འདེམས་ཤོག་བརྩི་མཁན།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2020-11-12 15:41ལ་འགྲུབ།

འདེམས་ཤོག་བརྩི་མཁན།

འདེམས་ཤོག་བརྩི་མཁན།
འདེམས་བསྐོའི་སྐབས་སུ་འདེམས་ཤོག་གི་མང་ཉུང་སོགས་ལ་གྲངས་ཀ་ལེན་མཁན་གྱི་མི་སྣར་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
计票人
གཏོགས་ཡུལ།
འདེམས་བསྐོ་ལམ་ལུགས།
1 ལས་ཀའི་གོ་རིམ།

གཅིག འདེམས་ཤོག་སྐོར་གྱི་གསལ་བཤད་གནང་བ།

གཉིས། འདེམས་ཤོག་སྒམ་གྱི་ཁ་ཕྱེ་སྟེ་གནས་ཚུལ་སྤྱི་བསྒྲགས་གནང་བ།

གསུམ། འདེམས་ཤོག་བཀྲམ་སྟེ་དེའི་ཁ་གྲངས་སྤྱི་བསྒྲགས་གནང་བ།

བཞི། འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་བརྩི་མཁན་གཉིས་ཀྱིས་སྔོན་ལ་འདེམས་ཤོག་འཕེན་པ་དང་འདེམས་སྒམ་གྱི་་གཡས་གཡོན་དུ་བསྡད་དེ་ལྟ་སྐུལ་གནང་བ།

ལྔ། འདེམས་སྒམ་གྱི་ཁ་ཕྱེ་ཞིང་། ཕྱིར་བསྡུས་པའི་འདེམས་ཤོག་གི་གྲངས་ཀ་བསྒྲགས་པ།

དྲུག ཡུལ་དངོས་ནས་འདེམས་ཤོག་བརྩི་བ།

བདུན། འདེམས་ཤོག་ལྟ་ཞིབ་པས་འདེམས་ཤོག་ཐོབ་ཚད་ཀྱི་མང་ཉུང་ལྟར་འདེམས་ཤོག་གི་ཁ་གྲངས་བསྒྲགས་པ། གལ་སྲིད་ཡང་བསྐྱར་འདེམས་ཤོག་འཕེན་དགོས་པ་བྱུང་ན། གསར་དུ་འདེམས་ཤོག་བཀྲམ་སྟེ་འདེམས་ཤོག་འཕངས་རྗེས་རྩིས་བླངས་ཏེ་མཐའ་འབྲས་བསྒྲགས་དགོས།