབྱོར་དོ་དམ་སྡེ་ཁག་དང་པོ། མི་ཚུལ་སྡེ་ཁག དཔལ་འབྱོར་དོ་དམ་སྡེ་ཁག་བཅས་བཙུགས། སློབ་གྲྭའི་སློབ་མ་ཐོག་མའི་ཀྱི་མི་བཅུ་ཕྲག་ཁ་ཤས་ནས་མི2300བར་འཕར་ཡོད།

སྤྱི་ལོ1998ལོ་ནས་སྤྱི་ལོ1999ལོའི་བར་སློབ་གྲྭའི་འཛུགས་སྐྲུན་ལ་སྨི་གྲུ་བཞི་མ་ཁྲི11ལྷག་ཟིན་པ་དང་། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ320ཡོད་པ་དང་སློབ་བསྡུའི་གཞི་ཁྱོན་མི5300ལྷག་ཟིན་ཡོད།

སྤྱི་ལོ2000ལོའི་ཟླ3པར། ཀྲུང་གུང་ཞི་ཅིན་སློབ་གླིང་གི་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ2000ལོའི་ཟླ5བར། ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད། ཞི་ཅིན་སློབ་ཆེན་དངོས་སུ་བཙུགས་པ་དང་། ཁྲེང་ཨན་ཏུང་གིས་སློབ་གྲྭར་སྒོ་བྱང་བཀལ།

སྤྱི་ལོ2002ལོའི་ཟླ8པ་ནས་སྤྱི་ལོ2003ལོའི་ཟླ9པའི་བར་སློབ་གྲྭའི་དུས་ཐེངས་གཉིས་པ་དང་གསུམ་པའི་ལས་གྲྭའི་གཞི་རྩའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་།

སྤྱི་ལོ2003ལོར་སློབ་གླིང་གིས“བཟོ་རིག་གཙོ་བོར་བྱེད་པ་དང་། རང་བྱུང་རིག་པ་དང་། དཔལ་འབྱོར་རིག་པ། དོ་དམ་རིག་པ། རྩོམ་རིག(སྒྱུ་རྩལ)སོགས་རིག་ཚན་མང་པོ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི”སློབ་གཉེར་གྱི་རིམ་པ་མཐོ་རུ་བཏང་།

སྤྱི་ལོ2005ལོའི་ཟླ3པར་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། ཞི་ཅིན་ལས་རིགས་སློབ་གླིང་ནི་དངོས་གཞིའི་སློབ་གླིང་དུ་རིམ་འཕར་བྱས་པ་དང་། མིང་ལ་ཞི་ཅིན་སློབ་གླིང་ཞེས་བཏགས།

སྤྱི་ལོ2010ལོར་སློབ་གླིང་ལ་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་ཐོབ་ཐང་སྤྲད།

སྤྱི་ལོ2015ལོའི་ཟླ6པར་སློབ་གསོ་པུའུ་ཡིས“རྒྱལ་ཡོངས་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ”ལ་བདམས།

སྤྱི་ལོ2018ལོའི་ཟླ7པར་སློབ་གསོ་པུའུ་ཡིས“རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ”ལ་བདམས།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2015ལོའི་ཟླ11པའི་བར་སློབ་གླིང་དུ་འཕྲུལ་ཆས་བཟོ་སྐྲུན་སློབ་གླིང་དང་། ས་ཤིང་བཟོ་སྐྲུན་སློབ་གླིང་། ཚོད་འཛིན་བཟོ་སྐྲུན་སློབ་གླིང་། རྩིས་གཉེར་སློབ་གླིང་། ཇུས་འགོད་སྒྱུ་རྩལ་སློབ་གླིང་། དོ་དམ་བཟོ་སྐྲུན་སྡེ་ཁག གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སྡེ་ཁག ཕྱི་སྐད་སྡེ་ཁག གསར་འགྱུར་སྨྱན་སྦྱོར་སྡེ་ཁག དཔལ་འབྱོར་ཉོ་ཚོང་སྡེ་ཁག ཉེར་སྤྱོད་རང་བྱུང་རིག་པའི་སྡེ་ཁག འཕྲུལ་གློག་ལག་རྩལ་སྡེ་ཁག ཨར་ལས་ལག་རྩལ་སྡེ་ཁག ཉེར་སྤྱོད་རྩིས་གཉེར་སྡེ་ཁག དོ་དམ་ལག་རྩལ་སྡེ་ཁག ཚོང་དོན་ལག་རྩལ་སྡེ་ཁག ནད་སྐྱོང་ཚན་སྡེ་བཅས17ཡོད་པ་དང་། རབ་འབྱམས་པའི་ཆེད་ལས5དང་དངོས་གཞིའི་ཆེད་ལས33 ཆེད་སྦྱོང་གི་ཆེད་ལས23བཙུགས་ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2017ལོའི་ཟླ2པའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ2000ལྷག་ཡོད། དེའི་ནང་འབུམ་རམས་པ་དང་རབ་འབྱམས་པ700ལྷག་ཡོད་པ་དང་མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན་གྱིས་དགེ་རྒན་བསྡོམས་འབོར་གྱི31%བཟུང་ཡོད། རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེན་མོ20 སློབ་གླིང་གི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་བ་དང་རིག་ཚན་གྱི་སྣེ་ཁྲིད་པ། རིག་ཚན་ཁྱབ་ཁོངས་སུ་སྐད་གྲགས་ཆེད་བའི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེན་མོ་བ50 སློབ་གླིང་གི་སྤྱི་པའི་སློབ་ཚན་དང་། རྨང་གཞིའི་སློབ་ཚན། ཆེད་ལས་སློབ་ཚན་བཅས་ཀྱི་སྣེ་ཁྲིད་པ་མི100གསོ་སྐྱོང་བྱས་ཡོད།

