ཧྲུའུ་ཅི་དང་པོ།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2020-11-12 15:44ལ་འགྲུབ།

ཧྲུའུ་ཅི་དང་པོ།

ཧྲུའུ་ཅི་དང་པོ།
   ཧྲུའུ་ཅི་དང་པོ་ནི་རིམ་པ་སོ་སོའི་ལས་ཁུངས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་དང་། རྗེས་གྲབས་ལས་བྱེད་པ། གཞུང་ཁོངས་ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱི་ཕུལ་བྱུང་མི་སྣ་དང་དེ་སྔའི་ལོ་ན་མཐོ་བའི་དབང་གིས་འགོ་ཁྲིད་ཀྱི་ལས་གནས་ཐོག་ནས་ལེགས་སྒྲིག་བྱས་པ་དང་ལས་འཁྱུར་ངལ་གསོ་ཞུས་མེད་པའི་ལས་བྱེད་པའི་ཁྲོད་ནས་གྲོང་ཚོའི(སྤྱིར་བཏང་དུ་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་དང་གྲོང་ཚོ་དབུལ་པོ་ཡིན་པ)ཏང་རྩ་འཛུགས་ཀྱི་འགན་འཁུར་བར་འདེམས་མངགས་བྱས་པའི་ཏང་ཡོན་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
第一书记
གཏོགས་ཡུལ།
ཆབ་སྲིད་བརྡ་ཆད།
1 ཧྲུའུ་ཅི་དང་པོའི་ལས་འགན།

ཧྲུའུ་ཅི་དང་པོས་ཞང་དང་གྲོང་རྡལ་གྱི་ཏང་ཨུའི་འགོ་ཁྲིད་དང་མཛུབ་སྟོན་འོག སྡེ་བའི་ཏང་རྩ་འཛུགས་ལ་བརྟེན། སྡེ་བའི་ཨུ་ཡོན་གཉིས་ཀྱི་ཁོངས་མི་སྣེ་ཁྲིད་དེ་བྱ་བ་སྒྲུབ་བཞིན་ཡོད་ཅིང་། དེའི་འགན་གཙོ་བོ་ནི་གཞི་རིམ་ཏང་རྩ་འཛུགས་ཇེ་རྒྱས་དང་། གནད་ཁེལ་དབུལ་སྐྱོར་སྐུལ་སྤེལ། དམངས་ཀྱི་ཆེད་དུ་ཞབས་ཞུ་བསྒྲུབ་པ། བཅོས་སྐྱོང་ཆུ་ཚད་མཐོར་འདེགས་བཅས་ཀྱི་ཕྱོགས་རོགས་རམ་འདེགས་གནང་རྒྱུ་དེ་ཡིན།

2 འགན་འཁུར་ཡུན།

ཧྲུའུ་ཅི་དང་པོའི་འགན་འཁུར་ཡུན་ནི་སྤྱིར་བཏང་ལོ2གྱི་ཡན་ཡིན་ཞིང་། སྡེ་བའི་ཨུ་ཡོན་གཉིས་ཀྱི་ཁོངས་མིའི་གོ་གནས་མིག་འཛིན་ཞིང་། རབས་བརྗེའི་འདེམས་བསྐོར་ཡང་མི་ཞུགས། ལས་གནས་འཁུར་བའི་རིང་། རྩ་བའི་ཆ་ནས་མངགས་གཏོང་ལས་ཁུངས་ཀྱི་ལས་ཀའི་འགན་མི་འཁུར་ལ། སྔོན་གྱི་མི་དོན་གྱི་འབྲེལ་བ་དང་། གླ་ཕོགས། ཕན་བདེའི་གསོལ་རས་བཅས་མི་འགྱུར་བ་མ་ཟད། ཏང་རྩ་འཛུགས་ཀྱི་འབྲེལ་བ་སྡེ་བར་སྤར་རྗེས། རྫོང(གྲོང་ཁྱེར།ཆུས། ཆི། )གི་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་དང་གྲོང་རྡལ། མངགས་གཏོངས་ལས་ཁུངས་བཅས་ཀྱིས་མཉམ་དུ་དོ་དམ་བྱ་དགོས།


དཔྱད་གཞིའི་ཡིག་ཆ།