ཞི་ཨན་སི་ཡོན་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-11-20 09:44ལ་འགྲུབ།

ཞི་ཨན་སི་ཡོན་སློབ་གླིང་།

ཞི་ཨན་སི་ཡོན་སློབ་གླིང་།
ཞི་ཨན་སི་ཡོན་སློབ་གླིང་ནི་སྤྱི་ལོ1998ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་བཀོད་དེ་བཙུགས་པའི་དམངས་གཉེར་དངོས་གཞིའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西安思源学院
དབྱིན་ཡིག་གི་མིང་།
Xi'an Siyuan University
བཙུགས་ལོ།
སྤྱི་ལོ1998ལོའི་ཟླ7པའའི་ཚེས3ཉིན་བཙུགས།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས།
སློབ་སྒྲུབ་ངོ་བོ།
དམངས་གཉེར་མཐོ་སློབ།
སློབ་གྲྭའི་རྣམ་པ།
ཞིང་ཆེན་ཁོངས་གཏོགས་དངོས་གཞིའི་སློབ་གྲྭ་དཀྱུས་མ།
གཙོ་གཉེར་ཚན་པ།
ཧྲའན་ཞི་ཞིང་ཆེན།
གཞུང་ཕྱོགས་དྲ་གནས།
http://www.xasyu.cn
དངོས་གཞིའི་ཆེད་ལས།
31ཡོད།
མཐོ་རིམ་ལས་རིགས་ཆེད་ལས།
42ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
བཟོ་རིག་སློབ་གླིང་། ཚོང་ལས་སློབ་གླིང་། རིག་གནས་སློབ་གླིང་། གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། རང་བྱུང་རིག་པ་དང་བཟོ་རིག་སློབ་གླིང་། ནད་སྐྱོང་སློབ་གླིང་སོགས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཞི་ཨན་སི་ཡོན་སློབ་གླིང་ནི་དེ་སྔོན་གྱི་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་འཕྲུལ་ཆས་སློབ་གླིང་གི་གསོ་སྦྱོང་ལྟེ་གནས་ཡིན་ལ། སྤྱི་ལོ1994ལོར་བཙུགས།

སྤྱི་ལོ1996ལོའི་ཟླ3པའི་ཚེས8ཉིན་ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་ཞི་ཨན་འགྲིམ་འགྲུལ་སློབ་ཆེན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། བྱང་ཕྱོགས་འགྲིམ་འགྲུལ་སློབ་ཆེན་བཅས་ཀྱི་འགན་འཁུར་པ་དང་བཞུགས་མོལ་གནང་སྐབས“གོམ་གང་མདུན་སྤོས་ཀྱིས་སློབ་གསོའི་གྲུབ་ཚུལ་ལེགས་སྒྱུར་དང་སློབ་གྲྭ་སྒྲིག་ལམ་ལེགས་སྒྲིག རིག་གཞུང་ཚན་ཁག་དང་ཆེད་ལས་སྒྲིག་བཀོད་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན།

སྤྱི་ལོ1998ལོའི་ཟླ7པར་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་ཐོབ་པ་བརྒྱུད། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་འཕྲུལ་ཆས་སློབ་གླིང་གི་གསོ་སྦྱོང་ལྟེ་གནས་འགྲིམ་འགྲུལ་སློབ་ཆེན་ནས་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ཐོན་ལས་ཚོགས་པ་དང་མཉམ་དུ“ཞི་ཨན་སི་ཡོན་ཚན་རྩལ་གསོ་སྦྱོང་སློབ་གླིང”བཙུགས།

སྤྱི་ལོ2002ལོའི་ཟླ6པར་ཧྲའན་ཞི་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས། ཞི་ཨན་སི་ཡོན་ཚན་རྩལ་གསོ་སྦྱོང་སློབ་གླིང་གི་རྨང་གཞིའི་ཐོག“ཞི་ཨན་སི་ཡོན་ལས་རིགས་སློབ་གླིང”བཙུགས་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་སློབ་བསྡུའི་འཆར་གཞིའི་ནང་བཅུག

སྤྱི་ལོ2008ལོའི་ཟླ4བར་སློབ་གསོ་པུའུ་ཡིས་ཞི་ཨན་སི་ཡོན་ལས་རིགས་སློབ་གླིང་དངོས་གཞི་སློབ་གླིང་དུ་རིམ་འཕར་བྱེད་པར་ཆོག་མཆན་བཀོད།

སྤྱི་ལོ2019ལོའི་ཟླ12པའི་ཚེས24ཉིན། སི་ཡོན་སློབ་གླིང་གིས་རིག་གཞུང་སྤེལ་རེས་ལྟེ་གནས་སུ་ལུས་རྩལ་སློབ་གླིང་བཙུགས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས།

2 སློབ་སྒྲུབ་ཆ་རྐྱེན།
2_1 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ5བར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཞི་ཨན་སི་ཡོན་སློབ་གླིང་དུ་རིག་ཚན་སྣེ་ཁྲིད་པ་ཁག་གཅིག་ཡོད་པ་དང་། དགེ་རྒན་གྱི་དཔུང་ཁག་སྟོང་ལ་ཉེ་བའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པས་དགེ་རྒན་གྱི60%ཡན་བཟུང་ཡོད། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་སོགས་གྲགས་ཅན་མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེན་མོ་ལས་གྲུབ་པའི་ཆེད་ལས་ཨུ་ཡོན་ལྷན་ཁང་བཅས་བཙུགས་ཡོད་པ་དང་། ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ5ཡོད།