2_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2014ལོའི་ལོ་མཇུག་བར་སློབ་གླིང་དུ་ཞིང་ཆེན་རིམ་པའི་ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས1དང་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས1 ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས4 ཞིང་ཆེན་རིམ་པའི་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་གནས་གཞི1 ཞིང་ཆེན་རིམ་པའི་འཇོན་མི་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ2 ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན6བཅས་ཡོད།

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་ལས་ཁུངས།

སྤྱི་ལོ2014ལོའི་ལོ་མཇུག་བར་སློབ་གླིང་དུ་ཚན་ཞིབ་སྒྲིག་གཞི4ཡོད།

མཐོ་རིམ་སློབ་གསོ་ཞིབ་འཇུག་ཁང་།    

རིག་གནས་ཐོན་ལས་ཞིབ་འཇུག་ཁང་།    

གསར་འགྱུར་དང་རིག་གནས་ཁྱབ་སྤེལ་ཞིབ་འཇུག་ཁང་།

སྒྱུ་རྩལ་ཞིབ་འཇུག་ཁང་།

3_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2018ལོའི་ཟླ4བའི་བར། སློབ་གྲྭར་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ”དང“རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་སྒྱུ་རྩལ་རིག་པའི་ལས་གཞི”ཚུད་པའི་གཞུང་ཕྱོགས་ཚན་ཞིབ་ལས་གཞི་ཁྱོན290ལྷག་ཙམ་ལ་ཆོག་མཆན་ཐོབ་པ་དང་འགྲོ་གྲོན་སྒོར་ཁྲི580ལྷག་བཏང་། སྤྱི་ལོ2014ལོ་དང་སྤྱི་ལོ2016ལོར་སློབ་གྲྭའི་དགེ་རྒན་ཆེན་མོ་ཀྲང་ཧྲན་ཝུན་དང་དགེ་རྒན་ཆེན་མོ་མེའོ་ཙུང་ཁྲེང་ལ་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི་སྔ་རྗེས་སུ་ཐོབ་པ་དང་། རོགས་དངུལ་སྤྲོད་པའི་འགྲོ་གྲོན་སོ་སོར་སྒོར་ཁྲི80དང་སྒོར་ཁྲི61ཟིན་ཡོད། སྤྱི་ལོ2017ལོར་སློབ་གྲྭའི་དགེ་རྒན་ཆེན་མོ་ཝང་ཀྲེན་དང་། ཐེན་ཧྲའོ་ཕེང་། ཧོང་ཡུས་ཨན་བཅས་ལ་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི3ལ་ཆོག་མཆན་ཐོབ་པ་དང་། ཁྱོན་མ་དངུལ་སྒོར་ཁྲི60བཏང་ཡོད། སྤྱི་ལོ2015ལོ་དང་སྤྱི་ལོ2017ལོར་སློབ་གྲྭའི་དགེ་རྒན་ཆེན་མོ་ཀྲེང་ཝུན་ཧུང་དང་དགེ་རྒན་ཆེན་མོ་ཀྲའོ་ཡོན་ཨན་གཉིས་ལ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་སྒྱུ་རྩལ་རིག་པའི་ལས་གཞིའི་ཆོག་མཆན་ཐོབ།

3_3 རིག་གཞུང་ཐོན་ཁུངས།

སྤྱི་ལོ2014ལོའི་ཟླ8པའི་བར། སློབ་གྲྭའི་དཔེ་མཛོད་ཁང་དུ་ཤོག་རིགས་དཔེ་དེབ་ཁྲི140ལྷག་དང་གློག་རྡུལ་དཔེ་དེབ་ཁྱོན་ཁྲི152 དུས་དེབ་རིགས7000ལྷག(གློག་རྡུལ་དུས་དེབ་ཚུད)ཉར་ཚགས་བྱས་ཡོད།

དཔྱད་གཞིའི་ཡིག་ཆ།