ཞི་ཨན་རིག་ཚན་སློབ་གླིང་ནི་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
སྤྱི་ལོ2003ལོའི་ཟླ4ཚེས16ཉིན་ཞི་ཨན་མཉམ་འབྲེལ་སློབ་ཆེན་དང་ཞི་ཨན་སློབ་གསོའི་སློབ་གླིང་ཟླ་སྒྲིལ་བཏང་ནས་བཙུགས་པ་དང་། ལོ་དེའི་ཟླ11པའི་ཚེས1ཉིན་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས།
སྤྱི་ལོ006ལོ་དང་སྤྱི་ལོ2009ལོར་ཞི་ཨན་བྱིས་པའི་དགེ་འོས་སློབ་གྲྭ་དང་ཞིན་དགེ་འོས་སློབ་གྲྭ་སྔ་རྗེས་སུ་ཞི་ཨན་རིག་ཚན་སློབ་གླིང་དུ་ཟླ་སྒྲིལ་བཏང་།
སྤྱི་ལོ2011ལོར་སློབ་གསོ་པུའུ་ཡིས་དངོས་གཞིའི་སློབ་ཁྲིད་ལས་དོན་ལ་དཔྱད་དཔོག་བྱས།
སྤྱི་ལོ2013ལོར་ཧྲའན་ཞི་ཞིང་ཆེན་རབ་འབྱམས་པའི་བསླབ་གནས་སྤྲོད་པའི་ཚོད་ལྟའི་ཚན་པར་གྱུར།
སྤྱི་ལོ2014ལོར་ཞིབ་འཇུག་སློབ་མ་གསོ་སྦྱོང་བྱེད་པའི་དཔེ་སྟོན་ས་ཚིགས་ཀྱི་ཚན་པར་གྱུར།
སྤྱི་ལོ2015ལོ་ནས་བཟུང་ཧྲའན་ཞི་དགེ་འོས་སློབ་ཆེན་དང་། པའོ་ཅི་རིག་ཚན་སློབ་གླིང་། ཞི་ཨན་ལུས་རྩལ་སློབ་གླིང་བཅས་དང་མཉམ་དུ་རབ་འབྱམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱས།
སྤྱི་ལོ2020ལོའི་ཟླ8པའི་བར། སློབ་གྲྭར་རྩོམ་རིག་དང་། རང་བྱུང་ཚན་རིག བཟོ་རིག སློབ་གསོ་རིག་པ། དོ་དམ་རིག་པ། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། ལོ་རྒྱུས་རིག་པ། ཞིང་ལས་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན་ཆེ་གྲས་བཅུའི་དངོས་གཞིའི་སྡེ་་ཁག་གི་ཆེད་ལས་48ཡོད་པ་དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ12028ཡོད། རིམ་པ་གཉིས་པའི་སློབ་གླིང13དང་། རྒྱུན་མཐུད་སློབ་གསོའི་སློབ་གླིང1 ཀོན་ཀྲུང་དཔེ་ཁང1བཅས་ཡོད།
སྤྱི་ལོ2020ལོའི་ཟླ8པའི་བར། སློབ་གྲྭར་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ་བ1192དང་ཆེད་བསྐོས་དགེ་རྒན745ཡོད། དེའི་ནང་དགེ་རྒན་ཆེན་མོ101དང་འབུམ་རམས་པ191 རབ་འབྱམས་པའི་བསླབ་གནསཡོད་པའི་དགེ་རྒན598 རིག་ཚན་གྱི་དབུ་བཞུགས་རིགས་གཅིག་མཁས་ཅན12 གདན་ཞུ་བྱས་པའི་ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲེ3 རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་རིགས་སོ་སོའི་རིགས་གཅིག་མཁས་ཅན19 ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན6 ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན1 ཞིང་ཆེན་རིམ་པའི་དཔེ་སྟོན་དགེ་རྒན་དང་སྔོན་ཐོན་མི་སྒེར3བཅས་ཡོད།