2_2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2018ལོའི་ཟླ5བར་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་རིམ་པ་གཉིས་པའི་སློབ་གླིང12དང་དངོས་གཞི་དང་ཆེད་སྦྱོང་གི་ཆེད་ལས70ལྷག་བཙུགས་ཡོད།

སློབ་གླིང་དང་སྡེ་ཁག

ཞི་ཨན་སི་ཡོན་སློབ་གླིང་གི་བཟོ་སྐྲུན་སློབ་གླིང་།

ཞི་ཨན་སི་ཡོན་སློབ་གླིང་གི་ཚོང་ལས་སློབ་གླིང་།

ཞི་ཨན་སི་ཡོན་སློབ་གླིང་གི་རྩོམ་རིག་སློབ་གླིང་།

ཞི་ཨན་སི་ཡོན་སློབ་གླིང་གི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།

ཞི་ཨན་སི་ཡོན་སློབ་གླིང་གི་གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་།

ཞི་ཨན་སི་ཡོན་སློབ་གླིང་གི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་།

ཞི་ཨན་སི་ཡོན་སློབ་གླིང་གི་རིག་གནས་ཚོང་ལས་སློབ་གླིང་།

ཞི་ཨན་སི་ཡོན་སློབ་གླིང་གི་ནད་སྐྱོང་སློབ་གླིང་།

ཞི་ཨན་སི་ཡོན་སློབ་གླིང་གི་འགྲིམ་འགྲུལ་རླངས་འཁོར་ལས་དོན་སློབ་གླིང་།

ཞི་ཨན་སི་ཡོན་སློབ་གླིང་གི་དར་མའི་རྒྱུན་མཐུད་སློབ་གསོའི་སློབ་གླིང་།

2_3 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2015ལོའི་བར། ཞི་ཨན་སི་ཡོན་སློབ་གླིང་ནི་དངོས་གཞི་དང་མཐོ་རིམ་ལས་རིགས་སློབ་གསོ་གཙོ་བོར་འཛིན་པ་དང་། དར་མའི་མཐོ་རིམ་སློབ་གསོ་ཕལ་པར་འཛིན་པ། དཔལ་འབྱོར། དོ་དམ། སྤྱི་ཚོགས། རང་བྱུང་ཚན་རིག བཟོ་ལས། གསོ་རིག་ལ་སོགས་པའི་རིག་ཚན་མང་བ་དང་རིམ་པ་མང་བའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཡིན།

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་ལས་ཁུངས།

སྤྱི་ལོ2013ལོའི་ལོ་མཇུག་བར་ཞི་ཨན་སི་ཡོན་སློབ་གླིང་དུ་སློབ་གྲྭ་རིམ་པའི་ཚན་ཞིབ་སྒྲིག་གཞི་གཅིག་བཙུགས་ཡོད།

ཞིབ་འཇུག་ལས་ཁུངས།

ཞི་ཨན་སི་ཡོན་སློབ་གླིང་ཞིབ་འཇུག་གླིང་།

3_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2013ལོའི་བར་སློབ་གླིང་ལ་རྒྱལ་ཁབ་ཀྱིས་ཆོག་མཆན་སྤྲད་པའི་ལས་གཞི39ཡོད་པ་དང་། དེའི་ནང་ལས་གཞི3ལ་རྒྱལ་ཁབ་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོབ་པ་དང་། རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་ཀྱི་གྲངས་ཚད་ནི་ཧྲའན་ཞི་དམངས་གཉེར་མཐོ་སློབ་ཁྲོད་མདུན་གྲལ་དུ་སླེབས་ཡོད།

3_3 རིག་གཞུང་ཐོན་ཁུངས།

སྤྱི་ལོ2013ལོའི་ཟླ12པའི་བར། སློབ་གྲྭའི་དཔེ་མཛོད་ཁང་དུ་དཔེ་དེབ་བསྡོམས་འབོར1654053དང་དུས་དེབ་བསྡོམས་འབོར7000ལྷག་ཉར་ཚགས་བྱས་ཡོད་པ་དང་། དེའི་ནང་ཤོག་བུའི་དཔེ་དེབ1074053ཡོད་པ་དང་། གློག་རྡུལ་དཔེ་དེབ་ཁྲི58 ཤོག་བུའི་དུས་དེབ1176 གློག་རྡུལ་དུས་དེབ5688ཡོད།

3_4 རིག་གཞུང་དུས་དེབ།

《ཞི་ཨན་སི་ཡོན་སློབ་གླིང་གི་རིག་གཞུང་ཚགས་པར》ནི་རྒྱལ་ཡོངས་ཀྱི་དམངས་གཉེར་མཐོ་སློབ་ཁྲོད་ཀྱི་ཕུལ་བྱུང་དུས་དེབ་ཅིག་ཡིན།

དཔྱད་གཞིའི་ཡིག་ཆ།