རེ་འདུན་ཕྲ་མོ།སྔ་མའི་པར་གཞི་དེ འབུམ་མཚོ།  ནས 2020-11-12 09:12ལ་འགྲུབ།

རེ་འདུན་ཕྲ་མོ།

རེ་འདུན་ཕྲ་མོ།
སྤྱི་ཚོགས་སྟེང་གི་དབུལ་ཕོངས་དང་རྒན་རྒོན། དྭ་ཕྲུག་སོགས་མི་ཉམས་ཐག་ཅན་ལ་དམིགས་ཏེ་སྤེལ་བའི་སྤྱི་ཕན་ཞབས་ཞུའི་རིགས་ཤིག་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
微心愿
དམིགས་ཡུལ།
མང་ཚོགས་ལ་ཞབས་འདེགས་ཞུ་བ།
1 ངོ་སྤྲོད། 

ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་འབྱོར་ཐོ་བཀོད་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་གཞི་རྟེན་ནུས་ལྡན་ཞིག་ཡིན་པའི་ཆ་ནས། གྲོང་མིར་ཕྱོགས་ནས་བསམ་འདུན་བསྡུ་ལེན་བྱས་པ་བརྒྱུད། ལས་ཐོག་ཏང་ཡོན་གྱི་སུའོ་ཀྲང་སོ་སོས་ཕུགས་འདུན་མངོན་འགྱུར་གྱི་བྱེད་ཐབས་སྤྱད་དེ་ཏང་གི་དྲོ་སྐྱིད་མི་སེར་གྱི་སེམས་ནང་སྐྱེལ་ཐུབ་པ་བྱེད་དགོས། བྱེད་སྒོ་ཆུང་གྲས་སྤེལ་བ་བརྒྱུད་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གནད་དོན་ཆུང་གྲས་ཐག་གཅོད་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས། དོན་དག་ཆུང་ངུའི་རིགས་ཡག་པོ་བསྒྲུབས་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ནས“ཕུགས་འདུན་འགྲུབ་པའི”བྱེད་སྒོ་དེ་མང་ཚོགས་ཀྱི་འབོད་སྒྲར་ཉན་པ་དང་། མང་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བ། མང་ཚོགས་ཀྱི་འདོད་བློ་མཚོན་པ། མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཞིག་ཏུ་འགྱུར་བར་བྱེད་དགོས།


དཔྱད་གཞིའི་ཡིག་ཆ།