འདེམས་ཤོག་ལྟ་ཞིབ་པ།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2020-11-10 17:57ལ་འགྲུབ།

འདེམས་ཤོག་ལྟ་ཞིབ་པ།

འདེམས་ཤོག་ལྟ་ཞིབ་པ།
འདེམས་ཤོག་ལྟ་ཞིབ་པ་ནི་འདེམས་བསྐོ་བྱེད་པའི་སྐབས་སུ་འདེམས་བསྐོའི་གོ་རིམ་ལ་ལྟ་སྐུལ་བྱེད་མཁན་གྱི་མི་སྣར་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
监票人
གཏོགས་ཡུལ།
འདེམས་བསྐོ་ལམ་ལུགས།
1 འདེམས་ཤོག་ལྟ་ཞིབ་པ་བཀོད་སྒྲིག་གི་རྩ་དོན།

ཏང་གི་འཐུས་མི་ཚོགས་ཆེན་དང་། ཏང་ཡོན་ཚོགས་ཆེན། ཏང་གི་ཨུ་ཡོན་ལྷན་ཚོགས་དང་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱི་སྐབས་དང་པོའི་འདེམས་བསྐོ་ཚོགས་འདུ་བཅས་ལ་ངེས་པར་དུ་འདེམས་ཤོག་ལྟ་ཞིབ་པ་བཀོད་སྒྲིག་བྱ་དགོས་ཤིང་། འདེམས་བསྐོའི་གོ་རིམ་ཁྲོད་ལྟ་སྐུལ་ལ་ཕན་ཞིང་འདེམས་བསྐོར་ཞུགས་པའི་མི་གྲངས་དང་ཚོགས་པའི་ཁ་གྲངས་ལ་གཞིགས་ཏེ་ལྟ་ཞིབ་པའི་གྲངས་ཀ་གཏན་ཁེལ་བྱ་དགོས།

2 འདེམས་ཤོག་ལྟ་ཞིབ་པའི་འགན་གཙོ་བོ།

གཅིག འདེམས་ཤོག་མ་འཕང་པའི་སྔོན་ལ་འདེམས་སྒམ་ལ་ཞིབ་བཤེར་དང་། འདེམས་ཤོག་དགྲམ་པར་ལྟ་སྐུལ་བྱ་དགོས།

གཉིས། འདེམས་ཤོག་འཕེན་པའི་སྐབས་སུ་འཕེན་ཚུལ་ལ་ལྟ་སྐུལ་བྱ་དགོས།

གསུམ། འདེམས་ཤོག་འཕངས་ཚར་རྗེས་འདེམས་ཤོག་བརྩི་མཁན་ལ་ལྟ་སྐུལ་བྱས་ཏེ། བཀྲམ་ཟིན་པའི་འདེམས་ཤོག་དང་ཕྱིར་བསྡུས་པའི་འདེམས་ཤོག་གི་གྲངས་ཀར་རྩིས་བླངས་ཏེ་གནས་ཚུལ་དངོས་ཚོགས་འདུའི་འགོ་འཛིན་པར་སྙན་ཞུ་འབུལ་དགོས།

བཞི།འགོ་འཛིན་པའི་འདེམས་བསྐོ་ནུས་ལྡན་ཡིན་ཚུལ་བསྒྲགས་རྗེས། འདེམས་ཤོག་བརྩི་མཁན་གྱི་བྱ་བར་ལྟ་སྐུལ་བྱ་དགོས།

ལྔ། འདེམས་ཤོག་བརྩིས་ཚར་རྗེས་ཞིབ་བཤེར་དང་བཅས་མིང་རྟགས་འགོད་དགོས།