སྤྱི་ལོ2020ལོའི་ཟླ8པའི་བར། སློབ་གྲྭར་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས1དང་ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན4 ཞིང་ཆེན་རིམ་པའི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟ་བྱེད་གནས་ཀྱི་ཆེད་ལས3 ཞིང་ཆེན་རིམ་པའི་འཛུགས་སྐྲུན་ཆེད་ལས་རྩེ་གྲ1 ཞིང་ཆེན་རིམ་པའི་གསོ་སྐྱོང་ཆེད་ལས་རྩེ་གྲ6 ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས4 གྲོང་ཁྱེར་རིམ་པའི་རིག་ཚན་རྩེ་གྲ5 གྲོང་ཁྱེར་རིམ་པའི་ཆེད་ལས་རྩེ་གྲ4 གྲོང་ཁྱེར་རིམ་པའི་གཙོ་གནད་རོགས་སྐྱོར་རིག་ཚན9 གྲོང་ཁྱེར་རིམ་པའི་གཙོ་གནད་རོགས་སྐྱོར་ཆེད་ལས9བཅས་ཡོད།
སྤྱི་ལོ2020ལོའི་ཟླ8པའི་བར། སློབ་གྲྭར་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང1དང་ཞིང་ཆེན་རིམ་པའི“ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི”ལས་གཞི3 ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས4 ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ7 ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས5 ཞིང་ཆེན་རིམ་པའི་འཇོན་མི་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ3 ཞིང་ཆེན་རིམ་པའི་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི1 ཞིང་ཆེན་རིམ་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི1 གྲོང་ཁྱེར་རིམ་པའི་ལས་གྲྭའི་ཚོད་ལྟ་ཁང1 ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན4 ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན10 ཞིང་ཆེན་རིམ་པའི་སྐད་གཉིས་སློབ་ཁྲིད་དཔེ་སྟོན་སློབ་ཚན1བཅས་ཡོད།
སྤྱི་ལོ2020ལོའི་ཟླ8པའི་བར་སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང13དང་། རྒྱུན་མཐུད་སློབ་གསོའི་སློབ་གླིང1 ཀོན་ཀྲུང་དེབ་ཁང་1བཅས་ཡོད།
སྤྱི་ལོ2020ལོའི་ཟླ8པའི་བར། སློབ་གླིང་གི་དཔེ་མཛོད་ཁང་དུ་ཤོག་རིགས་ཚད་ལྡན་ཡིག་ཆའི་བསྡོམས་འབོར་དེབ་ཁྲི156ལྷག་ཙམ་དང་དཔེ་དེབ་ཁྲི90ལྷག་ཡོད། ད་བར་དུ་དུས་དེབ700ལྷག་མངག་ཉོ་བྱས་ཡོད། དཔེ་མཛོད་ཁང་དུ་ལྟ་ཀློག་གི་འདུག་སྟེགས1800ལྷག་ཡོད།
སློབ་གྲྭས《ཐང་ཏུའུ་སློབ་དེབ》དང་《ཞི་ཨན་རིག་ཚན་སློབ་གླིང་གི་རིག་གཞུང་དུས་དེབ་ཀྱི་སྤྱི་ཚོགས་ཚན་རིག་གི་པར་གཞི》《ཞི་ཨན་རིག་ཚན་སློབ་གླིང་གི་རིག་གཞུང་དུས་དེབ་ཀྱི་རང་བྱུང་ཚན་རིག་གི་པར་གཞི》བཅས་གཙོ་གཉེར་བྱེད་བཞིན་ཡོད་ལ། ཉེ་བའི་ལོ་གསུམ་རིང་སྲོག་ཤིང་དུས་དེབ་ཐོག་དཔྱད་རྩོམ880ལྷག་སྤེལ་བ་དང་། ཆེད་རྩོམ་དང་སློབ་དེབ་བརྒྱ་ལྷག་དཔེ་སྐྲུན་བྱས། རྒྱལ་ཁབ་དང་ཞིང་ཆེན་གྲོང་ཁྱེར་རིམ་པའི་ཚན་རིག་ཞིབ་འཇུག་དཔྱད་གཞི473གཙོ་སྐྱོང་བྱས་ཤིང་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་ཞིབ་བྱ་དགའ52ཐོབ།